མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་རང་བཙན་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཉི་ཤུ་ཟེར་བ་ཐེར་འདོན་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༢༤/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་༧གོང་ས་མཆོག་ལ་གསོལ་འདེབས་ཞུ་བ་དང་རང་ལུས་མེ་སྲེག་གནང་མཁན་གྱི་རྗེས་སུ་བསང་དང་མཆོད་འབུལ་བྱེད་པ། ད་དུང་བོད་རང་བཙན་དང་འབྲེལ་བའི་བརྡ་འཕྲིན་དང་རི་མོ། བརྙན་ཟློས། སྒྲ་ཟློས་ཕབ་ལེན་བྱས་ཏེ་ཉན་པ་དང་བལྟ་བ། བརྒྱུད་སྤེལ་བྱེད་པ་སོགས་གཏན་འགོག་དང་རྩ་རྫོགས་བྱེད་པའི་སྲིད་ཇུས་འདིང་གི་འདུག

རྒྱ་ནག་གཞུང་གིས་བོད་རང་བཙན་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཉི་ཤུ་ཟེར་བ་ཐེར་འདོན་བྱ་རྒྱུ་ཡིན་ཟེར།

ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་ལྟར། ཐུན་རིན་རྫོང་དྲིལ་བསྒྲགས་ལས་ཁུངས་ཀྱིས། བོད་རང་བཙན་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཉི་ཤུའི་དྲིལ་སྒྲོག་བརྙན་དེབ་ཟེར་བ་ཞིག་འདོན་སྤེལ་བྱས་ཏེ། ༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་མི་ཆོག་པ་དང་། རང་ལུས་མེ་སྲེག་དང་བོད་རང་བཙན། ཕ་སྐད་སྲུང་སྐྱོབ་སོགས་ཀྱི་ལས་འགུལ་སྤེལ་མཁན་གཏན་འགོག་དང་རྩ་རྫོགས་དགོས་པའི་ངན་ཇུས་ཤིག་འདིང་གི་ཡོད་པ་རེད།

དེ་འབྲེལ་འདི་གའི་གསར་འགོད་པར་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། རང་ལུས་མེ་སྲེག་གཏོང་མཁན་དང་དེ་ལ་ངན་སྐུལ་དང་འུད་སྒྲོག་བྱེད་མཁན། བོད་རང་བཙན་གྱི་བསམ་ཚུལ་བརྒྱུད་སྐུལ་དང་སྦྱར་ཡིག་སྦྱོར་བ། བསྒྲགས་ཡིག་འགྲེམ་པ་དང་གཏམ་བཤད་སྤེལ་བ་སོགས་གཏན་འགོག་དང་རྩ་རྫོགས་དགོས་པ། ཕ་སྐད་སྲུང་སྐྱོབ་དང་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ཚོགས་པ་འཛུགས་པ་དང་། སྐད་ཡིག་འདྲ་མཉམ་དང་སྲོག་ཆགས་སྲུང་སྐྱོབ་དང་འབྲེལ་བའི་འདུ་འཛོམས་རིགས་རྩ་རྫོགས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

དེ་འབྲེལ་བོད་རང་བཙན་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཉི་ཤུའི་དྲིལ་སྒྲོག་བརྙན་དེབ་ཟེར་བའི་ནང་། བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་ངོས་འཛིན་འདུ་ཤེས་ལྡན་ཞིང་བོད་མི་རིགས་ཀྱི་བསམ་བློ་མཚོན་པའི་དཔེ་དེབ་དང་རི་མོ། སྒྲ་བརྙན་ཐོན་རྫས་བཅས་གསར་རྩོམ་སྒྲིག་བཟོ་དང་ཕྱིར་འཚོང་། སྒྲོག་སྤེལ་བཅས་གཏན་འགོག་བྱ་རྒྱུ། དྲ་ལམ་ནས་བོད་རང་བཙན་དང་འབྲེལ་བའི་བརྡ་འཕྲིན་དང་རི་མོ། བརྙན་ཟློས། སྒྲ་ཟློས་ཕབ་ལེན་བྱས་ཏེ་ཉན་པ་དང་བལྟ་བ། བརྒྱུད་སྤེལ་བཅས་བྱེད་པ། ད་དུང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་བརྡ་ཁྱབ་གང་རུང་སྤེལ་བ་དང་དཀྲོག་གཏམ་བཟོས་ཏེ། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་བཟོ་བ་དང་མི་རིགས་བར་འགལ་ཟླ་སློང་བ། ཕྱིའི་ཁ་བྲལ་སྟོབས་ཤུགས་ཟེར་བ་དང་ངན་འབྲེལ་བྱས་ཏེ། ཕྱིའི་དགྲ་འཛིན་སྟོབས་ཤུགས་ལ་བརྡ་འཕྲིན་ཅི་རིགས་འདོན་སྤྲོད་བྱེད་པ། ཕྱིའི་དགྲ་འཛིན་སྟོབས་ཤུགས་ཀྱིས་བོད་རང་བཙན་འུད་སྒྲོག་བྱེད་པའི་རླུང་འཕྲིན་དང་བརྙན་འཕྲིན་གྱི་ལེ་ཚན་ཨ་རིའི་རླུང་འཕྲིན་ལ་ཉན་པ་དང་བལྟ་བ་སོགས་རྩར་རྫོགས་དགོས་པ།

དེ་བཞིན། ཁྲིམས་འགལ་གྱིས་རྒྱལ་ཁབ་གཞན་དུ་སོང་ནས་ཆོས་ལུགས་ཀྱི་བྱེད་སྒོ་གང་རུང་ལ་ཞུགས་པ་དང་། མི་ཚོགས་འཛོམས་ས་སོགས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་དང་བོད་རང་བཙན་པའི་འདྲ་པར་འགེལ་བ་འགོག་སྲུང་ནན་མོ་བྱ་རྒྱུ། རླངས་འཁོར་སོགས་འགྲིལ་འགྲུལ་ཡོད་བྱད་ཀྱི་ནང་དུ་བོད་རང་བཙན་གྱི་ནང་དོན་འདུས་པའི་རི་མོ་སྦྱོར་བ་དང་སྒྲ་ཟློས་གཏོང་བ་གཏན་འགོག  རང་སྲེག་རྒྱག་མཁན་གྱི་རྗེས་སུ་བསང་ཕུད་པ་དང་། ཆོས་འདོན་པ། ཚེ་ཐར་གཏོང་བ་དང་། མཆོད་མེ་འཇོག་པ་སོགས་རང་སྲེག་རྒྱག་མཁན་ལ་སྨོན་ལམ་ཞུ་བ་དང་། ཡང་ན་དེའི་ཁྱིམ་མི་ལ་འཚམས་འདྲི་བྱེད་པར་འགོག་སྲུང་བྱ་རྒྱུ་སྐོར་བརྗོད་འདུག

ད་དུང་། མངའ་ཁོངས་ཕྱིའི་མི་རིགས་ཁ་བྲལ་གྱི་སྟོབས་ཤུགས་དང་མི་སྒེར་གྱི་དོན་དུ་ཞལ་འདེབས་བསྡུ་བ་དང་། ཞལ་འདེབས་བསྡུ་བར་རྩ་འཛུགས་བྱེད་པ། སློབ་གྲྭའི་ནང་དུ་བོད་རང་བཙན་གྱི་གཏམ་གླེང་སྤེལ་བ་དང་མི་རིགས་ཐལ་དྲགས་ཟེར་བའི་རིང་ལུགས་ཀྱི་བསམ་བློ་སྒྲོག་སྤེལ་བྱེད་པ། མངའ་ཁོངས་ཕྱིའི་མི་རིགས་ཁ་བྲལ་སྟོབས་ཤུགས་དང་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། བོད་རང་བཙན་དང་འབྲེལ་བའི་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་ཀྱི་བྱ་བའི་ཐག་གཅོད་ལ་མི་བསྟུན་པ་དང་། མི་གཞན་ལ་བཙན་སྐུལ་དང་རྩ་འཛུགས་བྱས་ནས་ངོ་རྒོལ་བྱེད་པ། དུས་ཆེན་དང་ཡང་ན་ཚོར་སྐྱེན་གྱི་དུས་སུ་དགོན་པ་དང་ཡང་ན་སྤྱི་སྤྱོད་ར་བ་ནས་མངོན་གསལ་སྒོས་མི་གཞན་ལ་ངན་སྐུལ་དང་རྩ་འཛུགས་བྱས་ཏེ་འདུ་ཚོགས་བརྒྱབ་ནས་༧གོང་ས་མཆོག་གི་གསོལ་འདེབས་སྨོན་ལམ་གྱི་བྱ་འགུལ་སྤེལ་བ། ཆོས་ལུགས་དང་དམངས་སྲོལ་བྱ་འགུལ་བེད་སྤྱད་ནས་མི་གཞན་ལ་ངན་སྐུལ་དང་། རྩ་འཛུགས་བྱས་ནས་འདུ་ཚོགས་བརྒྱབ་ནས་༧གོང་ས་མཆོག་ལ་བསང་ཕུད་པ་དང་མཆོད་མེ་སྒྲོན་པ། གསོལ་འདེབས་སྨོན་ལམ་ཞུ་བ་འགོག་སྲུང་ནན་མོ་བྱ་རྒྱུ་ཡིན་སྐོར་སོགས་གཏན་འགོག་དང་རྩ་རྫོགས་བྱེད་པའི་དོན་ཚན་ཉི་ཤུ་བསྒྲགས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༦ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese