མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱི་ལོ་རྒྱུས་ཡོངས་ཁྱབ་གསལ་བསྒྲགས་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་འབྱོར་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་མིག་ཆུ་འཐོར་ཞོར་བོད་ནང་གི་བོད་མི་ཚོའི་རེ་འབོད་བཞིན་བཙན་བྱོལ་བོད་མི་རྣམས་ཀྱིས་ཆོལ་ཁ་ཆོས་ལུགས་བར་གྱི་འཐེན་འཁྱེར་མེད་པར་རྡོག་རྩ་གཅིག་སྒྲིལ་བྱ་དགོས་པའི་རེ་སྐུལ་གནང་སོང་།

བོད་འབྱོར་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༤། ༤། ༡༩

དེ་རིང་རེས་གཟའ་པ་སངས་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་ནས་བཞུགས་སྒར་དུ་འབྱོར་བའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱ་ནག་གཞུང་གིས་བཙོན་འོག་ཏུ་དཀའ་སྡུག་མནར་གཅོད་ཇི་ལྟར་བཏང་ཡོད་མེད་ཐད་ཀྱི་གསར་འགོད་གསལ་བསྒྲགས་བྱས་སོང་ལ། སྐབས་དེར་ཁོང་མོས་མི་ལོ་གསུམ་གྱི་བཙོན་འཇུག་དུས་ཡུན་རིང་བོད་མི་ཞིག་དང་ཆབ་སྲིད་བཙོན་པ་ཞིག་ཡིན་པའི་ཆ་ནས་བཙོན་པ་གཞན་དང་མི་འདྲ་བར་དབྱེ་འབྱེད་དང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་ཡོད་སྐོར་སོགས་བརྗོད་སོང་།

གསར་འགོད་གསལ་བསྒྲགས་ཐོག་ཁོང་མོས། ཆུང་དུས་ནས་ཕ་མ་གཉིས་གཙོ་བོར་གྱུར་བའི་རྒན་པ་རྣམས་ཀྱི་ཞལ་ནས་རྒྱ་ནག་དམར་གཞུང་གིས་དམར་གསོད་འཕྲོག་བཅོམ་བྱས་ཏེ་བོད་བཙན་བཟུང་བྱས་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་སོགས་སྐྱེས་ཆེན་དམ་པ་མང་པོ་རྒྱ་གར་ནང་བཙན་བྱོལ་དུ་བཞུགས་དགོས་བྱུང་ཡོད་པ་སོགས་གོ་ཐོས་བྱུང་སྐབས་སེམས་པ་སྐྱོ་ཡོད་སྐོར་དང་། གཅེན་མོ་བསྟན་འཛིན་སྒྲོལ་མ་ལགས་དང་ལྷན་བོད་ནང་དུ་ཞི་བོའི་ངོ་རྒོལ་བྱས་པའི་སྐོར་ལ་ཁོང་མོས། ཕྱི་ལོ་ ༢༠༡༥ ལོ་ཟླ་ ༩ པའི་ཟླ་མཇུག་ཏུ་ཁོང་མོ་དང་ཕ་མ་སྤུན་གྱི་སྤུན་མཆེད་བསྟན་འཛིན་སྒྲོལ་མ་ལགས་གཉིས་ཀྱིས་གསང་གྲོས་ཡང་ཡང་བྱས་པ་བརྒྱུད། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་དཔའ་བོའི་སྲང་ལམ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་འཕྱར་ནས་ངོ་རྒོལ་སྐད་འབོད་བྱས་རྗེས། རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས། འདྲི་བརྩད་དང་གཅར་རྡུང་ཚད་མེད་བཏང་མཐར། བཀྲ་ཤིས་རྒྱལ་ཁ་གླིང་རྫོང་གི་བཀག་ཉར་ཁང་དུ་ཟླ་བདུན་ལྷག་བཅུག་པ་བཅས་ལོ་གཅིག་དང་ཟླ་གཅིག་ཙམ་བཀག་ཉར་བྱས་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༣ ཉིན། ཁྲོ་ཆུ་རྫོང་ཁྲིམས་ཁང་གིས།   རྒྱལ་ཁབ་ལ་ངོ་ལོག་བྱས་ཏེ་ཁ་བྲལ་བའི་བྱ་ངན་བསྒྲུབས་པའི་ཉེས་མིང་འོག་ལོ་ ༣ རེའི་བཙོན་འཇུག་ཁྲིམས་ཐག་བཅད་སྐོར་སོགས་བརྗོད་བྱུང་།

ཡང་ཁོང་མོས། ལོ་གསུམ་གྱི་ཁྲིམས་ཐག་བཅད་རྗེས་བཙོན་ཁང་དུ་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ཚུད་པའི་དམར་ཤོག་གི་ཆབ་སྲིད་སློབ་གསོའི་སྐོར་གྱི་ཡིག་རིགས་དག་བཙན་གྱིས་བློ་འཛིན་བྱེད་དུ་བཅུག་པ་དང་། ཟངས་སྐུད་དང་འཕྲུལ་རིགས་སོགས་བཟོ་བའི་ངལ་རྩོལ་གྱི་ལས་ཀ་བྱེད་དུ་བཅུག་པ། དེ་བཞིན་དམག་སྦྱོང་སོགས་བྱེད་དུ་འཇུག་གི་ཡོད་ཅིང་། བཙོན་ཁང་ནས་ཁོང་ཉིད་ལ་རྒྱལ་ཁབ་ཁ་བྲལ་བ་རེད་ཟེར་ནས་མིག་ཟུང་བགྲད་ཀྱི་ཡོད་པ་མ་ཟད། རྣམ་འགྱུར་མི་ལེགས་ལུགས་སོགས་བཤད་ནས་གཅར་རྡུང་ཚད་མེད་བཏང་ནས་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་སྐོར་དང་། དེ་བཞིན་ཟས་གོས་མལ་གསུམ་གྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པའི་སྐོར་སོགས་བརྗོད་བྱུང་ལ། བཙོན་འཇུག་དུས་ཡུན་ཚང་ནས་ཀློད་གྲོལ་བཏང་རྗེས་ཀྱང་། དངོས་ཤུགས་བརྒྱུད་གསུམ་ནས་སོ་ཉུལ་དང་ལྟ་རྟོག་བྱས་རྐྱེན་ལུས་སེམས་གཉིས་ནས་དཀའ་ངལ་མང་དག་ཅིག་འཕྲད་ཡོད་སྟབས། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༣ ཉིན་ཨ་ནེ་ཚེ་རིང་སྐྱིད་དང་ལྷན་རྒྱ་གར་ནང་བཙན་བྱོལ་དུ་ཡོང་ཡོད་སྐོར་སོགས་བརྗོད་སོང་།

ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས། སྤྱིར་བོད་ནང་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་བ་ཞིག་གཏན་ནས་མེད་ཀྱང་། ང་རང་འདིར་ཐོན་དུས་ཨ་མདོ་དང་། དབུས་གཙང་སོགས་ཟེར་ནས་དབྱེ་བ་བཀར་གྱི་འདུག་པས།  ཧ་ཅང་གི་ཐབས་སྐྱོ་བོ་དང་། སེམས་ཕམ། ཡིད་ལ་སྐྱོ་སྣང་ཤུགས་ཆེན་བྱུང་། བོད་ནང་དུ་སྐར་མ་དང་། ཆུ་ཚོད། ལོ་ཟླའི་ཁྲོད་ནས་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་འོག་ཏུ་དཀའ་སྡུག་མྱོང་གིན་ཡོད་པ་མ་ཟད། བོད་ཀྱི་ཆབ་སྲིད་བཙོན་པ་མང་དག་ཅིག་མུན་ནག་གི་བཙོན་དུ་བཅུག་ནས་གཅར་རྡུང་མྱོང་གིན་ཡོད་ཅིང་། དེ་ནི་བོད་ཆོལ་ཁ་གསུམ་གྱི་ཆེད་དུ་ཡིན་པ་རེད། རྒྱ་ནག་གཞུང་གིས་འདི་ཨ་མདོ་བ་རེད། འདི་དབུས་གཙང་བ་རེད་ཟེར་ནས་དབྱེ་བ་གཏན་ནས་མི་ཕྱེ་བར། བོད་མི་ཚང་མར་གཅར་རྡུང་བྱེད་ཀྱི་ཡོད་པས། བཙན་བྱོལ་བོད་མི་ཚོས་ཆོལ་ཁ་ཡི་ཕྱོགས་རིས་མེད་པར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་དེ་གལ་ཆེན་པོ་རེད་བསམས་སོང་། བཙན་བྱོལ་ནང་ཆོལ་ཁ་ཡི་དབྱེ་མཚམས་ཧ་ཅང་ཆེ་བས་ང་རང་བཙན་བྱོལ་དུ་འབྱོར་རྗེས་སེམས་པ་དངོས་གནས་དྲང་གནས་སྐྱོ་བྱུང་། ཞེས་དང་། བོད་ནང་གི་བོད་མི་རྣམས་ཀྱིས་བློ་སྤོབས་ཆེན་པོས་ང་བོད་པ་ཡིན་ཞེས་བརྗོད་ཀྱིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་དགོས། ༧ཀིརྟི་རིན་པོ་ཆེ་བོད་དུ་ཕེབས་དགོས་ཟེར་ནས་ངོ་རྒོལ་སྐད་འབོད་བྱས་ནས་དཀའ་སྡུག་མྱོང་གིན་ཡོད་པས། འུ་ཚོས་ཆོལ་ཁ་ཡི་ཕྱོགས་རིས་རྩོད་དུས་ཤིག་ཡིན་ནམ། ཚང་མས་བོད་ཀྱི་སྐད་ཡིག་རིག་གཞུང་ལ་སྦྱང་བརྩོན་གྱིས་ཆོལ་ཁ་དང་ཆོས་ལུགས་མི་རྩོད་རྒྱུ་དེ་ངའི་རེ་བ་ཡིན། ཞེས་སེམས་ཚོར་དྲག་པོས་བརྗོད་བྱུང་།

མཇུག་ཏུ་དྲི་བ་དྲིས་ལན་སྐབས་ཁོང་མོས། བོད་ནང་དུ་རྒྱལ་གཅེས་ལྷག་བསམ་ཅན་ཕོ་མོ་རྒན་གཞོན་མང་པོ་ཞིག་གིས། རྒྱ་ནག་དམར་གཞུང་གིས་བོད་ཀྱི་དགོན་པ་གྲྭ་ཚང་དང་། སློབ་གྲྭ། མང་ཚོགས་བཅས་ལ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དངོས་ཤུགས་བརྒྱུད་གསུམ་ནས་བཀག་འགོག་དང་། འགྲོ་འདུག་གི་རང་དབང་ལ་བཙན་གནོན་ཤུགས་ཆེན་བྱེད་བཞིན་ཡོད་པས། བཙན་བྱོལ་ནང་དུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་སྦྱང་བརྩོན་སོགས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་བྱུང་།

ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ནི་བོད་མདོ་སྨད་རྔ་བ་རྫོང་གཅའ་རོ་ཡུལ་ཚོ་པདྨ་ལྷ་ཐང་གི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་རྔ་བ་རྫོང་གི་དཔའ་བོའི་ཁྲོམ་གཞུང་དུ་ངོ་རྒོལ་བྱས་རྐྱེན།  རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་གཡོགས་ནས་ལོ་གསུམ་གྱི་ཁྲིམས་ཐག་བཅད་དེ། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༡ ཉིན་བཙོན་འཇུག་དུས་ཡུན་ཚང་ནས་ཀློད་གྲོལ་བྱས། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༧ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར། ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༨ ཉིན་བཞུགས་སྒར་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་འབྱོར། ད་ཆ་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་གནང་བཞིན་ཡོད་པ་རེད། 

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese