མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་བཅས་རྩ་མེད་དུ་གཏོང་ཐབས་བྱེད་ཀྱི་ཡོད་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༤/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱའི་བཙན་བཟུང་འོག་ཡོད་པའི་བོད་དང་ལྷོ་སོག ཤར་ཏུར་ཀི་སི་ཐན་སོགས་སུ་སྐད་ཡིག་རིག་གཞུང་རྩ་མེད་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པའི་སྙན་ཐོ་བཏོན་འདུག

ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོའི་སློབ་ཆུང་གིས་སྤྱི་སྐད་ལེགས་པོ་བཤད་དེ། དཔལ་ཡོན་ལྡན་པའི་ཚ་རུ་མའི་བྱིས་པ་ཞིག་བྱེད་ཅེས་རྒྱལ་སྤྱིའི་ངལ་རྩོལ་ཉིན་མོ་སྲུང་གཙི་བྱས་པ། ༢༠༢༢།༠༤།༢༨ པར་དུས་བབ་ལ་མཁོ་གཏོང་བྱས།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཕྱི་ལོ་༢༠༢༣ ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་ (CONGRESSIONAL-EXECUTIVE COMMISSION ON CHINA ANNUAL REPORT ) ཤོག་ངོས་ ༣༧༣ ཅན་ཞིག་བཏོན་པའི་ནང་། རྒྱ་གཞུང་གིས་བོད་ནང་དུ་ཆོས་དད་རང་མོས་སོགས་ཀྱི་ཐད་ལ་དམ་དྲག་དང་། བོད་མི་གཙོས་རྒྱ་ནག་གཞུང་གི་བཙན་གནོན་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་བྱེད་ཀྱིན་ཡོད་པའི་གནད་དོན་སོགས་གསལ་འདུག

དེ་ཡང་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་འདས་པའི་མི་ལོ་ཁ་ཤས་ཀྱི་སྔོན་ནས་རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་ལྟ་བ་དྲིལ་བསྒྲགས་དང་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ཟེར་བ་གོང་མཐོར་བཏང་སྟེ། གྲངས་ཉུང་མི་རིགས་མང་པོ་ཞིག་བཙན་གྱིས་རྒྱ་མི་རིགས་དང་གཉེན་སྒྲིག་སོགས་བྱེད་དུ་འཇུག་གི་ཡོད་པ་མ་ཟད། བོད་དང་། ལྷོ་སོག ཤར་ཏུར་ཀི་སི་ཐན་སོགས་སུ་སྐད་ཡིག་སློབ་གསོའི་སྲིད་ཇུས་ཀྱི་འོག་ནས་བཅའ་སྡོད་སློབ་གྲྭ་མང་དག་ཅིག་གསར་འཛུགས་བྱས་ནས་གྲངས་ཉུང་མི་རིགས་ཚོའི་ངོ་བོ་དང་། སྐད་ཡིག་ཤུལ་མེད་དུ་བཟོ་ཐབས་ལ་འབད་བཞིན་ཡོད་པ་དང་། ལྷག་པར་དུ་བོད་ནང་གི་ས་གནས་མང་པོ་ཞིག་ཏུ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་པའི་སྐོར། གྲངས་ཉུང་མི་རིགས་ཀྱི་ས་གནས་མང་པོ་ཞིག་ལ་ཆོས་ལུགས་དང་འབྲེལ་བའི་ལས་དོན་སྤེལ་བར་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་སྐོར་སོགས་གསལ་འདུག

ཡང་སྙན་ཐོའི་ནང་། ཕྱི་ལོ་ ༢༠༡༠ ལོའི་རྗེས་ནས་བོད་རྒྱ་གྲོས་མོལ་མཚམས་བཞག་ཡོད་ཀྱང་། རྒྱ་ནག་གཞུང་གིས་ད་ལྟའང་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་ཐབས་ལ་དམིགས་པའི་ལས་དོན་གང་ཡང་སྤེལ་གྱི་མེད་སྐོར་དང་། འདས་པའི་ལོ་ཤས་རིང་བོད་ནང་དུ་ཆོས་ལུགས་དང་འབྲེལ་བའི་ལས་དོན་སྤེལ་བར་དམ་དྲག་དང་། བོད་ནང་གི་ས་གནས་མང་པོ་ཞིག་ཏུ་ཆོས་ལུགས་ཀྱི་ལས་དོན་སྤེལ་མི་ཆོག་པའི་བཀའ་རྒྱ་བསྒྲགས་ནས། དགོན་སྡེ་དང་མཆོད་རྟེན་སོགས་ཀྱི་དྲུང་དུ་ཆོས་ཕྱོགས་ཀྱི་ལས་དོན་སྤེལ་བར་སྡང་ཟུག་དང་སུན་གཙེར་ཡང་ཡང་བྱེད་མུས་ཡིན་པའི་སྐོར་དང་།  ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལམ་ལུགས་མང་པོ་ཞིག་ལ་ལག་པ་བསྲིངས་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཚུད་པའི་བོད་ཀྱི་བླ་ཆེན་རྣམ་པའི་ཡང་སྲིད་སོགས་ཀྱི་ཐད་ལ་ཐེ་ཇུས་བྱེད་མུས་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་མཁན་རྣམས་ཀྱི་ནང་མི་ཚུད་པའི་འབྲེལ་ཡོད་རྣམས་ལ་དྲག་གནོན་བྱེད་མུས་ཡིན་པ་མ་ཟད། ཉེ་འབྲེལ་ཁག་ཅིག་ལ་བཙན་གཡེམ་སོགས་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པའི་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་མཚོ་སྔོན་ཞིང་ཆེན་ཁུལ་གྱི་བོད་མི་རྣམས་ཀྱི་རིགས་རྫས་དང་མིག་གི་རིགས་རྫས་སོགས་ཚུད་པའི་མི་སྒེར་གྱི་གནས་ཚུལ་མང་པོ་ཞིག་བཙན་འཁྱེར་བྱེད་ཀྱིན་ཡོད་སྐོར་སོགས་གསལ་འདུག

སྙན་ཐོའི་ནང་། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་རིགས་སློབ་ཆེན་སློབ་མ་ཚེ་དབྱངས་ལྷ་མོ་དང་། འཛམ་དཀར། བདེ་ཆེན། བདེ་ལྷ། དེ་བཞིན་སྐལ་བཟང་སྒྲོལ་མས་མཚོན་པའི་བུད་མེད་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་བྱེད་མཁན་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་དང་། ཚེ་རིང་སྒྲོལ་མ། བསམ་སྒྲུབ། གངས་བུ་གཡུ་འབུམ། སྲས་རྣམ་སོགས་ལ་ལོ་བཞི་ནས་བཅུ་བཞི་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། བོད་ནང་གི་ས་གནས་མང་པོ་ཞིག་ནས་བོད་མི་རྣམས་དོན་མེད་འཛིན་བཟུང་དང་། ངལ་རྩོལ་སོགས་བྱེད་འཇུག་གི་ཡོད་པ་མ་ཟད། བོད་ཀྱི་ཆོས་རིག་དང་ངོ་བོ་སོགས་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་མང་པོ་ལག་བསྟར་བྱས་དང་བྱེད་མུས་ཡིན་སྐོར་སོགས་གསལ་འདུག

ཨ་རིའི་གཞུང་འབྲེལ་མི་སྣ་དང་རྒྱལ་སྤྱིའི་ཚོགས་པ་ཁག་ལ་ཕྱི་ལོ་ ༡༩༩༥ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡང་སྲིད་ངོས་འཛིན་མཛད་རྗེས་གར་སོང་ཆ་མེད་དུ་གྱུར་བའི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་རྣམས་ལ་མཇལ་འཕྲད་གནང་དུ་འཇུག་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་ཀློད་གྲོལ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་བཞིན་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་མཚོན་པའི་བོད་མིའི་གཞི་རྩའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་དགོས་པའི་རེ་སྐུལ་གནང་འདུག 

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༤ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese