མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདན་ས་སྨན་རི་གླིང་དུ་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་ཐོག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བོད་ཀྱི་རིག་གཞུང་ཡང་དག་པ་ཞིག་འཚོལ་བར་ཞང་ཞུང་རིག་གནས་དང་ལོ་རྒྱུས་ཀྱི་མགོ་ཁུངས་ལ་ཞིབ་འཇུག་བྱེད་གལ་ཆེན་པོ་ཡིན་སྐོར་བཀའ་གནང་།

སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་གི་ཚོགས་མགོན་དུ་བཞུགས། ༢༠༢༤།༠༤།༡༨ དུས་བབ་ཀྱི་པར།

དེ་རིང་ཕྱི་ཟླ་ ༤ ཚེས་ ༡༨ ནས་ཉིན་གྲངས་གཉིས་རིང་དཔལ་གཤེན་བསྟན་སྨན་རི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ།  རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་ཚོགས་འདུ་འཚོག་བཞིན་འདུག་ལ། བགྲོ་གླེང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཉམས་ཞིབ་པ་དང་། སློབ་གཉེར་བ། གྲྭ་བཙུན་སོགས་མི་གྲངས་ ༡༥༠ ལྷག་མཉམ་ཞུགས་གནང་འདུག་ལ། བགྲོ་གླེང་གི་ཉིན་དང་པོར་སྨན་རིའི་ཁྲི་འཛིན་མཆོག་གིས་བོན་སྒོ་དཔྱད་རྩོམ་ཕྱོགས་བསྒྲིགས་དང་། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱི་གསུང་རྩོམ་དབུ་འབྱེད་གནང་སོང་།

རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་ཚོགས་འདུའི་དགོས་དམིགས་སྐོར་ལ་དགེ་བཤེས་ཁྲི་གཡུང་དྲུང་ལགས་ཀྱིས། སྤྱིར་རྒྱལ་སྤྱིའི་ཐོག་བོན་པོའི་རིག་གནས་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་པ་མང་པོ་ཞིག་ཡོད་ཅིང་། ཁོང་རྣམས་ནི་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་ཧ་ཅང་ཐུགས་ཉེ་བོ་ཡོད་པ་མ་ཟད། སྨན་རི་གླིང་དུ་ཕེབས་ཏེ་བོན་གྱི་སྐོར་ཞིབ་འཇུག་བྱས་ཏེ་རྒྱལ་སྤྱིའི་ཐོག་འབྲེལ་ལམ་ཡོད་བསྡད་པ་ཞིག་རེད། སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་ཀྱང་ཞིབ་འཇུག་སྐོར་ལ་ཐུགས་སྣང་ཡོད་མཁན་ཞིག་ཡིན་པས། རྒྱལ་སྤྱིའི་ཐོག་གི་བོན་པོའི་ཞིབ་འཇུག་པའི་འབྲེལ་ལམ་དང་དྲན་གསོའི་ཆེད་གདན་འདྲེན་ཞུས་པ་ཞིག་རེད། མ་འོངས་པར་བོན་པོའི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་གྱི་གཞོན་སྐྱེས་མང་པོ་འཚར་ལོངས་བྱུང་ཆེད་དུ་ཡིན། ལོ་གཅིག་གི་སྔོན་ནས་བོན་པོའི་ཞིབ་འཇུག་པ་རྒན་པ་ཁག་ཅིག་ལ་འབྲེལ་བ་ཞུས་ཡོད་ཀྱང་། དགུང་ལོའི་བབ་དང་བསྟུན་ནས་ཕེབས་ཐུབ་མི་འདུག  ཅེས་འགྲེལ་བརྗོད་གནང་བྱུང་།

རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ཁྲི་གཡུང་དྲུང་ལགས་ཀྱིས་བགྲོ་གླེང་དབུ་འབྱེད་ཐོག་གསུང་བཤད་གནང་། ༢༠༢༤།༠༤།༡༨ དུས་བབ་ཀྱི་པར།

བགྲོ་གླེང་མཛད་སྒོའི་ཐོག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས། རྒྱལ་སྤྱིའི་ཐོག་བོན་པོའི་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་པ་མང་པོ་ཞིག་དགུང་ལོ་བགྲེས་པོ་ཆགས་ཀྱི་ཡོད་པ་དང་། མ་འོངས་པར་གཞོན་སྐྱེས་མང་པོ་ཞིག་སྐྱེད་སྲིང་བྱེད་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན། ང་ཚོ་ཕན་ཚུན་བར་འབྲེལ་ལམ་ཡག་པོ་ཡོང་བའི་ཆེད་དུ་བགྲོ་གླེང་འདི་སྐོང་འཚོག་བྱེད་ཀྱི་ཡོད་པ་ཞིག་རེད།  རྩ་བའི་བླ་མ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་ནི་རྒྱལ་སྤྱིའི་ཐོག་གི་དེང་དུས་བོན་གྱི་རིག་གནས་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་པ་མང་པོ་དང་འབྲེལ་འདྲེས་བྱུང་ཡོད་པ་དང་། ངས་ཀྱང་སྨན་རིའི་ཁྲི་འཛིན་འཁུར་ནས་ལོ་དྲུག་འཁོར་ཡོད་པས་ཞིབ་འཇུག་པ་རྣམས་དང་འབྲེལ་ལམ་རྒྱུན་སྐྱོང་ཐུབ་པའི་བསམ་བློའི་ཐོག་ནས་བྱུང་བ་ཞིག་ཡིན།  མཁས་པ་ཁག་ཅིག་དགུང་ལོའི་བབ་དང་བསྟུན་ནས་ཕེབས་ཐུབ་མེད་ཀྱང་། གང་འཚམ་ཕེབས་ཡོད་པར་དགའ་བོ་བྱུང་ལ་བཀའ་དྲིན་ཆེ་ཞུ། ང་ཚོ་བོད་ཀྱི་རིག་གཞུང་ཡང་དག་པ་ཞིག་འཚོལ་བར་ཞང་ཞུང་རིག་གནས་དང་ལོ་རྒྱུས་ཀྱི་མགོ་ཁུངས་ལ་ཞིབ་འཇུག་བྱེད་དགོས་པ་གལ་ཆེན་པོ་རེད། སྤྱིར་ཆོས་ནང་ནས་བཤད་པའི་ལོ་རྒྱུས་དང་། དེང་རབས་ཀྱི་ཚན་རིག་དང་མཐུན་པའི་ཐོག་ནས་ཞིབ་འཇུག་བྱེད་སྟངས་གཉིས་ཅུང་ཙམ་ཁ་ཕྱོགས་མ་འདྲ་བ་ཡོང་གི་ཡོད། གཅིག་ནི་དངོས་དོན་རིག་པའི་ཐོག་ནས་བསམ་བློ་གཏོང་སྟངས་དང་། གཅིག་ནི་ཡིད་ཆེས་ཀྱི་བསམ་བློ་གཏོང་སྟངས་ཀྱི་ཁྱད་པར་ཞིག་ཡོང་གི་ཡོད། ལྟ་གྲུབ་ལའང་དངོས་དོན་རིག་པའི་ཐོག་བསྒྲུབ་རྒྱུ་ཡོད་པ་ཞིག་རེད། ང་ཚོས་བཤད་སྟངས་ལ་བོན་གྱི་ལོ་རྒྱུས་ལོ་ངོ་ཆིག་ཁྲི་བརྒྱད་སྟོང་བཤད་ཀྱི་ཡོད་ཀྱང་། ཞིབ་འཇུག་གི་ཐོག་ལོ་དེ་འདྲའི་མང་པོ་འགྲོ་རྒྱུ་ཁག་པོ་ཆགས་ཡོད། ཐེངས་འདིར་བགྲོ་གླེང་ཡག་པོ་ཡོང་རྒྱུ་དང་། ཚང་མར་ལུས་བདེ་སེམས་བདེ་ཆགས་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

འདི་གའི་གསར་འགོད་པས་ཐེངས་འདིའི་བགྲོ་གླེང་ཐོག་གཏམ་བཤད་གནང་མཁན་གྱི་ཉམས་ཞིབ་པ་ཁག་ཅིག་གི་བརྗོད་གཞི་སྐོར་ལ་བཅར་འདྲི་བྱས་པར། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས། ད་ལན་གྱི་ཞང་བོད་རིག་གནས་བགྲོ་གླེང་ཐོག་བེ་རི་རྒྱལ་པོ་དང་བོན་པོའི་འབྲེལ་བའི་སྐོར་གྱི་བརྗོད་གཞི་ཐོག་བཤད་ཀྱི་ཡོད། དུས་རབས་བཅུ་བདུན་པའི་ནང་བེ་རི་རྒྱལ་པོ་སྟོབས་འབྱོར་ཆེ་བའི་སྐབས་ཀྱི་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་བོན་ཀྱི་བསྟན་པ་ཧ་ཅང་རྒྱ་ཆེན་པོ་དར་བ་དང་། དེ་ནས་རིམ་པ་བཞིན་ཆག་འཇིག་བྱུང་བ་ཞིག་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཤ་བོ་རྟ་མགྲིན་ལགས་ཀྱིས། ཐེངས་འདིའི་བགྲོ་གླེང་ཐོག་ངས་ཏུན་ཧོང་ཡིག་ཆའི་ནང་ཡོད་པའི་ཞང་ཞུང་རྒྱལ་མོ་སད་མ་ཀར་གྱི་ཤོག་དྲིལ་སྐོར་ཡིན།  དང་པོ་ཤོག་དྲིལ་གྱི་ངོ་སྤྲོད་དང་། གཉིས་པ་ཞང་ཞུང་དང་བོད་གྱི་འབྲེལ་ལམ་སྐོར། གསུམ་པ་དུས་སྐབས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། སེམས་ཁམས་སོགས་ཀྱི་སྐོར། གསུམ་པ་ཡིག་ཆ་དེའི་སྐོར་དུས་རབས་བདུན་པ་དང་བརྒྱད་པ་གང་དུ་འཁེལ་མིན་ཞིབ་བསྡུར་བྱས་པའི་སྐོར་ཡིན། ཅེས་འགྲེལ་བརྗོད་གནང་སོང་།

རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་ཐོག་ཕྱི་ནང་གི་མཁས་པ་དང་ཉམས་ཞིབ་པ་སོགས་ ༡༥༠ ལྷག་མཉམ་ཞུགས་གནང་། ༢༠༢༤།༠༤།༡༨ དུས་བབ་ཀྱི་པར།

བི་ཤྭ་བྷཱ་ར་ཏཱི་འཕགས་བོད་རིག་གནས་སློབ་གཉེར་ཁང་གི་འབུམ་རམས་སློབ་གཉེར་བ་པ་སངས་སྒྲོལ་དཀར་ལགས་ཀྱིས། ཐེངས་འདིའི་བགྲོ་གླེང་ཐོག་བལ་ཡུལ་གློ་ཕྱོགས་ཀྱི་བོན་པོའི་བྱུང་རིམ་སྐོར་ལ་བཤད་ཀྱི་ཡོད། དུས་རབས་བཅོ་བརྒྱད་དང་བཅུ་དགུ་བའི་ནང་གློ་དང་དོལ་པོའི་ཕྱོགས་སུ་བོན་པོ་མང་པོ་བྱུང་བའི་ཡིག་ཆ་རག་གི་ཡོད་པར་བརྟེན། ས་གནས་ས་ཐོག་ཏུ་ཕྱིན་ཏེ་སྔོན་ཆད་ཀྱི་བྱུང་རབས་དང་། ད་ལྟའི་གནས་སྟངས་ལ་ཞིབ་བསྡུར་བྱས་པའི་སྐོར་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།

དགེ་བཤེས་ཚུལ་ཁྲིམས་རབ་བརྟན་ལགས་ཀྱིས། བོད་ཀྱི་དུར་སའི་ནང་དུ་གསེར་དང་གཡུ་སོགས་ཀྱི་དུར་རྫས་འདྲ་མིན་མང་པོ་ཡོད། དེ་སྔ་བོད་ཀྱི་བང་སོ་ཞིབ་འཇུག་བྱེད་མཁན་གྱི་ཁྲོད་དུར་རྫས་དེ་དག་དགོས་པའི་རྒྱུ་མཚན་སོགས་ཞིབ་འཇུག་གསལ་ཁ་གང་ཡང་མེད་པ་རེད། ངས་བོན་གྱི་དཔེ་ཆ་རྙིང་པ་ཁག་ལ་ལྟ་དུས་དེ་དག་འགྲེལ་བཤད་ཆ་ཚང་ཡོང་གི་འདུག དེ་ཡང་དུར་རྫས་དེ་དག་གི་མཚོན་དོན་གྱི་སྒོ་ནས་ཤེས་རྟོགས་ཐུབ་པ་ཞིག་ཡིན་པས། དེའི་སྐོར་བོན་གྱི་ཡིག་རྙིང་ཐོག་འགྲེལ་བཤད་རྒྱག་གི་ཡོད་པ་ཞིག་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།

རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་ཐོག་ཕྱི་ནང་གི་མཁས་པ་དང་ཉམས་ཞིབ་པ་སོགས་ ༡༥༠ ལྷག་མཉམ་ཞུགས་གནང་། ༢༠༢༤།༠༤།༡༨ དུས་བབ་ཀྱི་པར།

དེ་བཞིན་འབུམ་རམས་པ་གཅན་བཟོད་རྒྱམ་ལགས་ཀྱིས། སྤྱིར་ལོ་རྒྱུས་ཐོག་ཞང་ཞུང་དང་གུ་གེའི་ཐ་སྙད་དུས་ཚོད་ག་ཚོད་ཅིག་ལ་བྱུང་བ་དང་། ཡིག་ཐོག་དུ་ག་དུས་བྱུང་ཡོད་པའི་སྐོར། དེ་ནས་ཞང་ཞུང་དང་གུ་གེ་ཐ་སྙད་ཀྱི་གོ་དོན་གྱི་བཞེད་པ་མི་འདྲ་བ་གང་དག་ཡོད་པའི་སྐོར་ལ་བཤད་ཀྱི་ཡོད། ཁ་ཤས་ཀྱིས་ཞང་ཞུང་ཞེས་པ་དེ་རུས་ཤིག་དང་ཁྱུང་།  ལུང་པ་ཁ་ཞེང་ཆེན་པོ་སོགས་དོན་ལ་འགྲེལ་བའི་བཞེད་པ་མ་འདྲ་བ་དང་། གུ་གེ་ཡང་ཡི་གེ་དང་། སྐྱིད་སྡེ་ཉི་མ་མགོན་གྱི་རྒྱལ་ཁོངས་བགོ་འགྲེམས་བྱེད་སྐབས་སྤྲིན་གུག་གུག་ལྟར་འགྲོ་བཞིན་ཡོད་པས་གུག་གུག་གི་དོན་ཡིན་པ་འགྲེལ་བཤད་རྒྱག་མཁན་སོགས་མང་པོ་ཡོད་པའི་སྐོར་ལ་བཤད་ཀྱི་ཡོད། ཅེས་འགྲེལ་བཤད་གནང་བྱུང་།

ཐེངས་འདིའི་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་ཚོགས་འདུའི་སྟེང་ཕྱི་རྒྱལ་ཁག་དང་རྒྱ་གར་ནས་ཕེབས་པའི་ཉམས་ཞིབ་པ་ ༢༠ ལྷག་གིས་བརྗོད་གཞི་མི་འདྲ་བ་བཅུ་གཉིས་ཐོག་བགྲོ་གླེང་གནང་གི་ཡོད་ཅིང་། དེ་རིང་བོད་ཀྱི་དུར་རྫས་མཚོན་དོན་སྐོར་དང་། བོན་གྱི་སྨན་སྒྲུབ་སྐོར།  གདན་ས་སྨན་རིའི་སྨན་གྱི་སྒྲུབ་ཆེན་དང་འབྲེལ་ནས་གཡུང་དྲུང་བོན་ལུགས་ཀྱི་བདུད་རྩི་སྨན་སྒྲུབ་ཀྱི་བྱུང་རབས་སྐོར། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ་རྡོ་རྗེས་མཛད་པའི་རིན་ཆེན་རིལ་བུའི་ལག་ལེན་སྐོར་སོགས་ལ་བགྲོ་གླེང་གནང་སོང་།

གསར་འགོད་པ་བྱམས་པ་ཚེ་རིང་གིས་སྨན་རི་གླིང་ནས་སྤེལ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༠ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༡ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese