མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ལས་འགུལ་བས་ཧང་གྷ་རིའི་ནང་ཞི་ལ་ངོ་རྒོལ་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཞི་ཅིན་ཕིང་གིས་ཧང་གྷ་རིའི་སྲིད་བློན་སོགས་དང་ཐུག་འཕྲད་བྱས་ཏེ་ཡུལ་དེས་ཉམས་དམས་སུ་འགྲོ་བཞིན་པའི་རྒྱ་ནག་དང་ཡུ་རོབ་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་བར་སྐུལ་འདེད་གནང་དགོས་སྐོར་བརྗོད་ཡོད་འདུག

Chinese President Xi Jinping attends a welcome ceremony jointly held by Hungarian President Tamas Sulyok and Prime Minister Viktor Orban in Budapest, Hungary, on May 9, 2024 Photo: Xinhua

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༥ ནས་ ༡༠ བར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གིས་ཧྥ་རན་སི་དང་། སི་བྷི་ཡ། དེ་བཞིན་ཧང་གྷ་རི་བཅས་ཀྱི་ནང་གཞུང་འབྲེལ་སྐོར་སྐྱོད་བྱས་ཡོད་པ་ལྟར། ཁ་སང་ཞི་ཅིན་ཕིང་ཡུ་རོབ་ཀྱི་ཧང་གྷ་རི་རྒྱལ་ཁབ་ཏུ་འབྱོར་ནས་ཡུལ་དེའི་སྲིད་འཛིན་དང་སྲིད་བློན་སོགས་ལ་ཐུག་འཕྲད་བྱས་ཏེ། ཡུལ་གཉིས་བར་ཚོང་དོན་དོན་ཚན་ ༡༨ ཐོག་མཉམ་འབྲེལ་གྲོས་ཆོད་བཞག་ཡོད་ཀྱང་ཡོངས་གྲགས་ཀྱི་ཐོག་ནས་གསལ་བསྒྲགས་བྱས་མེད་པ་རེད།

ཁ་སང་ཞི་ཅིན་ཕིང་རྒྱལ་ཁབ་དེའི་ནང་འབྱོར་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཡུ་རོབ་རྒྱལ་ཁབ་ཁུལ་གྱི་བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་ཚོགས་པའི་ལས་འགུལ་བ་ཁག་ཅིག་གིས་མཉམ་འབྲེལ་གྱིས། ཞི་ཅིན་ཕིང་ལ་ཁྱོ་གང་དུ་ཕྱིན་པ་དང་། ག་རེ་བྱེད་ཀྱི་ཡོད་ནའང་། བོད་མི་རྣམས་ནམ་ཡང་ཁུ་སིམ་མེར་སྡོད་ཀྱི་མིན་ཞེས་པའི་འབོད་ཚིག་བསྒྲགས་ཏེ་ངོ་རྒོལ་བྱས་འདུག

གནད་དོན་དེའི་ཐད་ཧང་གྷ་རི་ཡི་སྲིད་བློན་ཝིག་ཌོར་ཨར་བྷན་(Viktor Orbán)ལགས་ཀྱིས། ཧང་གྷ་རི་རྒྱལ་ཁབ་ཀྱིས་རྒྱ་ནག་གཞུང་གི་ཚོང་ཟོག་ཁང་སོགས་ཀྱིས་མ་འཇོག་བྱེད་པར་མཐུན་རྐྱེན་སྦྱོར་གྱི་ཡིན་ལ། ང་ཚོས་དེང་རབས་ཅན་གྱི་ནུབ་ཕྱོགས་རྒྱལ་ཁབ་དང་ཤར་ཕྱོགས་ཀྱི་འཕྲུལ་རིག་མང་པོ་ཞིག་གི་ཐོག་ལ་མཉམ་ལས་བྱ་རྒྱུ་མོས་མཐུན་བྱུང་ཡོད་ལུགས་སོགས་བརྗོད་ཡོད་འདུག

རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གིས། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ཟེར་བ་དེས་ཧང་གྷ་རིས་ཤར་ཕྱོགས་སུ་བཟུང་བའི་ཚོང་དོན་སྲིད་ཇུས་དང་ཧ་ཅང་འཚམ་པོ་ཡོད་པའི་མོས་མཐུན་བྱུང་ཡོད་ལུགས་དང་། ཧང་གྷ་རིས་ཡུ་རོབ་མཐུན་ཚོགས་སུ་རྒྱ་ནག་དང་ཡུ་རོབ་ཀྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་སོགས་བརྗོད་འདུག

ཡུ་རོབ་ཀྱི་ཤར་ཕྱོགས་སུ་ཆགས་པའི་ཧང་གྷ་རི་རྒྱལ་ཁབ་ནི་རྒྱ་ནག་དང་ཚོང་དོན་གྱི་འབྲེལ་ལམ་བཟང་བའི་ཁར། ཕྱི་ལོ་ ༢༠༡༥ ལོ་ཙམ་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ལག་བསྟར་སྐབས་མཉམ་ཞུགས་བྱེད་མཁན་གྱི་ཡུ་རོབ་རྒྱལ་ཁབ་ཆེ་གྲས་ཤིག་ཏུ་གྱུར་ནས། ལོ་དེར་རྒྱ་ནག་གཞུང་གིས་ཨ་སྒོར་ས་ཡ་ ༥༧༡ ལྷག་གི་མ་འཇོག་བྱས་ཡོད་ལ། རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་འོག་ནས་ཡུ་རོབ་རྒྱལ་ཁབ་གཞན་དང་མཐུད་པའི་མེ་འཁོར་ལྕགས་ལམ་གསར་རྒྱག་བྱས་དང་བྱེད་མུས་ཡིན་འདུག དེ་བཞིན་འདས་པའི་ལོ་ཤས་རིང་རྒྱ་ནག་གིས་ཧང་གྷ་རིའི་ནང་ཉི་གློག་(EV battery plants) མང་པོ་བཟོ་བསྐྲུན་བྱེད་མུས་ཡིན་པ་མ་ཟད། རྒྱལ་ཁབ་དེ་ནི་རྒྱ་ནག་གི་ལི་ཐི་ཡིམ་( lithium) གློག་རྫས་བཟོ་སྐྲུན་བྱ་སའི་ལྟེ་གནས་ཆེ་ཤོས་ཤིག་ཀྱང་ཆགས་ཡོད་འདུག

དེ་རིང་རྒྱ་ནག་གོ་ལའི་དུས་བབ་ཀྱིས་གནས་ཚུལ་སྤེལ་བའི་ནང་། ཧང་གྷ་རི་རྒྱལ་ཁབ་དེ་ནི་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་མཁན་གྱི་ཡུ་རོབ་རྒྱལ་ཁབ་ཐོག་མ་དེ་ཡིན་པས། འདི་ལོར་རྒྱལ་ཁབ་དེ་གཉིས་ཀྱིས་ཕྱི་སྲིད་དང་ཚོང་དོན་གྱི་འབྲེལ་ལམ་བཙུགས་ནས་མི་ལོ ༧༥ འཁོར་གྱི་ཡོད་སྐོར་དང་། གཉིས་ཕན་གྱི་ཐབས་ཇུས་ཟེར་བ་ཞིག་གི་འོག ཧང་གྷ་རི་ནི་ཕྱི་ལོ ༢༠༡༥ ལོར་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་སྲིད་ཇུས་ཁོངས་སུ་ཞུགས་མཁན་གྱི་ཡུ་རོབ་རྒྱལ་ཁབ་ཐོག་མ་དང་། ཕྱི་ལོ ༢༠༡༧ ལོ་ནས་མཉམ་འབྲེལ་གྱི་ནུས་པ་ལག་བསྟར་བྱེད་བཞིན་ཡོད་ཚུལ་བསྒྲགས་འདུག

ཡུ་རོབ་ཀྱི་ཤར་ཕྱོགས་སུ་ཡོད་པའི་ཧང་གྷ་རི་རྒྱལ་ཁབ་ནི་ཕྱི་ལོ་ ༢༠༠༤ ལོར་ཡོ་རུབ་མཐུན་ཚོགས་ཀྱི་ཁོངས་སུ་ཞུགས་ཡོད་པ་དང་།  ཕྱི་ལོ་ ༡༩༧༥ ནས་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་མཉམ་འབྲེལ་ཚོང་ལས་མགོ་བརྩམས་ཤིང་། ཕྱི་ལོ་ ༢༠༡༣ ལོར་བཞག་པའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ཚོང་དོན་མ་འཛུགས་གྲོས་ཆོད་དེས་ཕྱོགས་གཉིས་ཀྱི་ཚོང་དོན་མ་འཛུགས་གོང་འཕེལ་བཏང་ཡོད་ཀྱང་། ཉེ་ལམ་ནས་འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་ཚོང་འབྲེལ་ལའང་དོ་ཕོག་ཤུགས་ཆེན་འགྲོ་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese