མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་དྲག་ཆར་རྐྱེན་གྱིས་མི་གྲངས་འབུམ་ ༡ ལྷག་གནས་སྤོ་བྱས།

བོད་ཀྱི་དུས་བབ།
༢༠༢༤/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཀང་ཏུང་ཞིང་ཆེན་ནང་དྲག་ཆར་བབས་པའི་རྐྱེན་གྱིས་ཆུ་ལོག་བྱུང་སྟེ་མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་ཐེབས་ཀྱི་ཡོད་པ་མ་ཟད་མི་གྲངས་འབུམ་གཅིག་ལྷག་གནས་སྤོ་དགོས་བྱུང་ཡོད་འདུག

This aerial photo taken on April 22, 2024 shows a general view of flooded buildings and streets after heavy rains in Qingyuan city, in China’s southern Guangdong province. | Photo Credit: AFP

ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ལྷོ་ཤར་ཞིང་ཆེན་ཀང་ཏུང་(Guangdong) དུ་བསྟུད་མར་ཉིན་ཁ་ཤས་རིང་དྲག་ཆར་ཤུགས་ཆེན་བབས་རྐྱེན་རྒྱུག་ཆུ་(Pearl River)རྒྱས་ནས་ཆུ་ལོག་བྱུང་སྟེ། མི་གྲངས་ ༤ རྐྱེན་འདས་དང་། ཡུལ་མི་ ༡༠ གར་སོང་ཆ་མེད་དུ་གྱུར་བ། ཡུལ་མི་ ༡༡༠,༠༠༠ ཙམ་ཉེན་གཡོལ་གྱིས་ས་གནས་གཞན་དུ་སྤོ་དགོས་བྱུང་ཡོད་འདུག་ལ། གྲོང་ཁྱེར་གྱི་གཞུང་ལམ་དང་ཁང་པ་སོགས་ཆུས་བསྐོར་ཡོད་སྟབས། གནས་སྐབས་རིང་སློབ་གྲྭ་དང་མཁའ་འགྲུལ་སོགས་སྒོ་བརྒྱབ་ཡོད་འདུག

རྒྱ་ནག་གི་གནམ་གཤིས་རིག་པ་བ་ཞིག་གིས། རྒྱ་ནག་ཀང་ཏུང་ཞིང་ཆེན་དང་། མཚོ་ཁའི་ས་ཁུལ་དུ་ཆར་པ་ཤུགས་ཆེན་བབས་ཏེ་ཆུ་ལོག་དང་ས་རུད་སོགས་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག་ལ། མི་མང་རྣམས་སོ་སོའི་བདེ་འཇགས་སླད་ས་གནས་གཞན་དུ་གནས་སྤོ་བྱ་དགོས་པའི་སྐུལ་མ་བཏང་ཡོད་འདུག ཀང་ཏུང་ཞིང་ཆེན་ནི་ཆུ་ལོག་འབྱུང་ཉེན་ཆེ་བའི་ས་ཁུལ་ཞིག་ཡིན་སྐོར་བརྗོད་འདུག་ལ། ཀང་ཏུང་ས་གནས་ཀྱི་གནས་ཚུལ་ལྟར་ན། ད་ལན་གྱི་ཆུ་ལོག་ཁྲོད་རྒྱ་སྒོར་ས་ཡ་ ༡༤༠ ལྷག་གི་དཔལ་འབྱོར་གྱོང་གུད་ཕོག་ཡོད་འདུག

ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་ཁྲུང་ཆིན་ (Chongqing) གྲོང་ཁྱེར་དང་སི་ཁྲོན་ (Sichuan) ཞིང་ཆེན་སོགས་ལ་དྲག་ཆར་བབས་པའི་རྐྱེན་གྱིས་ཆུ་ལོག་ཐེངས་ ༡༢ ཙམ་བྱུང་སྟེ། ཁྱོན་མི་གྲངས་ ༤༤༩ རྐྱེན་འདས་སུ་ཕྱིན་ཡོད་འདུག་ལ། རྒྱ་ནག་གི་ལོ་རྒྱུས་ཐོག་ཆུ་ལོག་གནོད་ཚབས་ཆེ་ཤོས་ཤིག་ནི། ཕྱི་ལོ་ ༡༩༣༡ ལོར་རྒྱ་ནག་གི་ཝུའུ་ཧན་ (Wuhan) དང་ནན་ཅིན་ (Nanjing) གྲོང་ཁྱེར་དུ་ཆུ་ལོག་ཚབས་ཆེན་བྱུང་བའི་རྐྱེན་གྱིས་མི་གྲངས་ས་ཡ་ ༢ ལྷག་བཀྲེས་སྐོམ་དང་ནད་གཞིའི་རྐྱེན་གྱིས་རྐྱེན་འདས་སུ་ཕྱིན་ཡོད་འདུག

སའི་གོ་ལའི་ཚ་དྲོད་རྒྱས་ཏེ་སྲིད་པའི་གངས་རི་དང་འཁྱག་དར་རྣམས་མྱུར་པོར་ཞུ་ཡི་ཡོད་པའི་རྐྱེན་གྱིས་འཛམ་གླིང་ཡུལ་ཕྱོགས་གང་སར་ཆུ་ལོག་རྒྱུག་པའི་གནད་དོན་མང་དུ་བྱུང་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཡོང་བཞིན་ཡོད་པ་རེད། འཛམ་གླིང་གི་ཆུ་ལོག་གནོད་སྐྱོན་ཆེ་ཤོས་བྱུང་ཡུལ་གཅིག་ནི་བྷང་ལ་དྷེ་ཤི་ཡིན་འདུག་ལ། ཡུལ་དེ་ཆུ་བོ་གང་གཱའི་འགྲམ་རྒྱུད་དུ་ཆགས་ཤིང་ས་ཁམས་དམའ་ལ། གཞོང་ས་རྒྱ་ཆེ་བའི་རྐྱེན་གྱིས་ཆུ་ལོག་གི་གནོད་སྐྱོན་ཡང་ཡང་འབྱུང་བཞིན་ཡོད་འདུག་ལ། ཕྱི་ལོ་ ༡༩༧༢ ནས་ ༢༠༡༣ བར་དུ་ཡུལ་དེའི་མི་གྲངས་ ༡༥,༠༣༣ ལྷག་ཆུ་ལོག་ཁྲོད་རྐྱེན་འདས་སུ་ཕྱིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༢༤ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༢༤ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese