མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཡུམ་ཆེན་མོ་རྗེས་དྲན་རྐང་སྤོལ་འགྲན་ཚོགས་ཐེངས་ ༢༩ པ་དེ་མགོ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཡུམ་ཆེན་མོ་རྗེས་དྲན་རྐང་སྤོལ་འགྲན་ཚོགས་ཐེངས་ ༢༩ པ་དེ་རྒྱ་གར་ལྷོ་ཕྱོགས་ཧོན་སུར་བོད་མིའི་གཞིས་སྒར་དུ་འཚོགས་མགོ་བཙུགས་སོང་།

 དེ་རིང་ཕྱི་ཚེས་ ༡༥ ཉིན་སྐུ་མགྲོན་གཙོ་བོ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཧཱ་ནུ་མན་ཐ་པ་ (H. Hanumanthappa) མཆོག་དང་། ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་གཙོས། ཧོན་སུར་རབ་རྒྱས་གླིང་གི་སྤྱི་མི་དང་བརྒྱ་དཔོན། ས་གནས་འདྲ་མིན་ནས་ཡོང་བའི་ལྟད་མོ་བ་རྣམས་ཀྱི་ཀི་སྒྲ་དང་ལག་ཟུང་གི་ཐལ་སྒྲའི་ཁྲོད་ནས། འདི་ལོའི་རྒྱལ་ཡུམ་ཆེན་མོ་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་ཚོགས་ཐེངས་ ༢༩ པ་དེ་མགོ་འཛུགས་བྱས་ཏེ།  འདི་ལོའི་རྩེད་འགྲན་ཁྲོད་རྒྱ་བལ་དང་། ཨོ་གླིང་བཅས་ནས་རུ་ཁག་བཅུ་དྲུག་གིས་མཉམ་ཞུགས་བྱས་འདུག

 དེའི་ཐད་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་བྱང་ཆུབ་ལགས་ཀྱིས་ཁ་པར་བརྒྱུད་འདི་གའི་གསར་འགོད་པར། འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཁྲོད་རྒྱ་བལ་གཉིས་ཀྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སོགས་ནས་རུ་ཁག་བཅོ་ལྔ་དང་། ཨོ་གླིང་རུ་ཁག་གཅིག་བཅས་རུ་ཁག་བཅུ་དྲུག་གིས་མཉམ་ཞུགས་གནང་གི་ཡོད་པའི་ཁར། འདི་ལོར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་སོགས་ཀྱིས་གོ་སྒྲིག་གང་ཡག་ཡག་ཅིག་བྱས་ཡོད་པས། ད་ལན་གྱི་རྩེད་འགྲན་དེ་གང་ཡག་འགྲོ་རྒྱུ་དང་གྲུབ་འབྲས་ཡག་པོ་ཞིག་འཐོན་རྒྱུའི་རེ་བ་བྱེད་མུས་ཡིན་པའི་སྐོར་དང་། སྤྱིར་འདས་པའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་འགྲན་ཚོགས་དེ། ཐོག་མའི་རྩེད་འགྲན་གྱི་རིམ་པ་ལ་གཞིགས་ན་འདས་པའི་ལོ་ཤས་གོང་ནས་བོད་པའི་རྐང་སྤོལ་རྩེད་སྟངས་དང་། དེ་བཞིན་རྩེད་རིགས་ཐབས་ཇུས་སོགས་ཕྱོགས་མང་པོ་ཞིག་ནས་ཡར་རྒྱས་འགྲོ་མུས་ཡིན་སྐོར་སོགས་བརྗོད་བྱུང་།

ཡང་ཁོང་གིས། སྤྱིར་ལོ་ལྟར་རྒྱལ་ཡུམ་རྐང་སྤོལ་འགྲན་ཚོགས་སྐབས། རྩེད་མོ་བ་རྣམས་ལ་རྩེད་ཐང་གི་མཐུན་རྐྱེན་གྱི་ཐད་ནས་བསམ་འཆར་ཡོང་གིན་ཡོད་ཀྱང་། འདི་ལོར་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱིས་རྩེད་ཐང་དུ་བྱེ་མ་དཀར་པོ་སོགས་བཏིང་ནས་གང་ཡག་ཡག་ཅིག་བཟོས་ཡོད་པས། ཕྱོགས་ཡོངས་ནས་རྩེད་འགྲན་ཡག་པོ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

རྒྱལ་ཡུམ་ཆེན་མོ་རྗེས་དྲན་རྐང་སྤོལ་འགྲན་ཚོགས་ཐེངས་ ༢༩ པ་དེ་དབུ་འཛུགས་གནང་། བོད་མིའི་སྒྲིག་འཛུགས་ཀྱི་ཐད་གཏོང་ནས་བླངས།

རྐང་སྤོལ། ཆེས་ཡིད་དུ་འོང་བའི་རྩེད་རིགས་ཤིག་ <<Football The Beautiful Game>> ཅེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་དང་བལ་ཡུལ་ལྟག་འཚེར་རུ་ཁག་གི་སློབ་སྟོན་པ་ཟུར་པ་རྐང་སྤོལ་རྩེད་རིགས་དཔྱད་བརྗོད་པ་ཊོ་ནི  (Tony) འམ་ངག་དབང་ཆོས་དར་ལགས་ཀྱིས། སིམ་ལ་རུ་ཁག་ལོ་གཅིག་ཙམ་བཀག་སྡོམ་བྱས་ཏེ། ད་ལན་སླར་ཡང་རྩེད་འགྲན་གྱི་ཁྲོད་དུ་ཞུགས་ཀྱིན་ཡོད་པས། རྩེད་འགྲན་པ་རྣམས་ལ་སྔར་མེད་ཀྱི་ངར་ཤུགས་ཡོད་སྐོར་དང་།  དེ་བཞིན་བལ་ཡུལ་གྱི་ཌང་མན་ཌུ་རུ་ཁག་གི་རྩེད་འགྲན་པ་མང་ཆེ་བ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ནང་ཞུགས་མྱོང་ཡོད་ལ། སྦྱོང་བརྡར་གྱི་ཚུལ་དུ་བལ་ཡུལ་རྒྱལ་ཡོངས་རིམ་པའི་རུ་ཁག་དང་རྩེད་འགྲན་བྱས་པའི་བརྒྱུད་རིམ་སོགས་ལ་བལྟས་ན། རྩེད་འགྲན་པ་མང་ཆེ་བ་ཡག་པོ་ཡོད་སྐོར་དང་།  ” ངས་འདི་ལོའི་རྒྱལ་ཡུམ་ཆེན་མོའི་གསེར་གྱི་གཟེངས་རྟགས་དེ་སིམ་ལ་དང་བལ་ཡུལ་ཌང་མན་ཌུ་ (Dunkmandu) རུ་ཁག་གང་རུང་ལ་ཐོབ་པའི་རེ་བ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། རུ་ཁག་དེ་གཉིས་ཀྱིས་ཐོག་མའི་རྩེད་འགྲན་གྱི་རིམ་པའི་ནང་དུའང་། རུ་ཁག་བཟང་བ་དག་དང་རྩེད་འགྲན་བྱ་དགོས་ཀྱི་མེད་པས། ཕྱེད་མཐའ་ (Quarter final) དང་བཞི་མཐའ་ (Semi final) ཡི་རྩེད་འགྲན་སླ་བ་ཡོད། ” ཅེས་བརྗོད་བྱུང་།

 བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་བཞིན་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་ནི། ཕྱི་ལོ་ ༡༩༨༡ ལོར་བོད་ཕྲུག་ཁྱིམ་སྡེའི་རྩིས་དཔོན་ཟུར་པ་ཇོ་བོ་ཚེ་རིང་ལགས་ཀྱིས་གསར་འཛུགས་གནང་སྟེ། རྩེད་འགྲན་འདི་ལོ་ལྟར་འཚོག་གི་ཡོད་ཀྱང་། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་འཚོགས་ཐུབ་མེད་པ་རེད། དེ་བཞིན་ཐེངས་འདིའི་རྟིང་རྩོད་འགྲན་བསྡུར་གྱི་ཨང་དང་པོར་ཧིན་སྒོར་འབུམ་གཉིས་དང་གཉིས་པར་འབུམ་གཅིག་དང་ཕྱེད་ཀ་དང་།  སྒོ་སྲུང་བ་ཡག་ཤོས་དང་རྩེད་མོ་བ་ཡག་ཤོས་ཀྱི་བཅས་ཀྱི་བྱ་དགའ་སྤྲད་རྒྱུ་ཡིན་འདུག

 རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་དེ་ཕྱི་ལོ་ ༢༠༡༢ ལོར་དྷ་རམ་ས་ལ་དང་ ༢༠༡༣ ལོར་ཧོན་སུར་རབ་རྒྱས་གླིང་། ༢༠༡༤ ལོར་དོན་གྲུབ་གླིང་ (Clementown)། ༢༠༡༥ ལོར་དྷ་རམ་ས་ལ། ༢༠༡༦ ལོར་མོན་གྷོ། ༢༠༡༧ ལོར་ཀོ་ལི་གྷལ་དོན་ལྡན་གླིང་། ༢༠༡༨ ལོར་སྦེལ་ཀོབ་བདེ་སླར་གཞིས་ཆགས། ༢༠༡༩ ལོར་དྷ་རམ་ས་ལ། ༢༠༢༡ ལོར་དོན་གྲུབ་གླིང་དང་། ཕྱི་ལོ་ ༢༠༢༢ ལོར་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་འཚོགས་ཡོད་ཅིང་། འདས་ལོར་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མའི་རྩེད་འགྲན་དེ་དྷ་སར་འཚོགས་ཡོད་པ་རེད།

 གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༥ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese