མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༣ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་བོད་དང་ཡུ་གུར་སོགས་ཀྱི་གནས་སྟངས་གསལ་འདོན་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་སོགས་བཙན་བཟུང་བྱས་པའི་ཡུལ་ལུང་ཁག་གི་ནང་བཙན་གནོན་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད་རྒྱལ་མཚམས་ལས་བརྒལ་ཏེ་གནོན་ཤུགས་སྤྲོད་བཞིན་ཡོད་པ་ཐེར་འདོན་གནང་འདུག

ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཨན་ཊོ་ནེ་བྷི་ལི་ཁིན་མཆོག ༢༠༢༤། ༤། ༢༣ པར་ཨ་རིའི་རྒྱལ་སྲིད་ལས་ཁུངས་ཀྱི་ཐད་གཏོང་ནས་བླངས།

ཁ་སང་ཕྱི་ཚེས་ ༢༣ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༣ ལོའི་ཧོང་ཀོང་དང་། བོད། མེ་ཁའོ་སོགས་ཚུད་པའི་རྒྱ་ནག་དང་འཛམ་གླིང་གི་རྒྱལ་ཁབ་ ༢༠༠ ཡི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ལོ་འཁོར་སྙན་ཐོ་ཞིག་འདོན་པའི་ནང་། རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུ་ཀི་སི་ཐན་སོགས་སུ་ཚད་ལས་འདས་པའི་བཙན་གནོན་དང་། བོད་མི་སོགས་ལ་རྒྱལ་མཚམས་ལས་བརྒལ་ནས་གནོན་ཤུགས་སྤྲོད་ཀྱིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། ཚོང་དཔོན་རྡོ་རྗེ་བཀྲ་ཤིས་སོགས་བཙོན་འཇུག་བྱས་ཡོད་སྐོར་སོགས་གསལ་འདུག་ལ། ཨ་རིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྣམས་ལ་ངོ་རྒོལ་ཤུགས་ཆེན་ཡོད་སྐོར་སོགས་བསྒྲགས་འདུག  

སྙན་ཐོ་གསལ་བསྒྲགས་གནང་སྐབས་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཨན་ཊོ་ནེ་བྷི་ལིན་ཁིན་(Antony J. Blinken) མཆོག་གིས། སྙན་ཐོ་འདིའི་ནང་རྒྱ་ནག་གཞུང་གིས་བོད་དང་། ཧོང་ཀོང་སོགས་སུ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མུས་ཡིན་པའི་གནད་དོན་དང་། མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་སོགས་ཀྱི་སྐོར་དང་། རྒྱ་ནག་ནང་དམངས་གཙོ་དོན་གཉེར་བ་རྣམས་ལ་དྲག་གནོན་བྱེད་ཀྱི་ཡོད་པའི་གནད་དོན་གྱི་སྐོར་སོགས་གསལ་ཡོད་ལ། ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་ཚོར་ངོ་རྒོལ་ཆེན་པོ་ཡོད་སྐོར་སོགས་གསུངས་འདུག 

དེ་ཡང་སྙན་ཐོའི་ནང་། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་གཙོས་རྒྱ་ནག་གཞུང་གི་བཙན་གནོན་གྱི་འོག་ཏུ་ཡོད་པའི་མི་རིགས་རྣམས་ལ་ནག་ཉེས་སྣ་ཚོགས་གཡོགས་ནས་འཛིན་བཟུང་བཀག་ཉར་དང་། ཁྲིམས་མཐུན་མིན་པའི་ཐོག་ནས་གསང་བའི་ཁྲིམས་ཐག་གཅོད་ཀྱི་ཡོད་པ། གནམ་སྡེ་སྒོ་མོ་ཆེའི་ཞི་རྒོལ་གྱེན་ལངས་གཙོས་བོད་ཀྱི་ལོ་རྒྱུས་ཐོག་གི་དུས་དྲན་སོགས་སུ་འདུ་འཛོམས་དང་ཕྱིར་བསྐྱོད་རིགས་ལ་སོ་ཉུལ་དང་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་སྒོ་ཤེས་རབ་རྒྱ་མཚོ་དང་། ཚོང་དཔོན་རྡོ་རྗེ་བཀྲ་ཤིས་གཙོས་དམངས་གཙོ་དོན་གཉེར་བ་དང་ཤར་ཏུ་ཀི་སི་ཐན་གྱི་ཆབ་སྲིད་བཙོན་པ་མང་དག་ཅིག་ལ་ཉེས་མེད་ཁྲིམས་ཐག་བཅད་ནས་ད་ལྟའི་དངོས་ཡོད་ཀྱི་གནས་སྟངས་གསལ་པོ་ཤེས་རྟོགས་བྱུང་གི་མེད་པའི་ཁར། ཆབ་སྲིད་བཙོན་པ་མང་དག་ཅིག་ཀློད་གྲོལ་ཚར་རྗེས་སུའང་ཁྲིམས་ཀྱི་ཁེ་དབང་མེད་པ་དང་། འདུ་འཛོམས། དཔེ་དེབ་སོགས་འགྲེམས་སྤེལ་གྱི་གཞི་རྩའི་ཐོབ་ཐང་སྤྲོད་ཀྱི་མེད་པ་མ་ཟད། ཡུལ་ལུང་གཞན་དུ་བགྲོད་སྐབས་ཆོག་མཆན་ཞུ་དགོས་སྐོར་སོགས་གསལ་འདུག 

སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཚོར་ཕྱི་རྒྱལ་དུ་ཡོད་པའི་རང་གི་གཉེན་ཉེ་སོགས་སུ་འབྲེལ་བ་བྱེད་པར་དམ་དྲག་དང་། རྒྱལ་ཁབ་གཞན་དུ་གནས་སྡོད་བྱེད་མུས་ཡིན་པའི་བོད་མི་དང་། ཡུ་གུར་བ་སོགས་ལ་ཐོངས་མཆན་མི་སྤྲོད་པའམ། དུས་འགྱངས་བསྐྱར་གསོ་བྱེད་ཀྱི་མེད་སྐོར་དང་། བོད་མི་སོགས་ཀྱིས་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་མུས་ཡིན་པའི་རང་གི་ཉེ་འབྲེལ་སོགས་ལ་སྐད་ཆ་བཤད་སྐབས། དྲ་ལམ་ནས་ཉན་ཞིབ་ནན་མོ་དང་སྐད་ཆ་བཤད་པར་བར་ཆད་གཏོང་བའི་སྒྲ་སོགས་མངགས་ནས་དམ་དྲག་དང་འབྲེལ་ལམ་གཅོད་དུ་འཇུག་པ་སོགས། རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་བརླིང་ཟེར་བ་ཞིག་ལ་ཁ་གཡར་ནས་ཕྱི་ནང་གི་འབྲེལ་ལམ་བཙན་གྱིས་གཅོད་དུ་འཇུག་པ་མ་ཟད། རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་མི་དགའ་བའི་རྣམ་འགྱུར་སྟོན་མཁན་ཚོར་མིང་ཐོ་ནག་པོའི་ནང་བཅུག་ནས་དམ་དྲག་དང་། རྒྱལ་མཚམས་ལས་བརྒལ་ནས་བོད་མི་སོགས་ལ་སྡིགས་ར་སྐུལ་བ་དང་། སོ་ཉུལ། སུན་གཙེར་ཡང་ཡང་བྱེད་ཀྱི་ཡོད་སྐོར་སོགས་གསལ་འདུག 

མཇུག་ཏུ་སྙན་ཐོའི་ནང་། གསར་འགོད་པ་དང་རྩོམ་པ་པོ་སོགས་ཀྱིས་རང་གི་འདོད་མོས་བཞིན་རྒྱ་ནག་གཞུང་གི་ཚུལ་མཐུན་མིན་པའི་གནད་དོན་ཐེར་འདོན་དང་། དྲང་ཕྱོགས་ཀྱི་གནད་དོན་བྲི་རྒྱུར་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་ལ། རྒྱ་ནག་གཞུང་འབྲེལ་མི་སྣས་སྔོན་ནས་བཀོད་སྒྲིག་ཟིན་པའི་གསར་འགོད་གསལ་བསྒྲགས་བྱེད་པ་ལས། རྒྱལ་སྤྱི་རིམ་པའི་གསར་འགོད་པ་སོགས་ལ་ཐུག་འཕྲད་གཏན་ནས་བྱེད་ཀྱི་མེད་པའི་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་ཁག་བོད་ཀྱི་ས་ཁུལ་དུ་ཤར་གཏོང་གིས་བོད་མིའི་འཚོ་བ་དངོས་ལ་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་གཏན་ནས་སྤྲོད་ཀྱི་མེད་པའི་སྐོར། འདས་པའི་ལོ་ཤས་གོང་ནས་ལྷོ་སོག་དང་། བོད། ཤར་ཏུ་ཀི་སི་ཐན་གཙོས་རང་སྐྱོང་ས་ཁུལ་ཟེར་བ་མང་པོ་ཞིག་ཏུ་རྒྱ་ནག་གི་སྤྱི་སྐད་ཟེར་བའི་རྒྱ་སྐད་བཙན་གྱིས་སྦྱོང་དུ་བཅུག་ནས། མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དང་། སྐད་ཡིག་སོགས་ལས་ཁ་ཐག་ཇེ་རིང་དུ་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་སོགས་གསལ་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

US Secretary of State Antony Blinken at Freedom House’s annual Freedom Awards on May 9, 2023.
Mobile App

ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་ནས་བོད་མིའི་རིགས་རྫས་བསྡུ་རུབ་ལ་ཐུགས་འཚབ་ཡོད་སྐོར་གསུངས།

༢༠༢༣/༠༥/༡༡
སུའུ་ཏན་གྱི་དམག་དཔུང་གཉིས་ཀྱི་དམག་དཔོན།
Mobile App

སུའུ་ཏན་གྱི་དམག་དཔུང་བར་འཁྲུག་རྩོད་བྱུང་སྟེ་མི་མང་པོར་ཤི་རྨས་བྱུང་།

༢༠༢༣/༠༤/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese