མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་གཞི་རྒྱ་ཆེ་ཤོས་ཀྱི་འོས་བསྡུ་ཆེན་མོ།

བོད་ཀྱི་དུས་བབ།
༢༠༢༤/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་གཞི་རྒྱ་ཆེ་ཤོས་ཀྱི་འོས་བསྡུ་ཆེན་མོ་སྟེ་རྒྱ་གར་གྱི་ཕྱི་ལོ ༢༠༢༤ ལོའི་འོས་བསྡུར་མི་གྲངས་ས་ཡ་ ༩༦༠ ཙམ་གྱིས་ཐོ་འགོད་བྱས་ཏེ་ཉིན་གྲངས་ ༤༤ རིང་འོས་བསྡུ་བྱེད་མུས་ཡིན་པ་རེད།

Lok Sabha 2024 elections will be held between April 19 and June 1, across seven phases.

འདི་ལོའི་ཕྱི་ཟླ་ ༤ ཚེས ༡༩ ནས་ཟླ་ ༦ ཚེས་ ༡ བར་གྱི་ཉིན་གྲངས་ ༤༤ རིང་རྒྱ་གར་གྱི་འོས་བསྡུ་ཆེན་མོ་གནང་གི་ཡོད་ལ། འདི་ལོའི་འོས་བསྡུའི་ཆེད་མི་གྲངས་ས་ཡ་ ༩༦༠ ཙམ་གྱིས་ཐོ་འགོད་བྱས་ཡོད་པས། ཕྱི་ལོ ༢༠༡༩ ལོའི་རྒྱལ་ཡོངས་འོས་བསྡུ་དང་བསྡུར་ན་འདི་ལོའི་འོས་བསྡུའི་ཁྲོད་ཐོ་འགོད་བྱེད་མཁན་མི་གྲངས་ཡ་ས་ ༦༠ ལྷག་མང་བ་ཡོད་པས་འཛམ་གླིང་གི་ཆེས་གཞི་རྒྱ་ཆེ་ཤོས་ཀྱི་འོས་བསྡུ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་གར་གྱི་ལོ་རྒྱུས་ནང་གི་འོས་བསྡུའི་དུས་ཡུན་རིང་ཤོས་གཉིས་པ་དེའང་རེད་འདུག

རྒྱ་གར་གྱི་མངའ་སྡེ་ ༢༨ དང་། དབུས་ཐད་སྐྱོང་དང་རང་སྐྱོང་ཁུལ་ ༨ ནང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ ༥༤༣ འོས་འདེམས་བྱས་པ་བརྒྱུད། ལས་ཐོག་གཞུང་འཛིན་ཚོགས་པ་བྷི་ཇེ་ཕིའི་དབུ་འཁྲིད་སྲིད་བློན་མུ་དྷི་མཆོག་དང་། ཁ་གཏད་ཀོང་རི་སི་སྲིད་དོན་ཚོགས་པའི་དབུ་འཁྲིད་མ་ལི་ཀར་གྷ་(Mallikarjun Kharge) གཉིས་ལས་སུ་ཞིག་སྲིད་བློན་ཆགས་མིན་ནི་སྲིད་དོན་ཚོགས་པ་གང་ལ་རྒྱལ་ཁ་འཐོབ་མིན་ལ་ཐུག་ཡོད་པ་རེད།

འདས་པའི་མི་ལོ་ ༡༠ རིང་རྒྱ་གར་སྲིད་བློན་མུ་དྷི་མཆོག་གི་ལས་ཡུན་རིང་། རྒྱ་གར་གྱི་དཔལ་འབྱོར་ཕྱོགས་ཡོངས་ནས་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཏེ་འདས་པའི་ལོ་ཤས་རིང་རྒྱ་གར་འཛམ་གླིང་གི་ཚོང་གི་ལྟེ་གནས་ཆེ་ཤོས་ལྔ་པར་གྱུར་ཡོད་ཅིང་། རྒྱ་གར་གྱི་ཤེས་རིག་དང་། འཕྲོད་བསྟེན། འཛུགས་སྐྲུན། དེང་རབས་འཕྲུལ་རིག་སོགས་ཀྱི་ཐད་ནས་འཕེལ་རྒྱས་ཕྱིན་ཡོད་པ་དང་། ལྷག་པར་དུ་རྒྱ་གར་གྱི་གྲོང་གསེབ་ཁག་ཏུ་སློབ་གྲྭ་ ༢༣༡ ལྷག་གསར་འཛུགས་ཀྱིས་སློབ་མ་གྲངས ༡༤༠༠༠༠ ལྷག་ལ་སློབ་སྦྱོང་གི་གོ་སྐབས་བསྐྲུན་པ། པཱ་ཀི་སི་ཐན་ནང་ཐེངས་འགར་དྲག་པོའི་རྒོལ་རྡུལ་བཏང་བ། ལྐོག་ཟ་རུལ་སུངས་འགོག་རྒོལ་ཆེད་དངུལ་ལོར་བརྗེ་བསྒྱུར་དང་འཕྲུལ་ལས་ཅན་དུ་བསྒྱུར་བ་སོགས་ཀྱི་གྲུབ་འབྲས་ཐོན་ཡོད་འདུག  གནད་དོན་དབྱེ་ཞིབ་པ་ཚོས། འདི་ལོའི་འོས་བསྡུའི་ཁྲོད། སྲིད་བློན་མུ་དྷི་མཆོག་གི་སྲིད་དོན་ཚོགས་པར་བསྐྱར་དུ་རྒྱལ་ཁ་ཐོབ་རེ་ཆེ་བ་ཡོད་སྐོར་བརྗོད་ཀྱི་འདུག་ལ། ད་ལན་ཡང་བསྐྱར་རྒྱལ་ཁ་འཐོབ་ཚེ་ཁོང་གིས་སྲིད་བློན་གྱི་ཐུགས་འགན་ཐེངས་གསུམ་པ་དེ་འཁུར་གྱི་ཡོད་པ་རེད།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཙམ་ནས་མུ་དྷི་གཞུང་གིས། རྒྱ་གར་གྱི་ཞིང་ལས་ཁྲིམས་སྒྲིག་གསུམ་གྱི་ཐད་ལ་བསྐྱར་བཅོས་བྱས་པར་བརྟེན། རྒྱ་གར་གྱི་པན་ཇབ་དང་། ཧར་ཡ་ན་སོགས་ཞིང་ལས་ཤུགས་ཆེ་བའི་མངའ་སྡེ་མང་པོའི་ནང་ཞིང་པའི་ངོ་རྒོལ་ལས་འགུལ་ཤུགས་ཆེན་བྱས་ཏེ། ད་བར་ཞིང་པ་ལས་འགུལ་བ་མང་པོར་ཤི་རྨས་བྱུང་བ་དང་། རང་ཤི་བརྒྱབ་པའི་གནས་ཚུལ་བྱུང་ཡོད་འདུག  ཀོང་རི་སི་ཁ་གཏད་ཚོགས་པས་རྒྱུན་དུ་སྲིད་བློན་མུ་དྷི་དང་བྷི་ཇེ་ཕི་ཡིས། ཧིན་དྷུ་དང་ཁ་ཆེ་ཞེས་དུམ་བུ་གཉིས་ལ་བཅད་ཡོད་པ་མ་ཟད། སྤྱི་དམངས་ཀྱི་བདེ་སྡུག་ལ་བསམ་ཞིབ་མ་བྱས་པར་དངོས་ཟོག་གི་ཁྲལ་སྤར་བ་སོགས་བྱས་ཏེ། རྒྱལ་ཁབ་ཕུ་དཀྲུག་མདའ་དཀྲུག་བཏང་ཡོད་སྐོར་དང་། ཆོས་ལུགས་དབྱེ་འབྱེད་བྱེད་ཀྱི་ཡོད་སྐོར་སྐྱོན་བརྗོད་བྱེད་བཞིན་ཡོད་ལ།  ཁ་གཏད་ཚོགས་པས་མུ་དྷི་ལ་སླར་ཡང་སྲིད་བློན་གྱི་རྒྱལ་ཁ་ཐོབ་པ་ཡིན་ན། རྒྱ་གར་མི་མང་གིས་གཞི་རྩའི་ཐོབ་ཐང་མང་པོ་ཞིག་མི་རག་པའི་དཀའ་ངལ་འཕྲད་ཉེན་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད།

People Wait In Queues At A Polling Station To Cast Their Votes For Karnataka Assembly Elections, In Bengaluru On May 10

ཕྱི་ལོ་ ༢༠༡༩ ལོའི་འོས་བསྡུའི་སྐབས་མུ་དྷི་གཞུང་གིས་མི་ལོ་ལྔ་ཡི་ནང་ཚུད་ལ་རྒྱ་གར་གྱི་རྒྱལ་སྲུང་དང་། ཞིང་པའི་ཚོང་དོན་ཡོང་འབབ་གོང་མཐོར་གཏང་རྒྱུ་ཡིན་པ་སོགས་ཁས་ལེན་ཆེན་པོ་བཅུ་ཙམ་བྱས་ཡོད་ཀྱང་ལག་བསྟར་མ་ཐུབ་པ་དང་དཀའ་རྙོག་བཟོས་པའི་སྐྱོན་བརྗོད་འོག རྒྱ་གར་གྱི་མངའ་སྡེ་ཆེན་པོ་ཡུ་པི་དང་། པན་ཇབ། ཧ་རི་ཡ་ན། དེ་བཞིན་ཁ་ཆེ་ཆོས་ལུགས་མང་བའི་ཇ་མུ་དང་ཀ་ཤི་མིར་སོགས་ནས་འོས་ཤོག་ལྡུག་མཁན་ཉུང་ཉུང་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། རྒྱ་གར་དབུས་དང་། ལྷོ་ཕྱོགས་ཁུལ་གྱི་ས་གནས་མང་པོ་ནས་གཞུང་འཛིན་ཚོགས་པར་འོས་ཤོག་ལྡུག་མུས་ཡིན་འདུག

འདི་ལོའི་འོས་བསྡུ་ཆེན་མོ་དེ་ཕྱི་ཟླ་ ༤ ཚེས་ ༡༩ དང་། ཚེས་ ༢༦། ཕྱི་ཟླ་ ༥ ཚེས་ ༧ དང་༡༣། ༢༠། དེ་བཞིན་ ༢༥ སོགས་སུ་མངའ་སྡེ་ཁག་གི་ནང་འོས་བསྡུས་བྱས་རྗེས། འདི་ལོའི་ཕྱི་ཟླ་ ༦  ཚེས་ ༤ ཉིན་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱ་རྒྱུ་ཡིན་འདུག་ཀྱང་། འདི་ལོར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མངའ་སྡེ་མང་པོ་ཞིག་ཏུ་ཚ་བ་ཤུགས་ཆེན་རྒྱས་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་གར་མངའ་སྡེ་ཆེ་གྲས་མ་ཧ་ར་ཤི་ཌ་(Maharashtra) སོགས་སུ་ཚ་རླབས་ཆེན་པོ་རྒྱས་ཀྱི་ཡོད་སྟབས། གནད་དོན་དབྱེ་ཞིབ་པ་ཚོས། འདི་ལོར་ཚ་རླབས་ཀྱི་རྐྱེན་གྱིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མངའ་སྡེ་མང་པོའི་ནང་འོས་ཤོག་ལྡུག་མཁན་ཇེ་ཉུང་དུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་རྒྱ་གར་རང་བཙན་ཐོབ་རྗེས། ཕྱི་ལོ་ ༡༩༤༩ ལོར་གཏན་འབེབ་བྱས་པའི་རྩ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་ཐོག་མར་ཕྱི་ལོ་ ༡༩༥༡ ལོར་འོས་བསྡུ་བྱས་ཏེ། གྲོས་ཚོགས་འོག་མའི་འོས་བསྡུ་སྐབས་དང་པོ་དེ་ཟླ་བ་ ༣ ལྷག་འགོར་ཡོད་པ་དང་། ཐོག་མའི་རྒྱལ་ཁ་དེ་རྒྱ་གར་གྱི་སྲིད་བློན་ཟུར་པ་ནེ་རུ་མཆོག་གིས་སྣེ་འཁྲིད་པའི་ཀོང་རི་སི་ཚོགས་པ་ལ་ཐོབ་ཡོད། ཕྱི་ལོ་ ༡༩༦༢ ནས་ ༡༩༨༩ བར་གྱི་རྒྱལ་ཡོངས་འོས་བསྡུ་ཉིན་གྲངས་ ༤ ནས་ ༡༠ བར་གྱི་དུས་ཡུན་ནང་མཇུག་སྒྲིལ་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༡༩༨༠ ལོའི་རྒྱལ་ཡོངས་འོས་བསྡུ་དེ་ཉིན་གྲངས་ ༤ ནང་མཇུག་སྒྲིལ་ཡོད་སྟབས། ལོ་རྒྱུས་ཁྲོད་ཀྱི་འོས་བསྡུ་དུས་ཡུན་ཐུང་ཤོས་དེ་ཆགས་ཡོད་འདུག ཡིན་ནའང་། འདི་ལོའི་འོས་བསྡུར་ཉིན་གྲངས་ ༤༤ ཙམ་འགོར་གྱི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese