མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་སིལ་སྤོལ་རྩེད་འགྲན་ཐེངས་ཉེར་གཅིག་པ་མགོ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༤/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་དབུས་ས་གཉིས་ཀྱི་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་རིང་བཞིན་གྱི་སིལ་སྤོལ་རྩེད་འགྲན་ཏེ། རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་སིལ་སྤོལ་རྩེད་འགྲན་ཐེངས་ ༢༡ པ་ཉིན་གྲངས་ལྔའི་རིང་རུ་ཁག་ ༡༦ མཉམ་ཞུགས་ཀྱིས་མགོ་འཛུགས་གནང་སོང་།

རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་སིལ་སྤོལ་རྩེད་འགྲན་ཐེངས་ ༢༡ པ་མགོ་འཛུགས་གནང་། པར་དབང་། བོད་ཀྱི་དུས་བབ་གསར་ཁང་། ༢༠༢༤།༠༤།༢༥

དེ་རིང་སྔ་དྲོ་ཆུ་ཚོད་ ༩ པ་ཡས་མས་ཙམ་ལ་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་འཁྲུངས་སྐར་སྲུང་གཙི་དང་འབྲེལ་རྒྱལ་གཅེས་དཔའ་བོ་དཔའ་མོའི་སིལ་སྤོལ་རྩེད་འགྲན་ཐེངས་ ༢༡ པ་མགོ་འཛུགས་གནང་སོང་ལ། ཐེངས་འདིའི་སིལ་སྤོལ་རྩེད་འགྲན་ཐེངས་ཉེར་གཅིག་པའི་རྒྱ་གར་གྱི་ས་གནས་འདྲ་མིན་ནས་མཉམ་ཞུགས་གནང་མཁན་གྱི་སྐྱེས་པའི་སིལ་སྤོལ་རུ་ཁག་ ༡༢ དང་བུད་མེད་རུ་ཁག་ ༤ བཅས་ཁྱོན་རུ་ཁག་ ༡༦ གིས་མཉམ་ཞུགས་གནང་གི་འདུག

དེ་རིང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་སིལ་སྤོལ་རྩེད་འགྲན་དབུ་འཛུགས་མཛད་རིམ་སྟེང་སྐུ་མགྲོན་གཙོ་བོ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས་ནས་ད་ལྟ་བོད་ནང་དུ་བོད་མི་ཚོས་བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་ཉིན་འཁྱོངས་ན་མཚན་མི་འཁྱོངས་པའི་གནས་སྟངས་འོག་དཀའ་ངལ་མྱོང་བཞིན་ཡོད་སྟབས། ད་རེས་སིལ་སྤོལ་རྩེད་འགྲན་བྱེད་པ་དང་ལྷན་དུ་གཞོན་སྐྱེས་ཚོས་མ་འོངས་བོད་ཀྱི་འཐབ་རྩོད་རྒྱུན་སྐྱོང་དང་འགན་འཁུར་དགོས་པ་གལ་ཆེན་ཡིན་སྐོར་བརྗོད་པ་དང་། དེ་བཞིན་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་སིལ་སྤོལ་རྩེད་འགྲན་ངོ་སྤྲོད་དང་སྦྲགས་ནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༩༨ ལོར་མ་ཤི་བར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་སྐུ་ལུས་མེ་མཆོད་དུ་ཕུལ་ཏེ་བོད་ཀྱི་མི་རིགས་ཀྱི་འཐབ་རྩོད་བྱས་ཡོད་པས། སིལ་སྤོལ་རྩེད་འགྲན་ནི་རྩེད་འགྲན་ཙམ་མ་ཡིན་པར་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྗེས་སུ་དྲན་པ་ཞིག་དང་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཀྱང་ཆགས་ཡོད་སྐོར་བརྗོད་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྷ་སའི་ས་གནས་དྲུང་ཆེ་བསྟན་འཛིན་བློ་བཟང་ལགས་ཀྱིས་རྩེད་འགྲན་དང་འབྲེལ་བའི་བསྒྲགས་གཏམ་སྒྲོག་སྦྱངས་གནང་སྐབས། དེ་རིང་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ངོས་འཛིན་གནང་བའི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༸ཀུན་གཟིགས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་བོ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་ཡིན་པ་དང་། ཁོང་དགུང་ལོ་དྲུག་ལ་ཕེབས་མཚམས་ནས་རྒྱ་དམར་སྲིད་གཞུང་གིས་འཛིན་བཟུང་བཙོན་འཇུག་གིས་ད་བར་གར་སོང་ཆ་མེད་དུ་སོང་བ་མ་ཟད། ཆུང་སྲིད་ཁོང་ནི་འཛམ་གླིང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་དེ་ཆགས་ཡོད་པས་རྒྱ་ནག་སྲིད་གཞུང་ནས་ཁོང་ཉིད་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་མགྱོགས་ནས་མྱུར་དུ་ཀློད་གོལ་ཡོང་བར་དགོས་འདུན་འདོན་རྒྱུ་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱ་ནག་སྲིད་གཞུང་ལ་མུ་མཐུད་གནོན་ཤུགས་སྤྲད་དེ་ྋཔཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གདན་ས་བཀྲིས་ལྷུན་པོར་ཞབས་སོར་འཁོད་གནང་ཐུབ་པར་རེ་སྨོན་ཞུ་ཡི་ཡོད་སྐོར་དང་། རྡ་ས་ས་གནས་གཞོན་ལྷན་ནས་ད་བར་རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་རྩེད་འགྲན་ཐེངས་ ༢༠ ཙམ་གོ་སྒྲིག་ཞུས་ཟིན་པ་ལྟར། འདི་ལོ་དབུས་ས་ཟུང་སྦྲེལ་གྱིས་རྒྱ་གར་རྒྱལ་ཡོངས་ཀྱི་སིལ་སྤོལ་རྩེད་འགྲན་ཐེངས་དང་པོ་དང༌། རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་སིལ་སྤོལ་རྩེད་འགྲན་ཐེངས་ ༢༡ པ་གོ་སྒྲིག་བྱེད་པའི་དགོས་དམིགས་ནི་རང་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་གཅེས་དཔའ་བོ་དབའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་སོགས ཀྱི་གོ་རྟོགས་གོང་སྤེལ་གཏོང་རྒྱུ་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་གཙོས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་རང་རིགས་གཞོན་སྐྱེས་རྣམས་མཉམ་ཞུགས་གང་མང་ཡོང་ཐབས་ལ་དམིགས་ཏེ་ནུས་པ་སྤུངས་སའི་སྡིངས་ཆ་མཁོ་སྤྲོད་བྱ་རྒྱུ། རིགས་གཅིག་ཆོལ་གསུམ་སྤུན་ཟླ་ནང་ཁུལ་མཛའ་བརྩེའི་དམ་ཚིག་གཅིག་སྒྲིལ་དགོས་གལ་གྱི་བརྡ་ལན་སོགས་གཏོང་ཆེད་ཡིན་སོགས་བརྗོད་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese