མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཕྲུག་ཁྱིམ་སྡེའི་སློབ་མ་ ༡༧ གྱིས་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༠ ཡན་བླངས།

བོད་ཀྱི་དུས་བབ།
༢༠༢༤/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་བོད་སློབ་ཁག་གིས་ཆ་སྙོམས་ཨང་དང་པོ་བླངས་ཤིང་། བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་བཅུ་གཉིས་དང་བཅུ་བའི་རྩེ་ཕུད་ལེན་མཁན་སི་ལ་ཀུ་བོད་ཁྱིམ་རེད་འདུག

བོད་ཕྲུག་ཁྱིམ་སྡེའི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག པར་དབང་། དྷ་སྟེང་བོད་ཁྱིམ་ཡིག་ཚང་ནས་མཁོ་སྤྲོད་གནང་། ༡༥།༠༥།༢༠༢༤

ཉེ་ལམ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་དང་བཅུ་བའི་ཡིག་རྒྱུགས་གྲུབ་འབྲས་ཡོངས་བསྒྲགས་བྱས་ཡོད་པ་ལྟར། དེ་རིང་འདི་གའི་གསར་འགོད་པས་བོད་ཁྱིམ་དང་སམ་བྷོ་ཊ། མ་སི་གཏན་སློབ་བཅས་ཀྱི་འབྲེལ་ཡོད་ལ་བཀའ་འདྲི་ཞུ་ཐབས་བྱས་པ་ཡིན་མོད། བོད་ཕྲུག་ཁྱིམ་སྡེའི་འབྲེལ་ཡོད་མ་གཏོགས་བོད་སློབ་གཞན་ལ་འབྲེལ་བ་བྱེད་ཐུབ་མ་སོང་ལ། གསར་འགོད་པས་རྒྱུས་ལོན་བྱས་ཏེ་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། བོད་ཁྱིམ་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད་སི་ལ་ཀུ་བོད་ཁྱིམ་གྱིས་ཕྱོགས་བསྡོམས་ཆ་སྙོམས་བརྒྱ་ཆ་ ༨༠།༧ བླངས་ཏེ་བོད་ཁྱིམ་སློབ་གྲྭ་ཚང་མའི་ནང་ནས་ཨང་དང་པོ་དང་། གྷོ་པལ་པོར་བོད་ཁྱིམ་གྱིས་ཆ་སྙོམས་བརྒྱ་ཆ་ ༧༥ བླངས་ཏེ་ཨང་གཉིས་པ། དྷ་སྟེང་བོད་ཁྱིམ་གྱིས་ཆ་སྙོམས་བརྒྱ་ཆ་ ༧༡།༦ བླངས་ཏེ་ཨང་གསུམ་པ་བཅས་ཆགས་ཡོད། དེ་བཞིན། བོད་ཁྱིམ་གྱི་འཛིན་རིམ་བཅུ་བའི་ཡིག་རྒྱུགས་ཁྲོད། སི་ལ་ཀུ་བོད་ཁྱིམ་གྱིས་ཕྱོགས་བསྡོམས་ཆ་སྙོམས་བརྒྱ་ཆ་ ༧༨།༦ བླངས་ནས་ཨང་དང་པོ་དང་། ཇོ་ཏ་ར་བོད་ཁྱིམ་གྱིས་ཆ་སྙོམས་བརྒྱ་ཆ་ ༦༤།༢ བླངས་ནས་ཨང་གཉིས་པ། དྷ་སྟེང་བོད་ཁྱིམ་གྱིས་ཆ་སྙོམས་བརྒྱ་ཆ་ ༦༢།༨ བླངས་ནས་ཨང་གསུམ་པ་སོ་སོར་ཆགས་ཡོད།

འདི་ལོའི་རྒྱ་གར་རྒྱལ་ཡིངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ལས་རྩེ་ཕུད་སློབ་མ་མི་སྒེར་གྱི་གྲུབ་འབྲས་ནི། གྷོ་པལ་པོར་བོད་ཁྱིམ་གྱི་སློབ་མ་སྐལ་ལྡན་ཚེ་རིང་གིས་སྒྱུ་རྩལ་སྡེ་ཚན་གྱི་ཁོངས་ནས་བརྒྱ་ཆ་ ༩༥།༢ བླངས་ནས་ཨང་དང་པོ་དང་། གྷོ་པལ་པོར་བོད་ཁྱིམ་གྱི་སློབ་མ་རིན་ཆེན་སྐར་མ་མཚོ་མོ་ཡིས་སྒྱུ་རྩལ་སྡེ་ཁོངས་ནས་བརྒྱ་ཆ་ ༩༥ བླངས་ནས་ཨང་གཉིས་པ། གྷོ་པལ་པོར་བོད་ཁྱིམ་གྱི་སློབ་མ་ (Pinjir Medo) ཡིས་བརྒྱ་ཆ་ ༩༤།༩ བླངས་ཏེ་སྒྱུ་རྩལ་སྡེ་ཁོངས་ནས་ཨང་གསུམ་པ་ཆགས་འདུག་ལ། འདི་ལོར་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་ཁག་རྒྱལ་ཡོངས་ཡིག་རྒྱུགས་ནང་ཞུགས་ཏེ་བརྒྱ་ཆ་ ༩༠ ཡན་ལོན་མཁན་སློབ་མ་ཁྱོན་ ༡༧  འདུག

དེ་བཞིན། འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ནང་ཞུགས་ཏེ་ཚན་རིག་སྡེ་ཚན་ཁོངས་ནས། སི་ལ་ཀུ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་རང་གྲོལ་གྱིས་བརྒྱ་ཆ་ ༩༤།༨ བླངས་ནས་ཨང་དང་པོ་དང་། སི་ལ་ཀུའི་སློབ་མ་ཚེ་རིང་ཆོས་འཕེལ་གྱིས་བརྒྱ་ཆ་ ༩༤།༢ བླངས་ནས་གཉིས་པ། སི་ལ་ཀུའི་སློབ་མ་བསོད་ནམས་བཟང་པོས་བརྒྱ་ཆ་ ༩༤ བླངས་ནས་ཨང་གསུམ་པ་བཅས་ཆགས་འདུག་ལ། ཚོང་རིགས་སྡེ་ཚན་གྱི་ཁོངས་ནས། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་ཀུན་དགའ་ཆོས་སྒྲོན་གྱིས་བརྒྱ་ཆ་ ༩༡།༢ བླངས་ནས་ཨང་དང་པོ་བླངས་འདུག འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་ནང་ཞུགས་མཁན་བོད་པའི་སློབ་མ་ཁྱོན་ ༤༥༠ བྱུང་བའི་ཁྲོད། བུ་མོ་ ༢༤༧ དང་བུ་ ༢༠༣ འདུག་ལ། བུ་མོའི་ཆ་སྙོམས་བརྒྱ་ཆ་ ༧༤ དང་བུའི་བརྒྱ་ཆ་ ༧༠ ཡིན་པ་མ་ཟད། ཡིག་རྒྱུགས་མ་འཕྲོད་པ་དང་བསྐྱར་རྒྱུགས་གཏོང་དགོས་པའི་སློབ་མ་གཅིག་ཀྱང་མེད་པ་རེད།

རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་བའི་ཡིག་རྒྱུགས་ཁྲོད། དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཉི་སྒྲོན་གྱིས་བརྒྱ་ཆ་ ༩༥།༨ བླངས་ནས་ཨང་དང་པོ་དང་། སི་ལ་ཀུ་བོད་ཁྱིམ་གྱི་བསྟན་འཛིན་ཆོས་དབྱིངས་ཀྱིས་བརྒྱ་ཆ་ ༩༥ བླངས་ནས་ཨང་གཉིས་པ། སུ་ཇཱ་བོད་ཁྱིམ་གྱི་བསྟན་འཛིན་ཆོས་ཉིད་དཔལ་སི་ཡིས་བརྒྱ་ཆ་ ༩༤ བླངས་ནས་ཨང་གསུམ་པ་བཅས་ཆགས་ཡོད་ལ། འཛིན་རིམ་བཅུ་བའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད། བོད་པའི་སློབ་མ་བུ་ ༢༤༩ དང་བུ་མོ་ ༢༦༣ བཅས་སློབ་མ་ཁྱོན་ ༥༡༢ ཡོད་ཅིང་།  བུ་མོའི་ཆ་སྙོམས་བརྒྱ་ཆ་ ༦༥ དང་བུའི་བརྒྱ་ཆ་ ༦༠ ། དེ་བཞིན་བསྐྱར་རྒྱུགས་གཏོང་དགོས་པའི་སློབ་མ་ ༥ བྱུང་འདུག་ལ། འཛིན་རིམ་བཅུ་གཉིས་དང་བཅུ་བ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལས་བུ་དང་བུ་མོ་བསྡུར་ན་བུ་མོའི་གྲུབ་འབྲས་མཐོ་བ་འདུག

གཞན་ཡང་། དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་གིས་ཆ་སྙོམས་བརྒྱ་ཆ་ ༩༩།༢༣ བླངས་ཏེ། རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ལ་ཞུགས་མཁན་སློབ་གྲྭ་ཡོངས་ཀྱི་ནང་ནས་ཨང་དང་པོ་བླངས་ཡོད་ཅིང་། རྒྱ་གར་གྱི་ (JNVs) སློབ་གྲྭ་ཁག་གིས་བརྒྱ་ཆ་ ༩༨།༩༠ བླངས་པ་དང་། རྒྱ་གར་གྱི་ (KVs) སློབ་གྲྭ་ཁག་གིས་བརྒྱ་ཆ་ ༩༨།༨༡ བཅས་བླངས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༣ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༤ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese