མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་ནཱ་རཱ་སིམ་རའོ་ཞི་བདེ་གཟེངས་རྟགས་ཕུལ།

བོད་ཀྱི་དུས་བབ།
༢༠༢༤/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་སྲིད་བློན་ཟུར་བ་ནཱ་རཱ་སིམ་ཧ་ (Narasimha) དམ་པ་མཆོག་གི་རྗེས་དྲན་ཞི་བདེ་གཟེངས་རྟགས་(Narasimha Rao Memorial Award) ཞེས་པ་དེ་༧གོང་ས་མཆོག་ལ་འབུལ་ལམ་ཞུས།

གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཞུགས་སྒར་ཕོ་བྲང་དུ་རྒྱ་གར་གྱི་སྲིད་བློན་ཟུར་པ་ནཱ་རཱ་སིམ་ཧ་ (Narasimha) དམ་པ་མཆོག་གི་རྗེས་དྲན་གཟེངས་རྟགས་ Narasimha Rao Memorial Award ཞེས་པ་དེ་འབུལ་ལམ་ཞུས།
པར་དབང་། དཔལ་ལྡན་དགའ་ལྡན་ཕོ་བྲང་།

ཟླ་འདིའི་ཕྱི་ཚེས་ ༨ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ རྒྱ་གར་གྱི་སྲིད་བློན་ཟུར་པ་ནཱ་རཱ་སིམ་ཧ་ (Narasimha) དམ་པ་མཆོག་གི་རྗེས་དྲན་གཟེངས་རྟགས་ (Narasimha Rao Memorial Award) ཞེས་པ་དེ་འབུལ་ལམ་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས། དཀའ་ངལ་ཚང་མའི་རྐྱེན་རྩ་ནི་གཞན་ལ་སྐྱོན་འཛུགས་བྱ་རྒྱུ་མ་ཡིན་པར། རང་ཉིད་ཀྱི་མ་རིག་པའི་བློ་ལ་བརྟེན་ནས་བྱུང་གི་ཡོད་པའི་བཀའ་སློབ་བསྩལ།

རྒྱ་གར་གྱི་སྲིད་བློན་ཟུར་པ་ནཱ་རཱ་སིམ་ཧ་ (Narasimha) དམ་པ་མཆོག་གི་དགེ་རྩ་ཚོགས་པའི་ཚོགས་མི་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་གྲུབ་མཚམས་བོད་མིའི་གསར་འགོད་པ་ཁག་ཅིག་ལ་བརྗོད་དོན། ཕྱི་ལོ ༢༠༢༡ ལོ་ནི་སྲིད་བློན་ཟུར་པ་ནཱ་རཱ་སིམ་རའོ་དམ་པ་ཁོང་དགུང་ལོ་བརྒྱ་འཁོར་བའི་དུས་དྲན་ཡིན། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དམ་པ་ཁོང་གི་རྗེས་དྲན་གཟེངས་རྟགས་དེ་ཉིད་ཕུལ་འདོད་ཆེན་པོ་ཡོད་ཀྱང་། ནད་ཡམས་ཀྱི་དབང་གིས་ཕུལ་ཐུབ་མེད་སྟབས། ད་རེས་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་དེ་འབུལ་བཞེས་ཆེད་བཅར་ཡོད་པ་ཙམ་མ་ཟད། ༧མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ནང་ཞི་བདེའི་རང་གཟུགས་མཚོན་གྱི་ཡོད་སྟབས་ཞི་བདེའི་གཟེངས་རྟགས་དེ་འབུལ་བཞེས་མཛད་ཡོད་སྐོར་གསུངས་སོང་།

རྒྱ་གར་རྒྱལ་ཡོངས་འཇིགས་སྐུལ་རིང་ལུགས་འགོག་རྒོལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སིན་བྷེ་ཏཱ་(Maninderjeet Singh Bitta) ལགས་ཀྱིས། སྐུ་ཞབས་ནཱ་རཱ་སིམ་རའོ་ལགས་ཀྱིས་རྒྱ་གར་རྒྱལ་ཁབ་ཀྱི་ཞི་བདེ་བརྟན་ལྷིང་དང་དཔལ་འབྱོར་ཐད་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པར་བརྟེན། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཁོང་ལ་རྒྱ་གར་གྱི་ཆེས་མཐོའི་སྤྱི་དམངས་གཟེངས་རྟགས་ (Bharat Ratna) འབུལ་བཞེས་མཛད་ཡོད་པ་དང་། གཟེངས་རྟགས་དེ་ཉིད་༸གོང་ས་མཆོག་གི་བྱིན་རླབས་ལ་བརྟེན་ནས་ཐོབ་ཡོད་པས། ཐེངས་འདིར་མགོན་པོ་༸གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་ཞི་བདེའི་གཟེངས་རྟགས་དེ་འབུལ་ལམ་ཞུས་ཡོད་སྐོར་བརྗོད་སོང་བ་དང་། དེ་བཞིན། དགེ་རྩ་ཚོགས་པའི་ཚོགས་མི་ (Bala Latha) ལགས་ཀྱིས་སྐུ་ཞབས་ནཱ་རཱ་སིམ་རའོ་ལགས་ནི་ཞི་བདེ་ལ་དགའ་མོས་ཆེན་པོ་གནང་མཁན་གྱི་གང་ཟག་ཅིག་ཡིན་སྟབས། ཁོང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་བར་རྒྱལ་སྤྱིའི་ཞི་བདེའི་གནད་དོན་སྣ་ཚོགས་ཐོག་དམ་ཟབ་ཀྱི་འབྲེལ་བ་ཡོད་པ་དང་། ༸གོང་ས་མཆོག་ནི་རྒྱལ་སྤྱིའི་ཁྲོད་ཞི་བདེའི་ཕོ་ཉ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་ཙམ་མ་ཟད། སྲིད་བློན་དམ་པ་དེ་ཉིད་ཀྱིས་ཀྱང་༸གོང་ས་མཆོག་ལ་དད་གུས་དང་དགའ་མོས་ཆེན་པོ་གནང་གི་ཡོད་པར་བརྟེན། ད་རེས་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་སྐོར་བརྗོད་སོང་།

ཐེངས་འདིར་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཆེད། རྒྱ་གར་གྱི་སྲིད་བློན་ཟུར་པ་དང་ཆེས་མཐོའི་སྤྱི་དམངས་གཟེངས་རྟགས་ (Bharat Ratna) བཞེས་མྱོང་མཁན་ནཱ་རཱ་སིམ་རའོ་དམ་པ་དེ་ཉིད་ཀྱི་བུའི་བུ་ (N V Kashyap) ལགས་དང་། རྒྱ་གར་རྒྱལ་ཡོངས་འཇིགས་སྐུལ་རིང་ལུགས་འགོག་རྒོལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Maninderjeet Singh Bitta) ལགས། དེ་བཞིན་དགེ་རྩ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་མི་སྣ་ཁག་ཅིག་བཅས་ཕེབས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༢ སྔོན་ལ།
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

ཆུ་ཚོད་ ༢ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཆུ་ཚོད་ ༣ སྔོན་ལ།
From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༢༤ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

༢༠༢༦/༠༥/༠༦
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese