མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་སུད་སིའི་གྲོས་ཚོགས་འཐུས་མིར་བོད་དོན་གླེང་སློང་གནང་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་ཀྱི་རྒྱལ་ཁབ་བཞིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ་བོད་དོན་ཞུ་གཏུག་གནང་མུས་ཡིན་འདུག

Sikyong with long time Italian friends of Tibet and members of Tibetan community post the meeting.

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་རྒྱལ་ཁབ་སུད་སི་དང་། ཨོ་སི་ཏེ་རི་ཡ། ཨི་ཊ་ལི། འཇར་མ་ནི་བཅས་སུ་བོད་དོན་ཞུ་གཏུག་གནང་མུས་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༡༢ ཉིན་སུད་སིའི་ཛུ་རིག་མཐོ་རིམ་སློབ་གཉེར་ཁང་ (Zurich University) དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་གནས་ཀྱི་བོད་རིགས་གཞོན་སྐྱེས་ཁག་ཅིག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་འབྲེལ་ནས་དྲི་བ་དྲིས་ལན་གནང་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས། ང་རང་སྲིད་སྐྱོང་ཡིན་པའི་སྐབས་ཟླ་བ་དྲུག་རིང་དམངས་གཙོ་དང་འབྲེལ་བའི་ལས་དོན་ཁག་བྱེད་ཀྱི་ཡོད་པ་དང་། ཟླ་བ་དྲུག་རིང་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐོར་སྐྱོད་ཀྱིས་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་དང་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་བྱེད་ཀྱི་ཡོད་ལ། གསར་ཁང་ཁག་ལ་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་ལ་གོ་རྟོགས་སྤེལ་གྱི་ཡོད། ཅེས་དང་། བོད་རིགས་གཞོན་སྐྱེས་རྣམས་ཀྱིས་རང་གི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་དང་མི་ཉམས་གོང་སྤེལ་གནང་དགོས་གལ་ཆེ་སྐོར་སོགས་ཀྱི་ལམ་སྟོན་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ དང་ ༡༡ ཉིན་གཉིས་རིང་ཨོ་སི་ཏེ་རི་ཡ་རུ་ཡོད་པའི་བོད་མི་གཞོན་སྐྱེས་རྣམས་ལ་བོད་མཐོ་སྒང་དེ་འཛམ་གླིང་ལ་གལ་ཆེ་ལུགས་ཇི་ཙམ་ཡོད་པའི་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༩ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཕེབས་འབྱོར་གྱིས་ཨི་ཊ་ལི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་ཞིང་། གྲོས་ཚོགས་གོང་མའི་ནང་ཕེབས་ཡོད་འདུག

Sikyong Penpa Tsering, accompanied by Representative Thinley Chukki, during the meeting with Hon. Roderich Kiesewetter, member of German Bundestag, representative of foreign affairs for the CDU/CSU Caucus, and Deputy Chairman of the Parliamentary Oversight Panel.

སྐབས་དེར་སྲིད་སྐྱོང་མཆོག་གིས། ཨི་ཊ་ལི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་མོལ་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་དང་། འབྱུང་འགྱུར་བོད་ནང་རྒྱ་ནག་གཞུང་གི་བཙན་གནོན་ལ་གདོང་ལེན་བྱེད་ཐབས་ཀྱི་འཆར་གཞི་འཆར་འགོད་གནང་ཕྱོགས་སྐོར་གྲོས་མོལ་གནང་ཡོད་འདུག་ལ། བོད་དང་ཨི་ཊ་ལི་བར་གྱི་འབྲེལ་བ་ནི་ཕྱི་ལོའི་དུས་རབས་བཅུ་དྲུག་ནས་བཟུང་ཨི་ཊ་ལིའི་ཡེ་ཤུའི་ཆོས་སྤེལ་མཁན་བོད་དུ་འབྱོར་བ་ནས་གྲུབ་ཡོད་པར་བརྟེན། ཡུ་རོབ་རྒྱལ་ཁབ་ནང་ནས་བོད་དང་འབྲེལ་བ་ཐོག་མར་འབྱུང་མཁན་ཨི་ཊ་ལི་ཡིན་པས། ཨི་ཊ་ལིས་བོད་ལ་རྒྱབ་སྐྱོར་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་གསལ་སྟོན་དང་། འབྱུང་འགྱུར་བོད་དང་ཨི་ཊ་ལིའི་འབྲེལ་བ་སྔར་ལྷག་དམ་ཟབ་ཡོང་ཆེད། ཨི་ཊ་ལིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཌེ་པི་ར་མོ་ (De Priamo Andrea) མཆོག་གཙོས་པའི་གྲོས་ཚོགས་འཐུས་མི་རྣམས་བཞུགས་སྒར་དྷ་རམ་ས་ལར་སྐུ་མགྲོན་དུ་མགྲོན་འབོད་གནང་ཡོད་འདུག

གཞན་ཡང་། སྲིད་སྐྱོང་མཆོག་གིས་འཇར་མ་ནི་རྒྱལ་ས་བྷར་ལིན་དུ་གནད་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་དུ་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་བཙན་འཇུག་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་སྐོར་དང་། རྒྱ་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་དེ་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་སྐོར་སོགས་གསུངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་སྲིད་སྐྱོང་མཆོག་གིས་བྷར་ལིན་དུ་ཡོད་པའི་བོད་དོན་ཞུ་གཏུག་ཚོགས་པ་དང་། འཇར་མ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་དང་ལྷན་ཐུག་འཕྲད་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་ཞུ་གཏུག་གནང་ཕྱོགས་སྐོར་ལམ་སྟོན་གནང་ཡོད་འདུག ད་དུང་སྲིད་སྐྱོང་མཆོག་གིས། ཡུ་རོབ་དང་འཇར་མ་ནི་ཡིས་རྒྱ་ནག་དང་འབྲེལ་བ་བྱེད་སྐབས། རང་གི་སྟོབས་ཤུགས་བེད་སྤྱོད་བྱ་དགོས་པ་དང་། འཇར་མ་ནི་ཡིས་སྣེ་ཁྲིད་དེ་དམངས་གཙོ་དང་རང་དབང་གི་རིན་ཐང་ཁག་གཅེས་སྲུང་བྱ་དགོས་པའི་རེ་སྐུལ་ཞུ་ཡི་ཡོད་སྐོར་སོགས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཇར་མ་ནི་གཞུང་གི་ཆོས་དད་རང་དབང་ལྷན་ཁང་གི་ངེས་སྟོན་པ་ཨན་ཀེ་ཨོ་པར་མན་ (Anke Oppermann) ལགས་དང་མཇལ་འཕྲད་གནང་ཞིང་། སྐུ་ཞབས་ཨན་ཀེ་ལགས་ཀྱིས་འཇར་མ་ནི་སྲིད་གཞུང་གིས་འདོན་སྤེལ་གནང་བའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་བབ་ཀྱི་སྙན་ཐོ་དང་། ཆོས་དད་རང་དབང་ཡར་རྒྱས་གཏོང་ཐབས་སུ་འབྱུང་འགྱུར་ལས་དོན་སྤེལ་འཆར་ཡོད་པའི་ལས་གཞིའི་སྐོར་ངོ་སྤྲོད་གནང་ཡོད་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་འཇར་མ་ནིའི་གྲོས་ཚོགས་འཐུས་མི་དང་། འཇར་མ་ནི་གྲོས་ཚོགས་ཀྱི་གསང་བའི་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབས་རོ་དྷིར་རེ་ཁི་ (Roderich Kiesewetter) ལགས་དང་མཇལ་འཕྲད་གནང་སྟེ། རྒྱ་ནག་གི་དབང་ཆ་གཅིག་སྡུད་རིང་ལུགས་ལ་གདོང་ལེན་བྱེད་པར་བོད་མི་རྣམས་ལས་དངོས་ཡོད་ཀྱི་བསླབ་བྱ་ལེན་ཐུབ་ཚུལ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སོགས་ངོ་སྤྲོད་གནང་འདུག

གསར་འགོད་པ་བསྟན་འཛིན་ཕུར་བུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བཏུས།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༩ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese