མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གི་བོད་རྒྱ་འབྲེལ་མོལ་སྐོར་གྱི་སྐད་ཆ་དེ་གསར་པ་གང་ཡང་མ་རེད་ཅེས་གསུངས་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱིས་འདི་བྱེད་ཀྱི་འདུག་འདི་བྱེད་ཀྱི་མི་འདུག་ཅེས་བཤད་པ་དེ་ཚོར་བདག་པོ་བརྒྱག་དགོས་ན་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་དགོས་སྐོར་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་ནག་དམར་གཞུང་གི་མགྲིན་ཚབ་པ་ཝང་ཝིན་པིན། པར་དུས་བབ་ཀྱིས་བསྒྲིགས།

ཟླ་འདིའི་ཕྱི་ཚེས་ ༢༦ ནས་ཟླ་ ༥ ཚེས ༢༡ བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སོ་ལན་དང་ལྡི་ལི། དེ་ནས་སུད་སི་དང་ཧྥ་རན་སི། ཨི་ཊ་ལི། ཨོ་སི་ཊི་རི་ཡ། འཇར་མན་ནི་སོགས་སུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༨ ཉིན་སྲིད་སྐྱོང་མཆོག་སུད་སི་གྲོང་ཁྱེར་རྫུ་རིག་ཏུ་འབྱོར་ཏེ་ཁུལ་དེའི་བོད་མི་རྣམས་ལ་གསུང་བཤད་གནང་འདུག

མི་མང་ལ་གསུང་བཤད་གནང་སྐབས་ཟླ་འདིའི་ཕྱི་ཚེས ༢༦ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝིན་པིན་( Wang Wenbin) ཟེར་བ་ཞིག་གིས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་སྒེར་གྱི་སྐུ་ཚབ་མཉམ་དུ་འབྲེལ་མོལ་བྱ་རྒྱུ་ལས། བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་གཏན་ནས་མེད་སྐོར་བཤད་པ་དེའི་ཐད་སྲིད་སྐྱོང་མཆོག་གིས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་་པོ་ཆེ་མཆོག་དང་ལྷན་དུ་༧མགོན་པོ་གང་ཉིད་ཀྱི་མ་འོངས་པའི་གནད་དོན་སྐོར་གྲོས་མོལ་བྱ་རྒྱུ་ལས་བོད་མིའི་སྒྲིག་འཛུགས་ལྷན་དུ་གྲོས་མོལ་བྱ་རྒྱུ་མིན་ཚུལ་བཤད་པ་ནི་སྐད་ཆ་གསར་པ་གང་ཡང་མ་རེད། རྒྱ་གཞུང་གིས་རྒྱུན་ལྡན་ནས་ཤོད་བཞིན་པའི་གནས་ཚུལ་ཞིག་ཡིན་སྐོར་དང་། བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་དགོས་ན་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་བྱ་དགོས་པས། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་སྲིད་གཞུང་དང་སྤྱི་ཚོགས་ལ་གོ་རྟོགས་དང་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ནས། རྒྱ་ནག་གཞུང་གིས་བོད་རྒྱ་གྲོས་མོལ་བྱ་རྒྱུར་སྐུལ་མ་གནང་དགོས་པའི་འབོད་སྐུལ་གནང་གི་ཡོད་སྐོར་གསུངས་འདུག

ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་དེ་འབྲེལ་གནས་ཚུལ་སྤེལ་བ་ལྟར་ན། སྲིད་སྐྱོང་མཆོག་གིས།  མཚམས་རེར་རྒྱ་ནག་ནས་ང་ལ་ཁྱོད་ཀྱིས་འདི་བྱེད་ཀྱི་འདུག འདི་བྱེད་ཀྱི་མི་འདུག་ལྟ་བུའི་ལན་སྐུར་གྱི་འདུག ངས་འདི་ང་ལ་མ་ཤོད་ཅེས་བརྗོད་ཀྱི་ཡོད། ཁོ་ཚོས་བཤད་པ་དེ་ང་ཚོས་བདག་པོ་རྒྱག་དགོས་ན། དང་པོ་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐོངས་དང་། དེ་ནས་ང་ཚོས་བསམ་བློ་གཏང་རྒྱུ་ཡོད་པ་རེད། བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏང་རྒྱུ་མེད་པར་ཁ་སང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་སྐད་ཆ་ཤོད་སྟངས་ལ་བལྟས་པ་ཡིན་ན། ང་ཚོའི་ལུང་པར་ཁོ་ཚོས་བཙན་གནོན་དབང་ཡོད་ཀྱིས་བཟུང་བསྡད་ཡོད་བཞིན་དུ། ད་དུང་༸རྒྱལ་བ་རིན་པོ་ཆེས་འདི་གནང་དགོས། འདི་གནང་ཆོག་གི་མ་རེད་ཅེས་བཤད་པ་དེ་ག་རེ་ཟེར་གྱི་ཡོད་པ་རེད། ཧམ་པའི་སྐད་ཆ་རེད། འདི་རིགས་ང་ཚོས་ཁས་ལེན་ཐུབ་རྒྱུ་མེད་ཅེས་སོགས་གསུངས་འདུག

གསར་འགོད་གསལ་བསྒྲགས་དེའི་ཐོག་ཝང་ཝིན་པིན་( Wang Wenbin) ཟེར་བ་དེས།  བཙན་བྱོལ་བོད་མིའི་གཞུང་ཟེར་བ་ནི་ཕྱི་ལོགས་སུ་གནས་སྡོད་བྱེད་མཁན་གྱི་བོད་མི་ཁ་བྲལ་བས་བཙུགས་པའི་བོད་རང་བཙན་འདོད་པའི་ཆབ་སྲིད་ཀྱི་གར་སྟེགས་ཤིག་ཡིན་ལུགས་དང་། ཁྲིམས་མཐུན་མིན་པའི་ཚོགས་པ་དེས་རྒྱ་ནག་གི་བཅའ་ཁྲིམས་ལ་གནོད་འཚེ་གཏོང་གིན་ཡོད་པས་འཛམ་གླིང་གི་རྒྱལ་ཁབ་སུས་ཀྱང་ངོས་ལེན་བྱེད་ཀྱི་མེད་ཚུལ་དང་། དེ་བཞིན་རྒྱ་ནག་གཞུང་གིས་འབྲེལ་མོལ་སླད་ཆ་རྐྱེན་གཙོ་བོ་གཉིས་བཏོན་ཡོད་ཅིང་། གཅིག ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་ལམ་དང་གྲོས་མོལ་བྱ་རྒྱུ་ཡིན་པ་ལས་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ལ་འབྲེལ་མོལ་བྱ་རྒྱུ་མིན་ལུགས། གཉིས་པ། འབྲེལ་མོལ་དེ་༸གོང་ས་རིན་པོ་ཆེ་མཆོག་དང་སྐུ་འཁོར་ཁག་གཅིག་གི་མ་འོངས་པའི་སྐུ་སྒེར་གྱི་གནད་དོན་ཡིན་པ་ལས་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཟེར་བའི་སྐོར་མིན་ལུགས་སོགས་བཤད་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese