མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐའེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་ཕེབས་པ།

བོད་ཀྱི་དུས་བབ།
༢༠༢༤/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་སྣེ་ཁྲིད་པའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐའེ་ཝན་གྱི་སྲིད་འཛིན་སྐུ་ཞབས་ལེ་ཆིན་ཏི་མཆོག་གི་དམ་འབུལ་མཛད་སྒོར་ཆེད་དུ་ཕེབས་འདུག

ཐའེ་ཝན་གྱི་སྲིད་འཛིན་ལས་ཐོག་ལི་ཆིན་ཏི་མཆོག་དང་སྲིད་ཟུར་ལྕམ་ཚེ་ཡེན་ཝུན་མཆོག སྲིད་འཛིན་གཞོན་པ་ལྕམ་བྷི་ཀིམ་ Hsiao Bi-Khim ལགས། Photo: www.newsnationnow.com

ཁ་སང་ཕྱི་ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཐའེ་ཝན་གྱི་སྲིད་འཛིན་གཞོན་པ་ལྕམ་བྷི་ཀིམ་ (Hsiao Bi-Khim) མཆོག་ལ་མཇལ་འཕྲད་གནང་སྟེ་བོད་དོན་གླེང་སློང་གནང་ཡོད་པ་མ་ཟད། དེ་རིང་རེས་གཟའ་ཟླ་བའི་ཉིན་ཐའེ་ཝན་གྱི་སྲིད་འཛིན་གསར་པ་སྐུ་ཞབས་ལེ་ཆིན་ཏི་(賴清德) མཆོག་ནས་སྲིད་འཛིན་གྱི་ལས་ཁུར་ཞུ་བའི་དམ་འབུལ་མཛད་སྒོར་མཉམ་ཞུགས་གནང་ཡོད་འདུག་ལ། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༧  ཉིན་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༩ འཁོར་བའི་གསར་འགོད་གསལ་བསྒྲགས་ཀྱི་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་དང་བསྟུན། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་གསུང་བཤད་གནང་ཡོད་འདུག གཞན་སྐུ་ཚབ་ཚོགས་ཆུང་ནས་ཐའེ་ཝན་གྱི་གཞུང་འབྲེལ་གནད་ཡོད་མི་སྣ་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་གླེང་སློང་གནང་ཡོད་འདུག  

དམ་འབུལ་མཛད་སྒོའི་ཐོག་སྲིད་འཛིན་མཆོག་གིས། ངས་ཐའེ་ཝན་དང་རྒྱ་ནག་གཉིས་ཀྱིས་ཁུལ་འདིར་ཞི་བདེ་དང་བརྟན་བརླིང་ཡོང་བར་འགན་ཁུར་དགོས་པ་དང་། རྒྱ་ནག་གིས་གོ་ལ་འདི་འཇིགས་སྐྲག་དང་དམག་འཁྲུག་མེད་པའི་ངེས་ཤེས་ཤིག་སྐྱེ་འཇུག་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད། ཅེས་དང་། རྒྱ་ནག་གཞུང་གི་གནོན་ཤུགས་ཀྱིས་ཐའེ་ཝན་ཡམ་ཡོམ་དུ་གཏོང་མི་ཐུབ་པས། རྒྱ་ནག་གིས་ཐའེ་ཝན་ལ་དམག་དོན་དང་ཆབ་སྲིད་ཀྱི་ཐོག་ནས་ཐེ་ཇུས་བྱེད་མཚམས་གཞག་དགོས་སྐོར་སོགས་གསུངས་འདུག

ཡང་ཁོང་གིས། ཁོང་གི་སྲིད་འཛིན་དུས་ཡུན་རིང་། ཐའེ་ཝན་གཞུང་གིས་ཨ་རི་དང་ཐའེ་ཝན་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་དང་། ཁུལ་དེའི་ཚོང་ལས་ཁེ་གཉེར་ཁང་ཁག་ཏུ་མ་འཇོག་བྱས་ཏེ་ཐའེ་ཝན་ཕྱོགས་ཀྱི་ཚོང་དོན་གྱི་གནས་བབ་གོང་མཐོར་གཏང་རྒྱུ་དང་། ལས་མེད་དུ་གྱུར་བའི་ཐའེ་ཝན་གྱི་ན་གཞོན་མང་དག་ཅིག་ལ་ལས་གནས་མཁོ་སྤྲོད། དེ་བཞིན་རྒྱ་ནག་གཞུང་གིས་འཇིགས་སྐུལ་སོགས་ལ་གདོང་ལེན་བྱ་རྒྱུ་ཡིན་སྐོར་སོགས་གསུངས་འདུག

རྒྱ་ནག་གོ་ལའི་དུས་བབ་ཀྱིས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་སྐུ་ཞབས་ལེ་ཆིན་ཏི་ཡིས་ཕྱོགས་གཉིས་ཀྱི་མི་མང་གི་ཁྲོད་དུ་འགལ་ཟླ་བཟོ་ཡི་ཡོད་ལུགས་ཀྱི་སྐྱོན་བརྗོད་བྱས་འདུག་ལ།  ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་དབྱིན་ཡུལ་གྱི་རྒྱ་ནག་གཞུང་ཚབ་པ་ཡང་ཞོ་ཀང་(Yang Xiaoguang) ཟེར་བ་དེས་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། སྐུ་ཞབས་ལེ་ཆིན་ཏི་ཡིས་ཐའེ་ཝན་མི་མང་གི་གནད་དོན་ལ་སེམས་ཁུར་བླངས་ཏེ་དོ་ནན་ཙམ་གནང་དགོས་ལུགས་དང་། དབྱིན་ཡུལ་གཞུང་གིས་སྲིད་འཛིན་དམ་འབུལ་མཛད་སྒོར་སྐུ་ཚབ་ཚོགས་ཆུང་གཏོང་མི་རུང་བ་སོགས་བཤད་འདུག དེ་བཞིན་བདུན་ཕྲག་སྔ་མའི་གཟའ་མཇུག་ཏུ་རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བས་ཉུང་མཐར་མཁའ་དམག་གནམ་གྲུ་ ༡༤ ལྷག་གིས་ཐའེ་ཝན་གྱི་མཁའ་དབྱིངས་སུ་འཕུར་སྐྱོད་ཀྱིས་འཇིགས་སྐུལ་བྱས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༣ ཉིན་ཐའེ་ཝན་འོས་བསྡུ་ལྷན་ཁང་ནས་སྲིད་འཛིན་འོས་བསྡུ་ཆེན་མོའི་གྲུབ་འབྲས་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ།  འདས་ལོའི་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུར་འོས་འཕེན་ཐོ་འགོད་བྱེད་མཁན་ ༡༩,༥༤༨,༥༣༡ བྱུང་སྟེ་བརྒྱ་ཆ་ ༧༢ ཟིན་པའི་ཁྲོད། གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཧུའུ་ཡུག་ཡས་(侯友宜)ལགས་ལ་འོས་གྲངས་ ༤,༦༧༡,༠༢༡  སྟེ་འོས་ཀྱི་བརྒྱ་ཆ་ ༣༣། ༤༩ དང་།  ཐའེ་ཝན་མི་མང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཁི་ཝན་ཌི (柯文哲) ལགས་ལ་འོས་གྲངས་ ༣,༦༩༠,༤༦༦ སྟེ་འོས་ཀྱི་བརྒྱ་ཆ་ ༢༦། ༤༦ དང་། དམངས་གཙོ་ཡར་ཐོན་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ལེ་ཆིན་ཏི་(賴清德) ལགས་ལ་འོས་གྲངས་ ༥,༥༨༦,༠༡༩ དང་འོས་ཀྱི་བརྒྱ་ཆ་ ༤༠། ༠༥ ཐོབ་སྟེ་སྲིད་འཛིན་དུ་བདམས་ཐོན་བྱུང་འདུག

སྐུ་ཞབས་ལེ་ཆིན་ཏི་མཆོག་ནི་ཕྱི་ལོ་ ༡༩༥༩ ཟླ་ ༡༠ ཚེས་ ༦ ཉིན་ཐའེ་པའེ་རྫོང་གི་བྱང་ཁུལ་དུ་རྡོ་སོལ་སྔོག་འདོན་གྱི་བྱེད་མཁན་གྱི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས་ཤིང་།  ཆུང་དུས་ཐའེ་པའེ་གྲོང་ཁྱེར་དུ་སློབ་གྲྭར་འགྲིམས་རྗེས། ཐའེ་ནན་ (Tainan) གྱི་རྒྱལ་ཡོངས་ཁྲིན་ཁུང་གཙུག་ལག་སློབ་ཆེན་(National Cheng Kung Univertsity) དུ་སློབ་སྦྱོང་གནང་། དེ་ནས་ཐའེ་པའེ་རུ་ཡོད་པའི་ཐའེ་ཝན་རྒྱལ་ཡོངས་མཐོ་རིམ་སློབ་གཉེར་ཁང་དུ་སློབ་སྦྱོང་གནང་རྗེས། ཧར་ཝར་ཌི་(Harvard) གཙུག་ལག་སློབ་ཆེན་དུ་མང་ཚོགས་ཀྱི་འཕྲོད་བསྟེན་ཐོག་ལ་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་། ཁོང་ནི་ཐའེ་ཝན་གྱི་སྲིད་དོན་པ་དང་། སྨན་པ་ཟུར་པ། དེ་བཞིན་ཐའེ་ཝན་གྱི་སྲིད་འཛིན་གཞོན་པ་ཟུར་བ་སོགས་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese