མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུའི་གསུང་བསྒྱུར་བ་ཞིག་ལ་ཨ་རིའི་ཨེ་མོ་རིའི་རྗེ་ཧྥར་སན་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༤/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

སྐུའི་གསུང་བསྒྱུར་བ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གེ་ལགས་ལ་ཨ་རིའི་ཨེ་མོ་རིའི་རྗེ་ཧྥར་སན་གཟེངས་རྟགས་ཐོབ།

Lobsang Tenzin Negi has dedicated his scholarly work, strategic thinking and tireless energy to fusing Tibetan monastic tradition with Western science. The result has been nothing short of world-changing. — Photo by Kay Hinton, Emory Photo/Video.

ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་ཤེས་ཡོན་དང་སྤྱི་དམངས་ཀྱི་འཚོ་བར་གཟེངས་སུ་ཐོན་པའི་རྗེ་ཧྥར་སན་གཟེངས་རྟགས་ (Jefferson Award) དེ་སྐུའི་གསུང་བསྒྱུར་བ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཕུལ་ཡོད་འདུག

སྐབས་དེར་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས། ཨེ་མོ་རིའི་ཤེས་ཡོན་གྱི་གཞི་རྩའི་ལྟ་གྲུབ་གཅིག་ནི་མིའི་རྣམ་དཔྱོད་འགྱུར་བ་བཏང་བ་ཙམ་མིན་པར་མིའི་གཤིས་ཀར་འགྱུར་བཅོས་གཏོང་གི་ཡོད་པ་རེད། དེར་བརྟེན་ཨེ་མོ་རིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སེམས་འགྱུར་བཅོས་གཏོང་བའི་སློབ་གསོའི་དགོངས་པ་བརྩོན་གྱི་ཡོད། ཅེས་གསུངས་ཡོད།

ཕྱི་ལོ་ ༡༩༦༠ ལོར་བློ་བཟང་བསྟན་འཛིན་ལགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁུ་ནུའི་ནང་དུ་སྐྱེས་ཤིང་། གཞི་རིམ་དང་འབྲིང་རིམ་སློབ་གྲྭ་འགྲིམས་རྗེས་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་རིགས་ལམ་སློབ་གཉེར་ཁང་དུ་སྐད་ཡིག་དང་། བཅུ་ཕྲག་རིག་གནས་ཐོག་གསན་བསམ་གནང་། དེ་རྗེས་འབྲས་སྤུངས་བློ་གསལ་གླིང་དུ་འཛུལ་ཞུགས་ཀྱིས་གཞུང་ཆེན་ཀ་པོད་ལྔར་གསན་བསམ་སློབ་གཉེར་གྱིས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། ཕྱི་ལོ་ ༡༩༨༧ ནས་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆེད་བསྐྱོད་ཀྱིས་ནུབ་ཕྱོགས་དོན་གཉེར་ཅན་རྣམས་ལ་ནང་ཆོས་འཆད་ཁྲིད་དང་། བོད་ཀྱི་རིག་གཞུང་ངོ་སྤྲོད་གནང་།

ཕྱི་ལོ་ ༡༩༩༨ ལོར་༧གོང་ས་རྒྱལ་བ་རིནཔོ་ཆེ་མཆོག་དབུ་བཞུགས་ཐོག་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་། འབྲས་སྤུངས་བློ་གསལ་གླིང་ཕན་ཚུན་གན་རྒྱ་བཞག་སྟེ་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཞེས་པ་ཐོག་མར་དབུ་བརྙེས་པ་ནས་བཟུང་། འདས་པའི་ལོ་ངོ་ ༢༦ རིང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྒོམ་སྒྲུབ་ཚན་རིག་དང་། སྙིང་རྗེ་གཞི་རྩར་བཟུང་བའི་ལྟེ་གནས་ཁང་གིས་སློབ་གསོའི་རང་བཞིན་ལྡན་པའི་ལས་གཞི་མང་དག་ཅིག་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བསླབ་གཞི་སཱི་ཤེས་ཡོན་སློབ་གསོ་དང་། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེ་སྒོམ་ཐབས་ཀྱི་ལས་གཞི། དེ་བཞིན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་གཞི་དེ་དག་བརྒྱུད། འཛམ་གླིང་འདི་བྱམས་བརྩེ་དང་ཞི་བདེ་ལྡན་པ་ཞིག་བསྐྲུན་རྒྱུར་འབད་བརྩོན་མུ་མཐུད་གནང་བཞིན་ཡོད་པ་སོགས་གཟེངས་སུ་ཐོན་པའི་ཕྱག་ལས་མང་དག་ཅིག་གནང་བཞིན་ཡོད་ལ། ཁོང་གི་ཕྱག་ལས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐུགས་དགྱེས་པའི་བསྔགས་བརྗོད་ལན་མང་གནང་མྱོང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༦ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༨ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༩ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༩ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese