མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གཉིས་རིང་གི་དགའ་ལྡན་ལྷ་བརྒྱ་མའི་བཀའ་ཆོས་དབུ་འཛུགས་བསྐྱངས།

བོད་ཀྱི་དུས་བབ།
༢༠༢༤/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ད་ལྟའི་བར་དུ་ཧུར་ཐག་འབད་ཐག་བྱས་པ་ཡིན་ལ། ད་དུང་ཡང་ལོ་བརྒྱ་ལྷག་རིང་མཁན་ཆེན་ཞི་བ་འཚོ་དང་ཁྲི་སྲོང་ལྡེའུ་བཙན་གྱི་དགོངས་པ་དང་མཐུན་པ་ཞིག་ཧུར་ཐག་གནང་དགོས་བསམ་ནས་བཞུགས་ཡོད་པའི་བཀའ་བསྩལ།

ཉིན་གཉིས་རིང་གི་དགའ་ལྡན་ལྷ་བརྒྱ་མའི་བཀའ་ཆོས་དབུ་བསྐྱངས། པར་དབང་། བོད་མིའི་སྒྲིག་འཛུགས།

དེ་རིང་ཕྱི་ཚེས་ ༡༩ དང ༢༠ ཉིན་གཉིས་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སོག་པོའི་བླ་མའི་དགེ་རྒན་གྱི་གསུང་ཆོས་གོ་སྒྲིག་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་བཀའ་དྲིན་དབུ་འཛུགས་བསྐྱངས་སོང་།

སྐབས་དེར་༧གོང་ས་མཆོག་གིས། ང་ཚོ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་བ་ཆགས་ནས་སྡོད་བཞིན་པའི་སྐབས། དེ་རིང་ང་ཚོར་ཆོས་འབྲེལ་བྱེད་པའི་གོ་སྐབས་བྱུང་བ་རེད། རྗེ་རིན་པོ་ཆེའི་འཁྲུངས་ས་དང་ང་སྐྱེས་ས་ཐག་ཉེ་བོ་ཡིན་པས་ངེད་གཉིས་ཕ་ཡུལ་གཅིག་པ་རེད། རྗེ་བཙུན་བློ་བཟང་གྲགས་པ་ཞེས་གསུངས་པ་ནང་བཞིན་ངོས་ལའང་ཕལ་ཆེར་བློ་བཟང་གྲགས་པ་ལབ་ཆོག་གི་རེད།

ངོས་ཀྱི་མི་ཚེར་ཕྱིར་མིག་ཅིག་བལྟས་པ་ཡིན་ན། བསྟན་པའི་བྱ་བ་སྤྱི་དང་བྱེ་བྲག་ཏུ་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་དོན་དུ་ཞབས་འདེགས་གང་འཚམ་བསྒྲུབས་ཡོད། འཛམ་གླིང་སྤྱི་ཡོངས་ཀྱི་ཆ་ནས་ཞུས་ན། འཛམ་གླིང་ཞི་བདེ་ཡོང་ཐབས་ཀྱི་གཙོས་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་དང་། ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་ཞིག་ལ་འཛམ་གླིང་གི་ཆོས་ལུགས་ཚང་མ་མཐུན་སྒྲིལ་ཡོང་བར་བྱས་རྗེས་གང་འཚམ་བཞག་ཡོད།

འཛམ་གླིང་འདིའི་སྟེང་རྗེ་རིན་པོ་ཆེ་དང་ཕ་ཡུལ་གཅིག་པའི་ཨ་མདོ་བ་ཞིག་གིས་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་དངོས་གནས་རྗེ་རིན་པོ་ཆེའི་དགོངས་པ་དང་མཐུན་པའི་ཞབས་འདེགས་གང་ལ་གང་འཚམ་བསྒྲུབས་ཡོད། ངོས་ནས་རྗེས་སུ་ཡི་རངས་ཞུ་ཡི་ཡོད་ལ། དེ་རིང་ཆོས་གྲོགས་ཚོར་དེ་ཞུ་འདོད་བྱུང་སོང་། སྤྱི་ཡོངས་ཀྱི་ཆ་ནས་ང་ཚོ་ཚང་མ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་བ་ཆགས་བསྡད་ཡོད། གཉིས་ནས་དཔལ་ན་ལནྡྲའི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད། བྱེ་བྲག་ཏུ་བོད་གངས་ཅན་ལྗོངས་སུ་ཡོད་པའི་ཟབ་ཅིང་རྒྱ་ཆེ་བའི་གནས་མཐའ་དག་ཚང་བའི་ཆོས་བརྒྱུད་ཀྱི་རྗེས་འབྲང་བ་ཆགས་བསྡད་ཡོད།

བོད་གངས་ཅན་གྱི་ལྗོངས་ལ་གཙོ་བོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་བྱེ་བྲག་ཏུ་ཁྲི་སྲོང་ལྡེའུ་བཙན་གྱི་ལམ་སྟོན་འོག ད་ལྟ་བར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་མི་ང་ཚོ་ཚང་མ་དངོས་གནས་དྲང་གནས་ཏག་ཏག་འགྲོ་བཞིན་པ་ཆགས་ཡོད། འཛམ་གླིང་འདིའི་སྟེང་ཁྲི་སྲོང་ལྡེའུ་བཙན་གྱི་ཆོས་བརྒྱུད་འཛིན་མཁན་ང་ཚོ་བོད་པ་ཆགས་ཡོད། ངོས་རང་ལ་ཆ་བཞག་ན་རྨི་ལམ་སོགས་ལ་བལྟས་ཡོང་དུས། ངོས་ཁྲི་སྲོང་ལྡེའུ་བཙན་གྱི་སྐྱེས་པ་ཡིན་པ་གསལ་བོ་ཐོན་ཡོང་གི་འདུག རྨི་ལམ་ལའང་ངོས་ཁྲི་སྲོང་ལྡེའུ་བཙན་གྱི་སྐྱེས་པ་ཡིན་པ་མངོན་གསལ་ཡོང་གི་འདུག

ངོས་ཀྱི་ངོས་ནས་ག་ཚོད་ཐུབ་ཐུབ་ཀྱིས་ཁྲི་སྲོང་ལྡེའུ་བཙན་གྱི་ལམ་སྟོན་དགོངས་པ་གནང་བཞག་པ་དེ་ཚོ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བར་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་གནང་གི་ཡོད། ཁྱེད་ཚོ་མི་མང་ལ་ཆ་མཚོན་ན། ངོས་ལ་ཡིད་ཆེས་བྱས་ཏེ་ངོས་ཀྱི་རེ་འདུན་དང་བསམ་ཚུལ་བཏོན་བཞག་པ་དེ་ཚོར་ཡིད་ཆེས་བློས་འགེལ་ནས་འགྲོ་བཞིན་ཡོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་མཁན་ཆེན་ཞི་བ་འཚོ་དང་གཙོ་ཆེ་ཤོས་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་ཀྱི་ཆོས་ལུགས་བརྒྱུད་ནས་ཡོད་པའི་བསམ་བློའི་འགྲོ་སྟངས་དེ་དག་ཚན་རིག་དང་མཐུན་པ། བསམ་བློ་རྒྱ་ཆེ་ཞིང་གུ་ཡངས་པ། འཛམ་གླིང་གི་དངོས་ཡོད་ཀྱི་དཀའ་ངལ་སེལ་བར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཀྱིན་ཡོད། ངོས་མཁན་ཆེན་ཞི་བ་འཚོའི་རྗེས་འབྲང་བ་ཆགས་བསྡད་ཡོད་ལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐྱེས་པ་ཡིན་པ་གསལ་བོ་ཞེ་དྲགས་ཡོང་གི་འདུག དེར་བརྟེན། ད་ལྟའི་བར་དུ་ངོས་ནས་ཧུར་ཐག་འབད་ཐག་བྱས་པ་ཡིན་ལ། ད་དུང་ཡང་ལོ་བརྒྱ་ལྷག་མཁན་ཆེན་ཞི་བ་འཚོ་དང་ཁྲི་སྲོང་ལྡེའུ་བཙན་གྱི་དགོངས་པ་དང་མཐུན་པ་ཞིག་ཧུར་ཐག་བྱེད་དགོས་བསམ་ནས་བསྡད་ཡོད། ཁྱེད་རང་ཚོ་ཚང་མས་དེ་ལུགས་ཀྱིས་ཐུགས་སྨོན་ཡག་པོ་གནང་རོགས། ཞེས་གསུངས།

གསར་འགོད་པ། དོན་གྲུབ་བཀྲ་ཤིས། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese