མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིང་གིས་ཡུ་རོབ་ནང་སྐོར་སྐྱོད་བྱས་ཏེ་ཚོང་འབྲེལ་རྒྱ་སྐྱེད་གཏང་འཆར་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

ལོ་ངོ་ལྔ་ཡི་རྗེས་སུ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་ཡུ་རོབ་ཏུ་བསྐྱོད་དེ་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་འབྲེལ་ཚུད་པའི་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་ཚོང་ལས་འབྲེལ་བ་སྔར་ལས་ཤུགས་ཆེ་རུ་གཏོང་ཐབས་བྱ་རྒྱུ་ཡིན་འདུག

Chinese President Xi Jinping talks to U.S. Secretary of State Antony Blinken (not seen) at the Great Hall of the People, on April 26, 2024, in Beijing, China.Photo :AP

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༥ ནས་ ༡༠ བར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གིས་ཧྥ་རན་སི་དང་། སི་བྷི་ཡ། དེ་བཞིན་ཧཱང་གྷ་རི་སོགས་སུ་སྐོར་སྐྱོད་བྱས་ནས་འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཏེ། རྒྱ་ནག་དང་ཡུ་རོབ་ཀྱི་ཚོང་འབྲེལ་ལ་སྔར་ལས་ལྷག་པའི་ཤུགས་སྣོན་བྱས་ནས་རྒྱ་ནག་གི་ཅ་དངོས་ཚོང་འགྲེམས་ཀྱི་ཁྱབ་རྒྱ་ཇེ་ཆེར་གཏོང་ཐབས་བྱ་རྒྱུ་ཡིན་འདུག་ལ།  དེ་ནི་ཞི་ཅིན་ཕིང་ཕྱི་ལོ ༢༠༡༩ ཡི་རྗེས་སུ་ཡུ་རོབ་ཏུ་བསྐྱོད་པ་ཐོག་མ་དེ་ཆགས་ཡོད་ཅིང་། ད་ལན་གྱི་སྐོར་སྐྱོད་དེ་བརྒྱུད་རྒྱ་ནག་དང་ཡུ་རོབ་ཀྱི་ཚོང་དོན་ལ་ནུས་པ་དམིགས་བསལ་ཞིག་ཐོན་པའི་རེ་བའང་བྱེད་ཀྱིན་ཡོད་འདུག

འདི་ལོའི་ཕྱི་ཟླ ༥ ཚེས་ ༥ དང་ ༦ ཉིན་ཏེ་རྒྱ་ནག་དང་ཧྥ་རན་སི་གཉིས་ཚོང་འབྲེལ་བཙུགས་ནས་མི་ལོ ༧༠ འཁོར་བ་དང་བསྟུན། ཞི་ཅིན་ཕིན་གྱིས་ཧྥ་རན་སིའི་སྲིད་འཛིན་མེག་ཁོན་མཆོག་དང་ཐུག་འཕྲད་བྱ་རྒྱུ་ཡིན་ཞིང་། སྐབས་དེར་ཕྱོགས་གཉིས་ཀྱིས་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པའི་གནད་དོན་དང་། དཀྱིལ་ཤར་ཨེ་ཤ་ཡའི་དམག་འཁྲུག  ཚོང་དོན་གྱི་དཀའ་ངལ། ཚན་རིག་དང་། རིག་གཞུང་། རྩེད་རིགས་མཉམ་ལས་སོགས་ཚུད་པའི་ཕྱོགས་གཉིས་ཀྱི་ཚོང་དོན་སོགས་ཀྱི་ཐད་ལ་གྲོས་མོལ་བྱ་རྒྱུ་ཡིན་འདུག

དེའི་ཐད་ཁ་སང་ཕྱི་ཚེས ༢༩ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིན་ཅན་(Lin Jian) གྱིས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། རྒྱ་ནག་དང་ཧྥ་རན་སིའི་ཚོང་དོན་གྱི་མཉམ་ལས་དེར་འཕེལ་རྒྱས་འགྲོ་ཡི་འདུག་པས། ཕྱོགས་གཉིས་ཀར་ཐབས་ཇུས་ལྡན་པའི་འབྲེལ་ལམ་དང་ལག་བསྟར་རང་བཞིན་ལྡན་པའི་མཉམ་ལས་བྱེད་མུས་ཡིན་ལུགས་དང་། ད་ལན་ཡུལ་གཉིས་ཀྱི་མཉམ་ལས་རྒྱ་སྐྱེད་གཏང་རྒྱུ་ཡིན་པ་མ་ཟད། རྒྱ་ནག་དང་ཡུ་རོབ་ཀྱི་ཚོང་འབྲེལ་ཡར་རྒྱས་གོང་འཕེལ་ཡོང་རྒྱུར་དམིགས་ཡོད་ལུགས་སོགས་བརྗོད་འདུག

སྤྱིར་འདི་ལོའི་ཕྱི་ཟླ་གསུམ་པ་ཙམ་ནས་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་གོ་ལ་ལྗང་སྒྱུར་བྱེད་ཆེད་ཀྱི་ཅ་དངོས་དག་དང་། ལྟ་ཞིབ་གློག་ཆས་སོགས་ལ་རྒྱུས་ལོན་དང་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱེད་ཀྱི་ཡོད་མེད་ཀྱི་དྭོགས་གཞིའི་འོག་ནས་ཞིབ་འཇུག་བྱེད་མགོ་བཙུགས་ཡོད་ཅིང་། རྒྱ་ནག་དང་མཉམ་འབྲེལ་གྱིས་བཟོས་པའི་སྨན་རིགས་སོགས་ལའང་ཞིབ་འཇུག་བྱེད་ཀྱིན་ཡོད་འདུག་ལ། བདུན་ཕྲག་སྔ་མ་ནས་ཡུ་རོབ་མཐུན་ཚོགས་ཀྱིས་ཚོགས་ཁོངས་རྒྱལ་ཁབ་ཁག་ནང་ཡོད་པའི་རྒྱ་ནག་གི་ཚོང་ལས་ཁང་དག་དང་། རྒྱ་ནག་གི་མཉེན་ཆས་སོགས་ལའང་ཞིབ་བཤེར་བྱེད་མགོ་བཙུགས་ཏེ་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་ཀྱི་འབྲེལ་ལམ་ཇེ་ཞན་དུ་འགྲོ་མུས་ཡིན་སྟབས། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། ད་ལན་རྒྱ་ནག་གཞུང་གིས་ཡུ་རོབ་དང་རྒྱ་ནག་གི་ཚོང་འབྲེལ་ཇེ་སྡུག་ཏུ་འགྲོ་མུས་ཡིན་པའི་སྐབས་དང་བསྟུན། ཧྥ་རན་སི་དང་ཚོང་འབྲེལ་ཇེ་བཟང་དུ་བཏང་ནས་སླར་ཡང་ཡུ་རོབ་མཐུན་ཚོགས་དང་ཚོང་དོན་གྱི་འབྲེལ་ལམ་སླར་གསོ་བྱ་རྒྱུར་རེ་བ་བྱེད་ཀྱིན་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

དེ་བཞིན་རྒྱ་ནག་གི་མགོ་ཁྲིད་ཞི་ཡིས་ཧཱང་གྷ་རི་དང་སི་བྷི་ཡ་རྒྱལ་ཁབ་གཉིས་ཀྱི་སྲིད་བློན་དང་སྲིད་འཛིན་སོགས་སུ་ཐུག་སྟེ། ཟླ་སྔ་མར་ཧཱང་གྷ་རི་ཡིས་རྒྱ་ནག་གིས་བཟོས་པའི་གློག་འཁོར་མང་དག་ཅིག་ཕྱིར་བསྔུ་བྱས་པའི་སྐོར་སོགས་ཚུད་པའི་ཕྱོགས་གཉིས་ཀྱི་ཚོང་དོན་གྱི་འབྲེལ་ལམ་ཇེ་ཆེར་གཏོང་ཐབས་དང་། རྒྱ་ནག་དང་རྒྱལ་ཁབ་དེ་གཉིས་ཀྱི་མཉམ་ལས་དང་གཉིས་ཕན་ཟེར་བ་ཞིག་གི་ཐོག་ནས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་གྱི་ལས་གཞི་གང་མང་སྤེལ་ཐབས་སོགས་ཀྱི་ཐད་ལ་གྲོས་མོལ་བྱ་འཆར་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༩  ནང་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་དོན་འགན་འཛིན་སྐུ་ཞབས་ཝལ་ཌི་སི་ (Valdis dombrovskis) ལགས་ཀྱིས། རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་དོན་འབྲེལ་ལམ་དེ་གཉན་འཕྲང་ཅན་ཞིག་ཏུ་གྱུར་ཡོད་པ་རེད། ང་ཚོས་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་ལམ་བུ་ཞིག་གདམ་ཆོག་ལ། ང་ཚོས་ལག་པ་དང་ལག་པ་འབྲེལ་ནས་ཕྱི་གསལ་ནང་གསལ་དང་། དྲང་ཚུགས་ལྡན་པའི་ཚོང་འབྲེལ། མ་འཛུགས་སོགས་ཀྱི་ཐོག་ནས་གདོང་ལེན་བྱ་དགོས། ཡང་མིན་ན་ང་ཚོས་ཕྱོགས་གཉིས་ཀ་ག་ལེར་ལོགས་སུ་འགྲོ་བཅུག་པའི་ལམ་བུ་དེ་གདམ་དགོས།  ང་ཚོའི་འདས་པའི་ལོ་བཅུ་ཕྲག་རིང་གི་མཉམ་བགོས་ཁེ་ཕན་ཇེ་ཞན་དང་མེད་པར་གྱུར་ན་མི་མང་དང་ཚོང་དོན་གྱི་འབྲེལ་ལམ་མེད་པར་གཏང་བ་རེད། ཅེས་བརྗོད་ཡོད་པ་རེད།

ཕྱི་ལོ་ ༡༩༧༥ ནས་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་མཉམ་འབྲེལ་ཚོང་ལས་མགོ་བརྩམས་ཤིང་། ཕྱི་ལོ་ ༢༠༡༣ ལོར་བཞག་པའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ཚོང་དོན་མ་འཛུགས་གྲོས་ཆོད་དེས་ཕྱོགས་གཉིས་ཀྱི་ཚོང་དོན་མ་འཛུགས་གོང་འཕེལ་གཏོང་ཐབས་ལ་དམིགས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོའི་ཚོང་འབྲེལ་གནས་བབ་ལྟར་ན། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་ཁྱོན་ཨ་སྒོར་ཐེར་འབུམ་ ༥༥༩ ཡི་ཚོང་ལས་གཉེར་ཡོད་པ་དང་། དེ་ནི་འཛམ་གླིང་གི་ཚོང་འབྲེལ་ཆེ་ཤོས་ཨང་རིམ་ ༢ པ་དེ་ཆགས་ཡོད་འདུག ཡིན་ནའང་། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་དེ་འཛམ་གླིང་ཡོངས་སུ་ཁྱབ་ནས་བསམ་ཡུལ་ལས་འདས་པའི་ཆག་སྒོ་ཆེན་པོ་བསླངས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་ཟེར་བ་ལག་བསྟར་བྱས་ཏེ་འཛམ་གླིང་ལ་ཚོང་འབྲེལ་རེ་ཞིག་མཚམས་འཇོག་དགོས་བྱུང་བར་བརྟེན།  འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་ཚོང་འབྲེལ་ལའང་དོ་ཕོག་ཤུགས་ཆེན་ཕྱིན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༧ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese