མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རེ་བ་དཔེ་ཚོགས་ཀྱི་རྩོམ་པ་པོ་གཟུངས་འདུས་སྐྱིད་ལགས་སུ་བཅར་འདྲི།

བོད་ཀྱི་དུས་བབ།
༢༠༢༤/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཨ་རིའི་རོགས་ཚོགས་ (USAID) དང་བོད་ཀྱི་ཐེབས་རྩ་ (Tibet Tibet Fund) བཅས་ཀྱི་མཐུན་འགྱུར་འོག བུད་མེད་རྩོམ་པ་པོ་དང་ཉམས་ཞིབ་པ་གཟུངས་འདུས་སྐྱིད་ལགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་སོགས་ལ་འབྲེལ་བ་ཡོད་པའི་བྱིས་སྒྲུང་ ༡༠ བརྩམས་ཡོད་པའི་སྐོར་ནས་བཅར་འདྲི་བྱས་ཡོད།

དྲི་བ། ལོ་བཅུ་ཡི་གོང་དུ་བྱིས་པའི་ཕ་མ་ཡིན་མིན་མང་པོ་ཞིག་གིས་བོད་ཡིག་སྒྲུང་དེབ་ཉུང་དྲག་འདུག་ཅེས་སྐད་བརྒྱབ་ཡོད་པ་རེད། ད་ལྟ་བོད་ཡིག་སྒྲུང་དེབ་ཀྱི་གནས་སྟངས་ག་འདྲ་ཆགས་འདུག

ལན། མི་ལོ་བཅུའི་ཡར་སྔོན་དང་བསྡུར་ནས་བཤད་ན། དེང་སྐབས་བྱིས་སྒྲུང་མང་པོ་ཡོད་པ་མ་ཟད། རྣམ་པའི་ཆ་ནས་མང་བ་དང་། ངོ་བོའི་ཆ་ནས་ཡང་དག་པ་ཞིག་འདུག་བསམ་གྱི་འདུག ལྷག་པར་དུ་བོད་གཞུང་ཤེས་རིག་ལས་ཁུངས་ནས་བཏོན་གནང་བའི་སོན་རྩའི་དེབ་ཕྲེང་ཞེས་པ་དེ་ཧ་ལས་པ་ཡག་པོ་འདུག་ལ། དེ་དང་འདྲ་བའི་སྒེར་གྱི་དེབ་མང་པོ་ཞིག་ཐོན་དང་འཐོན་བཞིན་འདུག

དྲི་བ། ང་ཚོ་བོད་པའི་ནང་བྱིས་སྒྲུང་འབྲི་རྒྱུ་ལས་སླ་བོ་རེད་ཅེས་ལབ་མཁན་མང་པོ་འདུག་ལ། ནམ་རྒྱུན་རྩོམ་འབྲི་འདུག་མཁན་གང་ཙམ་ཞིག་གིས་བྱིས་སྒྲུང་འབྲི་ཡི་འདུག བྱིས་སྒྲུང་འབྲི་བར་ཁྱད་ཆོས་ག་རེ་ག་རེ་ཚང་དགོས་ཀྱི་ཡོད་པ་རེད།

ལན། ང་ལ་མཚོན་ན་བྱིས་སྒྲུང་འབྲི་རྒྱུ་ནི་དེ་འདྲའི་སླ་བོ་ཞིག་རེད་འདོད་ཀྱི་མེད། རྒྱུ་མཚན་ནི། རྣམ་དཔྱོད་དང་རྩོམ་རྩལ་ཡག་པོ་ཡོད་པ་ཙམ་གྱིས་བྱིས་སྒྲུང་ཡག་པོ་ཞིག་འབྲི་ཐུབ་པའི་ངེས་པ་མི་འདུག སྤྱིར་བྱིས་སྒྲུང་འབྲི་བར་སློབ་གསོའི་ཆེད་མཁས་པ་དང་། བྱིས་སྐྱོང་ཉམས་མྱོང་ཅན། ཆེད་ལས་དགེ་རྒན་ལ་སོགས་པའི་ཁྱད་ཆོས་མང་པོ་ཞིག་ཚང་ན་ཡག་པོ་ཡོད་རེད་དྲན་གྱི་འདུག དེ་མིན་བྱིས་སྐྱོང་སློབ་གསོའི་ཐད་དོ་སྣང་དང་། བྱིས་པའི་སེམས་ཁམས་ལ་ཅུང་ཆ་རྒྱུས་ཡོད་པའི་ཐོག རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ནའང། རང་ཉིད་དམའ་སར་བུད་དེ། ཐ་སྙད་དང་སྡེབ་སྦྱོར་ཡང་ཆེས་དམའ་ས་ཡིན་དགོས། ལྷག་པར་དུ་བྱིས་པའི་ལོ་ན་དང་བྱིས་སྒྲུང་གི་གནས་བབ་སོགས་དོ་མཉམ་ཡིན་པའི་ཁྱད་ཆོས་ཚང་ན་ཤིན་ཏུ་ལེགས་པ་ཡོད་རེད་དྲན་གྱི་འདུག

དྲི་བ། བོད་ཡིག་སྒྲུང་དེབ་དང་ཀློག་དེབ་སོགས་ལ་ལྟ་དུས། ཁག་ཅིག་ནི་ཡུལ་སྐད་མང་དྲགས་ནས་བརྡ་སྤྲོད་གཞུང་ལུགས་དང་མི་མཐུན་པ་མང་ལ། ཡང་ཁག་ཅིག་ནི་ཡིག་སྐད་ཤུགས་ཆེ་དྲགས་ནས་བྱིས་པ་ཚོས་གོ་ཁག་པོ་ཆགས་ཀྱི་འདུག ཁྱེད་རང་བྱིས་པ་གཉིས་ཀྱི་ཨ་མ་ཡིན་ལ། བྱིས་སྒྲུང་འབྲི་མཁན་ཞིག་གི་ངོས་ནས་བལྟས་ན། དཀའ་ངལ་དེ་ག་འདྲ་སེལ་ཐབས་བྱེད་དགོས་ཀྱི་འདུག

ལན།   སྤྱིར་རྩོམ་པ་པོ་ཞིག་གིས་དེབ་ཅིག་བཏོན་རྒྱུ་ནི། རང་ཉིད་ཀྱི་རྣམ་དཔྱོད་དང་རྩོམ་རྩལ་མངོན་རྒྱུའི་ཆེད་ཡིན་པ་ལས་དེ་མིན་ལོ་རྒྱུས་དང་། སྙན་དེབ་ལ་སོགས་པའི་དེབ་ཅིག་བྲིས་པ་ཡིན་ན་གཙོ་བོ་བརྡ་སྤྲོད་ཀྱི་གཞུང་ལུགས་དང་། བོད་སྤྱིའི་སྐད་དང་མཐུན་པ་ཞིག་འབྲི་ཐུབ་པར་འབད་བརྩོན་བྱ་རྒྱུ་ནི། རྩོམ་པ་པོའི་ཆེས་མ་མཐའི་འགན་འཁྲི་ཞིག་རེད་ལ། ཀློག་དེབ་དང་བྱིས་སྒྲུང་གང་ཞིག་ཡིན་ཡང་ཡིག་སྐད་ཤུགས་ཆེ་དྲགས་པ་ནི་དཀའ་ངལ་མ་རེད། དཀའ་ངལ་ཆེ་ཤོས་ནི་བརྡ་སྤྲོད་ཀྱི་འགྲོས་དང་མི་མཐུན་པ་དེ་རེད། དེང་གི་ཕ་མར་འགན་འཁྲིའི་འདུ་ཤེས་ཡོད་མེད་མ་གཏོགས། ཕ་མ་སུའི་ངོས་ནས་བཤད་ནའང། ཕྲུ་གུ་བཙས་མ་ཐག་ནས་ལོ་དྲུག་གིི་བར་གྱི་བྱིས་པར་སྒྲུང་བཤད་མི་ཐུབ་མཁན་མེད། དེར་བརྟེན། ལོ་ཆུང་དུས་ནས་ཕ་མས་འགྲེལ་བཤད་རྒྱོབས་དང་། འཛིན་གྲྭ་དང་པོ་ནས་ཁོང་ཚོས་ཡིག་སྐད་ཡིན་ནའང་ག་ལེར་གོ་འགྲོ་ཡི་རེད། གལ་ཏེ་ཡིག་སྐད་ཀྱི་དོན་མ་གོ་བ་ཡིན་ན་གོ་བའི་ཐབས་ཤེས་བྱེད་པར་ཕ་མ་དང་དགེ་རྒན། དོ་བདག་རང་ཉིད་ཀྱིས་གནང་དགོས་པ་རེད།

དྲི་བ། ཁྱེད་ཀྱིས་འདི་ལོར་འགྲེམས་སྤེལ་བྱས་པའི་བྱིས་སྒྲུང་རྣམས་ཆོས་ལུགས་དང་འབྲེལ་བ་ཡོད་པ་རྐྱང་རྐྱང་རེད་འདུག བརྗོད་གཞི་དེ་ཁྱེད་རང་གིས་བདམས་པ་ཡིན་ནམ། ག་རེ་བྱས་ནས་བརྗོད་གཞི་དེ་བདམས་ཡིན།

ལན། ང་ལ་མཚོན་ན། རྩོམ་ཡིག་འབྲི་བར་དགའ་པོ་ཡོད། དེ་བཞིན་རྩོམ་དེབ་འགའ་ཡང་དཔར་མྱོང། འོན་ཀྱང་། ང་ལ་བྱིས་སྒྲུང་འབྲི་བའི་ཉམས་མྱོང་མེད། རང་ཉིད་ཨ་མ་ཆགས་པ་ནས་སློབ་གསོ་དང་བྱིས་སྒྲུང་ཐདམ་དོ་སྣང་དང་ཉམས་ཞིབ་ཅུང་ཙམ་བྱས་ཡིན། བོད་པའི་སྤྱི་ཚོགས་ནང་བྱིས་སྒྲུང་མི་ཉུང་བ་ཞིག་ཡོད་ནའང་། མང་ཆེ་བ་གཞན་གྱི་སྐད་ཡིག་ནས་བསྒྱུར་བ་དང་བོད་རང་གི་ཆོས་རིག་དང་འབྲེལ་བ་མེད་པ་ཡིན་པར་བརྟེན། སྤྱི་ཚོགས་ཀྱི་སྟོང་ཆ་འདི་འགེངས་ཐུབ་པའི་རེ་བ་དང་། བོད་སྐད་ཡིག་གི་ལམ་ནས་མི་རིགས་རང་ཉིད་ཀྱི་བསམ་བློའི་འདུ་ཤེས་དང་ཆོས་ལུགས་ཀྱི་བྱེད་སྒོ། ཡུལ་གོམས་གཤིས་ལུགས་སོགས་ཀྱི་ཁྱད་ཆོས་དང་སྣང་བརྙན་ཡོད་པའི་བྱིས་སྒྲུང་འབྲི་རྩོམ་བྱ་རྒྱུ་ནི། བོད་ཀྱི་བྱིས་པ་རྣམས་བོད་མི་རྣལ་མ་ཞིག་ཏུ་སྐྱེད་སྲིང་བྱེད་པ་ཡིན་པས། རེ་བ་དཔེ་ཚོགས་ཞེས་པའི་རྩོམ་འབྲིའི་ལས་གཞི་འདི་ནི་བོད་ཀྱི་བྱིས་པ་ཚོར་ཤེས་རབ་ཀྱི་བཅུད་དང་རྣམ་དཔྱོད་ཀྱི་འོད་དུ་གནང་བའི་ལེགས་སྐྱེས་ཆེན་པོ་ཞིག་ཅི་ལ་མིན། འོན་ཀྱང་། བྱིས་པའི་དུས་སྐབས་ནི་བོད་ཀྱི་རིག་གཞུང་དང་སློབ་གསོ། སྲོལ་རྒྱུན་བཅས་བརྒྱུད་ནས་མི་རིགས་རང་གི་རིག་གནས་ཡོད་ཚད་རྒྱུད་དུ་འཇགས་པ་དང་། ངོས་ཟིན་ཐོབ་ཏུ་འཇུག་རྒྱུ་ནི་དུས་རབས་ཀྱིས་རིག་གནས་པར་སྤྲད་པའི་འགན་འཁྲི་ཡིན་པར་བརྟེན། ངས་བརྗོད་གཞི་འདི་བདམས་ནས་བྲིས་པ་ཡིན།

དྲི་བ། ཁྱེད་ཀྱི་སྒྲུང་དེབ་བཅུའི་ནང་དོན་ཚང་མ་ཁ་ཁ་ཡིན་ནའང་། རྒྱབ་ཤའི་རི་མོ་ཚང་མ་གཅིག་པ་བཞག་པའི་རྒྱུ་མཚན་ག་རེ་ཡིན།

ལན། རྒྱུ་མཚན་འདིས་འདི་ལྟར་བཞག་པ་ཡིན་ཞེས་གནས་ལུགས་ནང་དོན་ལྡན་པ་ཞིག་ང་ལ་བཤད་རྒྱུ་མེད། ཨ་མ་ཞིག་གི་སེམས་ཀྱི་རེ་བ་རི་མོ་འདི་འདྲ་ཞིག་ཡིན་པར་བརྟེན། རེ་བ་མངོན་གྱུར་གྱི་སྨོན་པ་ཞིག་ཡིན་ཟེར་ནའང་མི་ཆོག་པ་མེད།

དྲི་བ། ཁྱེད་ཀྱི་སྒྲུང་དེབ་ཀློག་པ་པོ་ཞིག་གིས། ཁྱེད་ཀྱི་ལབ་ཙེ་ཞེས་པའི་སྒྲུང་དེབ་དེའི་ནང་གི་ལབ་ཙེ་དང་ཕ་ཡུལ་བོད་ཀྱི་ལབ་ཙེ་གཉིས་འདྲ་བོ་མི་འདུག་ཟེར་གྱི་འདུག དེ་གཉིས་བར་ཁྱད་པར་ག་རེ་ཤོར་ཡོད་པ་རེད།

ལན། ང་རང་གི་ངོས་ནས་ཀྱང་དེ་ལྟར་བསམས་ནས་རི་མོ་བ་དང་ངེད་གཉིས་བར་འགལ་བ་ཅུང་ཙམ་བྱུང་། རྒྱུ་མཚན་ནི་བྱེས་ནས་སྐྱེས་པའི་གཅེས་ཕྲུག་ཚོར་ལབ་ཙེའི་རིག་གནས་ཀྱི་བག་ཆགས་ཤིག་འཇོག་ཐུབ་རྒྱུ་མ་རེད་བསམས་ནས་ཡོད། ཡིན་ནའང། ངས་རི་མོ་བར་ལེ་བདའ་དང་འཁང་ར་བྱས་མ་མྱོང་། དེ་ནི་མོ་རང་ལོ་ཆུང་བྱིས་དུས་ནས་ཡུལ་གྱར་བར་གྱུར་བའི་དཀའ་ངལ་རེད་ལ། བོད་མི་རིགས་ཀྱི་ལས་དབང་ཡང་རེད།

དྲི་བ། ཁྱེད་ཀྱི་སྒྲུང་དེབ་རྣམས་འགྲེམས་སྤེལ་བྱས་ཏེ་ཟླ་བ་བརྒྱད་ཙམ་འགྲོ་བཞིན་འདུག ཁྱེད་ཀྱི་ཀློག་པ་པོ་ཆུང་ཆུང་ཚོས་སྒྲུང་དེབ་ཐད་ག་རེ་ཟེར་གྱི་ཡོད།

ལན། ཀློག་པ་པོ་ཆུང་ཆུང་ཚོས་རང་ཉིད་ཀྱི་ཕ་མ་བརྒྱུད་ནས་ཐུགས་རྗེ་ཆེ་དང་། ང་ཨ་མ་གཟུངས་འདུས་ཀྱི་སྒྲུང་དེབ་ལ་དགའ་བོ་ཡོད་ཅེས་བཤད་བྱུང་། ད་དུང་ཤེས་ཡོན་པ་རྒན་པ་དང་། བོད་ཀྱི་རིག་གཞུང་ལ་ཐུགས་སྣང་ཡོད་མཁན་ཚོས་ཞེ་དྲགས་ཡག་པོ་གནང་གི་འདུག མུ་མཐུད་དུ་ཤུགས་རྒྱོབས་ཞེས་རེ་སྐུལ་ཞུས་པ་དང་། འཚོ་བའི་འགྲོ་གྲོན་ལ་རོགས་དངུལ་མང་ཙམ་གནང་བྱུང་ལ། འཚོ་བའི་འགྲོ་གྲོན་ལ་རོགས་དངུལ་གནང་མཁན་གྱི་ལྷག་བསམ་ཅན་ཚོའི་རོགས་དངུལ་བེད་སྤྱོད་ཡག་པོ་ཡོང་ཆེད་དང་། མུ་མཐུད་དུ་བོད་ཀྱི་རིག་གཞུང་དང་། སྲོལ་རྒྱུན། སློབ་གསོ་གཙོར་བཟུང་གིས་བྱིས་སྒྲུང་འབྲི་འཆར་ཡོད།

རྩོམ་པ་པོ་ངོ་སྤྲོད། གཟུངས་འདུས་སྐྱིད་ལགས་ཀྱི་སྨྱུག་མིང་ལ་སྐལ་གསུམ་སྲིང་མོ་ཟེར་ཞིང་། ཁོང་མོ་བོད་མདོ་སྨད་མཚོ་སྔོན་ཡ་རྫི་རུ་སྐྱེས། བཙན་བྱོལ་དུ་འབྱོར་ནས་སུ་ཇཱ་བོད་ཁྱིམ་དང་ས་རཱ་མཐོ་རིམ་སློབ་གཉེར་ཁང་ནས་སློབ་སྦྱོང་བྱེད་བཞིན་པའི་སྐབས། ཟམ་པ་དང་། གངྒཱའི་བཤད་སྒྲའི་རྩོམ་སྒྲིག་པ་བྱས། གཞན་ཡང་། མ་ཡུམ་ཚགས་པར་དང་། འོད་དཀར་དྲ་ཚིགས་ཀྱི་རྐང་འཛིན་རྩོམ་པ་པོ། རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐབས་བཞི་པའི་རྩོམ་སྒྲིག་པ་དང་། སྐབས་བདུན་པའི་ཚོགས་གཞོན་གནང་མྱོང་བ་མ་ཟད། ད་ལྟ་ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཀྱི་ཉམས་ཞིབ་པའི་ཕྱག་ལས་གནང་མུས་ཡིན་པ་རེད། སྔ་ཕྱིར་ལྷུག་རྩོམ་གཙོར་བྱས་པའི་རྩོམ་ཡིག་བརྒྱ་ཕྲག་ལྷག་བོད་ཕྱི་ནང་གི་དུས་དེབ་དང་ཚགས་པར། དྲ་རྒྱ་བཅས་སུ་སྤེལ་ཡོད་པ་དང་། རྩོམ་ཡིག་འགྲན་སྡུར་གང་མང་ཁྲོད་རྩེ་སོན་གྱི་བྱ་དགའ་ཐེངས་མང་ཐོབ་མྱོང་འདུག ཁོང་མོས་བརྩམས་ཆོས་ལ་རིགས་ཞེན་གྱི་འབོད་བརྡ་དང་། བརྩེ་བའི་ཤ་ཁྲག རང་རྟོགས། རེ་བའི་དཔེ་ཚོགས་ཞེས་པའི་དེབ་གྲངས་བཅུ་འདི་བཏོན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

ཆུ་ཚོད་ ༡༦ སྔོན་ལ།
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese