མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤི་ཏི་རུ་མི་མང་གིས་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཀང་གྷ་ནཱར་ངོ་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༢༤/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་འོས་བསྡུ་བྱེད་བཞིན་པའི་སྐབས་འདིར་བྷི་ཇེ་ཕུའི་འོས་མི་ཀང་གྷ་ནཱ་སྤི་ཏི་ཁུལ་དུ་བསླེབས་སྐབས་ས་གནས་མི་མང་ཁག་ཅིག་གིས་ངོ་རྒོལ་བྱས་ཏེ་འོས་བསྡུའི་དྲིལ་བསྒྲགས་བྱེད་བཅུག་མེད་པ་རེད།

འདི་ལོའི་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་ཧི་མ་ཅལ་མངའ་སྡེའི་མན་ཌི་ (Mandi) ས་ཁུལ་ནས་བྷི་ཇེ་ཕུ་ (BJP) ཆབ་སྲིད་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མིར་ལངས་མུས་ཡིན་པའི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཀང་གྷ་ནཱ་ (Kangana Ranaut) ཧི་མ་ལ་ཡའི་རི་རྒྱུད་སྤི་ཏི་ས་ཁུལ་དུ་འབྱོར་སྐབས། སྤི་ཏི་མི་མང་གིས་འཕྲེད་དར་ནག་པོ་འཕྱར་ནས་ཀང་གྷ་ནཱ་ལ་ངོས་ལེན་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཞིང་། ཀང་གྷ་ནཱ་ཡིས་ཀྱང་སྤི་ཏི་ས་ཁུལ་དུ་འོས་བསྡུའི་དྲིལ་བསྒྲགས་བྱེད་མ་ཐུབ་པར་ཕྱིར་ལོག་དགོས་བྱུང་བའི་གནས་ཚུལ་ཐོན་འདུག

དེ་འབྲེལ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཐེངས་འདིར་སྤི་ཏི་མི་མང་གིས་ཀང་གྷ་ནཱ་ལ་ངོ་རྒོལ་བྱེད་དགོས་དོན་གཙོ་བོ་ནི། འདས་ལོར་ཀང་གྷ་ནཱ་ཡིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་ཞུས་པ་ལ་བརྟེན་ནས་བྱུང་སྐོར་བརྗོད་འདུག་ལ།  ཁོང་ཚོས་ལག་ཏུ་འཕྲེད་དར་ནག་པོ་བཟུང་ནས་ཀང་གྷ་ནཱ་ཕར་ལོག་དགོས་ཞེས་ངོ་རྒོལ་སྐད་འབོད་བརྒྱབ་ཡོད་པ་རེད།  འོན་ཀྱང་། བྷི་ཇེ་ཕུ་སྲིད་དོན་ཚོགས་པས། གནད་དོན་དེ་ནི་ཁ་གཏད་དམངས་གཙོ་སྲིད་དོན་ཚོགས་པས་འདྲ་མཉམ་གྱི་འོས་བསྡུའི་དྲིལ་བསྒྲགས་ཀྱི་སྡིངས་ཆར་ཆེད་དུ་གནོད་སྐྱོན་བཟོས་པའི་ངོས་འཛིན་འོག  ཧི་མ་ཅལ་མངའ་སྡེའི་འོས་བསྡུའི་འགན་འཛིན་ནས་སྤི་ཏི་ཁུལ་གྱི་འོས་བསྡུའི་ལས་བྱེད་ཚོ་འཕོ་འགྱུར་གཏོང་དགོས་པའི་ཞུ་གཏུགས་དང་སྐྱོན་བརྗོད་གནང་ཡོད་པ་རེད།

དོན་རྐྱེན་དེ་དང་འབྲེལ་ནས་ཧི་མ་ཅལ་མངའ་སྡེའི་བྷི་ཇེ་ཕུ་སྲིད་དོན་ཚོགས་པའི་མགོ་ཁྲིད་ཇའེ་རམ་ཐ་ཀོར་ལགས་ཀྱིས། སྤི་ཏིའི་ཁུལ་དུ་ཆབ་སྲིད་ཚོགས་པ་གཉིས་ཀྱི་འོས་མིར་དྲིལ་བསྒྲགས་བྱེད་པའི་སྡིངས་ཆ་འདྲ་མཉམ་བསྐྲུན་ཡོད་ཀྱང་། དམངས་གཙོ་ཚོགས་པས་ད་སྔ་བར་བྱུང་མྱོང་མེད་པའི་བྱ་སྤྱོད་སྤེལ་ཏེ། བྷི་ཇེ་ཕུར་འོས་བསྡུའི་དྲིལ་བསྒྲགས་བྱེད་པའི་སྡིངས་ཆ་བཀག་འགོག་བྱས་པ་ནི་ཧ་ཅང་བློ་ཕམ་དགོས་པའི་གནས་ཤིག་ཡིན། ཞེས་དང་། གནས་སྟངས་དེའི་འོག་ནས་འོས་བསྡུའི་རང་དབང་དང་འདྲ་མཉམ་ལ་དོ་ཕོག་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག

ལ་ཧོར་དང་སྤི་ཏིའི་སྤྱི་ཁྱབ་ཉེན་རྟོག་དཔོན་མཱ་ཡནྒ་ (Mayank Chowdhary) ཡིས། སྐབས་དེར་སྲིད་དོན་ཚོགས་པ་གཉིས་ཀྱི་རྒྱབ་སྐྱོར་བ་ས་ཁུལ་དེར་འཛོམས་ཡོད་ཀྱང་། ཕན་ཚུན་བར་གདོང་ཐུག་ཤོར་མེད། སྟབས་མ་ལེགས་པར་མི་ཞིག་གི་རྐང་ཚིགས་རྫོགས་ཡོད། ཅེས་བརྗོད་འདུག་ལ། དམངས་གཙོ་ཚོགས་པའི་འོས་མི་སིན་ (Vikramaditya Singh)གྱིས། ཀང་གྷ་ནཱ་ཡིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་པར་སྤི་ཏིའི་མི་མང་གི་སེམས་སུ་རྨ་ཁ་ཆེན་པོ་བཟོས་འདུག ངས་བསམ་ན་ཀང་གྷ་ནཱ་ཡིས་ལྷག་བསམ་རྣམ་དག་གི་ཐོག་ནས་༧གོང་ས་མཆོག་ལ་དགོངས་སེལ་ཞུ་དགོས་ཀྱི་འདུག་ཅེས་བརྗོད་འདུག

སྤྱིར་འདས་ལོའི་ཕྱི་ཟླ་ ༤ པའི་ནང་༸གོང་ས་མཆོག་གི་བྱམས་བརྩེའི་མཛད་པར་གཞི་མེད་བསྙོན་འཛུགས་ཀྱིས་ཆེད་བཟོ་བྱས་པའི་བརྙན་ཐུང་ཞིག་དང་འབྲེལ་ཏེ། ཀང་གྷ་ནཱ་ཡིས་རང་ཉིད་ཀྱི་སྤྱི་ཚོགས་དྲ་ལམ་དུ། ༸གོང་ས་མཆོག་གི་སྐུ་པར་དང་བྷའེ་ཌན་(Joe Biden) གཉིས་སྒྲིག་སྦྱོར་བྱས་པ་ཞིག་འགྲེམས་སྤེལ་བྱས་ནས་ཟུར་ཟ་བྱས་ཡོད་པ་དང་། སྐབས་དེར་བོད་མི་རྣམས་གཙོ་བྱས་པའི་ཧི་མ་ལ་ཡའི་རི་རྒྱུད་པ་སོགས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་ནང་པ་སོགས་མི་གྲངས་ས་ཡ་མང་པོས་ངོ་རྒོལ་ལས་འགུལ་སྤེལ་བའི་ཁྲོད།  ཀང་གྷ་ནཱ་ལའང་ངོ་རྒོལ་བྱེད་མཁན་མང་པོ་བྱུང་ཡོད་ལ། སྐབས་དེར་ཁོང་མོས་རང་ཉིད་ཀྱི་ (Instagram) དྲ་ལམ་ཐོག་གསལ་བཤད་གནང་བའི་ནང་། རྩེད་མོ་དང་སྦྲགས་ནས་དེ་ལྟར་བྱས་པར་བསམ་ཤེས་གནང་རོགས་ཞེས་དང་། ཁོང་རང་ཉིད་སངས་རྒྱས་ཀྱི་གསུང་རབ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པ་མ་ཟད། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་མི་མང་གི་བདེ་དོན་སླད་མཛད་འཁུར་བཞེས་ཡོད་ཅེས་དང་། ངས་སུ་ལ་ཡང་འཁོན་འཛིན་བྱས་མེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

དེ་བཞིན། ཕྱི་ཟླ་ ༤ ཚེས་ ༡༥ ཉིན་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཀང་གྷ་ནཱ་ (Kangana Ranaut) དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་རྗེ་རམ་ (Jai Ram Thakur) ལགས་རྣམ་གཉིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད་ལ། མཇལ་ཁ་གྲུབ་རྗེས་ཀང་གྷ་ནཱ་ཡིས། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དངོས་སུ་མཇལ་བཅར་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ལ། ངའི་མི་ཚེ་ནང་ཆེས་ཁྱད་པར་ཅན་གྱི་དུས་ཚེས་ཤིག་ཡིན། ཞེས་བརྗོད་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༥ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese