མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་འབྲོག་མང་ས་ཡ ༣.༣༦ ཙམ་གྱི་འཚོ་གནས་ལ་དཀའ་ངལ་འཕྲད་ཉེན་ཡོད་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༤/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིར་རྟེན་གཞི་བྱས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་སྙན་ཐོའི་ནང་ཕྱི་ལོ ༢༠༢༥ ལོ་བར་རྒྱ་ནག་གཞུང་གི་གནས་སྤོར་དང་འཛུགས་སྐྲུན་གྱི་སྲིད་ཇུས་ལག་བསྟར་བྱས་པའི་ཁྲོད་བོད་ཀྱི་འབྲོག་པ་མང་ཚོགས་ས་ཡ ༣.༣༦ ཙམ་གྱི་འཚོ་གནས་ལ་དཀའ་ངལ་འཕྲད་ཉེན་ཡོད་སྐོར་སོགས་གསལ་འདུག

A Chinese Communist Party deputy secretary of Gonjo county visits households to persuade them to agree to the proposed relocation of their village, in Sa-ngen, Tibet Autonomous Region, March 2024. © 2024 Gongjue Pioneers (贡觉先锋) WeChat Account

ཁ་སང་རེས་གཟའ་མིག་དམར་ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ (Human Right Watch) གིས། རྒྱ་ནག་གཞུང་གིས་བོད་ཀྱི་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་དང་། རང་བྱུང་ཁོར་ཡུག་སྲུང་སྐྱོང་བྱེད་ཀྱི་ཡོད་པར་ཁ་གཡར་ཏེ། བོད་ནང་གི་རོང་འབྲོག་མང་ཚོགས་རྣམས་སོ་སོའི་ཕ་མེས་ཡང་མེས་ནས་འཚོ་སྡོད་བྱ་སའི་ཕ་ས་ཕ་ཡུལ་ནས་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་མུས་ཡིན་ཡང་། རྒྱ་ནག་གཞུང་གིས་བོད་མི་ཚོས་རང་མོས་བཞིན་གནས་སྤོར་བྱས་ནས་འཚོ་བ་ཡར་རྒྱས་ཀྱི་ལམ་ལ་ཕྱོགས་ཀྱིན་ཡོད་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་སྐོར་སོགས་གསལ་འདུག

སྙན་ཐོ་དེའི་ནང་། ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱ་ནག་གཞུང་གིས་གཡོ་ཇུས་ཆེན་པོས་བོད་ཀྱི་རོང་འབྲོག་རྣམས་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་ཡོད་ཀྱང་།  གནས་སྤོར་བྱེད་མཁན་གྱི་བོད་པའི་དུད་ཚང་ ༢༢༦ ཁོངས་ནས་དུད་ཚང་ ༢༠༠ ལྷག་རང་རང་གི་ཡབ་མེས་ཀྱི་འཚོ་རྟེན་དུ་གྱུར་བའི་རོང་འབྲོག་གི་ས་གནས་དེ་ནས་རྒྱང་དུ་བཀྱེད་འདོད་གཏན་ནས་མེད་པའི་སྐོར་དང་། བོད་པའི་དུད་ཚང་མང་དག་ཅིག་གིས་རང་གི་ཕ་མེས་ཀྱི་ས་གནས་ནས་སྤྱི་ལེ་ ༡༠༠༠ ལྷག་གི་བར་ཐག་ཡོད་པའི་ས་གནས་དེ་དག་ཏུ་གནས་སྤོར་བྱས་ནས་འཚོ་བ་རོལ་འདོད་བྱེད་ཀྱི་མེད་ཀྱང་། རྒྱ་ནག་གཞུང་གིས་ཐབས་ཤེས་སྣ་མང་བཀོལ་ནས་མི་འདོད་བཞིན་དུ་གནས་སྤོར་བྱེད་དུ་འཇུག་གི་ཡོད་སྐོར་སོགས་གསལ་འདུག

ཡང་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་ས་གནས་གཞན་དང་གཞན་དུ་གནས་སྤོར་དུ་བཅུག་ཟིན་པའི་རོང་འབྲོག་རྣམས་ཀྱི་མཚེར་ཤུལ་དང་ཞིང་ས་སོགས་རྩ་མེད་བཟོས་ནས་ཕྱིར་ལོག་ས་མེད་ལ། ད་བར་ས་གནས་གཞན་དུ་གནས་སྤོར་བྱས་པའི་བོད་མི་རྣམས་ཀྱི་འཚོ་རྟེན་ཡག་པོ་མེད་པའི་ཁར། འཚོ་བའི་མཐུན་རྐྱེན་དང་རང་བྱུང་ཁོར་ཡུག་གི་མཐུན་རྐྱེན་སོགས་ཧ་ཅང་ཞན་པོ་ཡིན་པས། བོད་མི་རྒན་དར་གཞོན་སོགས་ལ་ལས་ཀ་མི་རག་པར་ཁྱིམ་མིའི་འཚོ་སྣོན་ལ་དཀའ་ངལ་ཕྲད་དེ། ད་བར་བཙན་གྱིས་གནས་སྤོར་བྱས་བཅུག་པའི་བོད་མིའི་ནང་ཡིད་སེམས་མགུ་མཁན་དང་འདོད་བློ་ཁེངས་མཁན་ཧ་ཅང་ཉུང་ཉུང་ཡིན་པའི་ཁྲོད། གནས་སྤོར་བྱས་བཅུག་པའི་བོད་པའི་དུད་ཚང་བརྒྱ་ཆ་ ༦༩ ལྷག་གི་འཚོ་བ་དཀའ་ངལ་འཕྲད་མུས་དང་། དུད་ཚང་བརྒྱ་ཆ་ ༤༩ ལྷག་རང་གནས་སུ་ཕྱིར་ལོག་འདོད་བྱེད་ཀྱི་ཡོད་སྐོར་སོགས་གསལ་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༠ ནས་ ༢༠༢༥ བར་གྱི་བོད་མིའི་གནས་སྤོར་སྲིད་ཇུས་ནང་། ཉུང་མཐར་བོད་མི་ ༩༣༠༠༠༠ ལྷག་ས་གནས་གཞན་དུ་གནས་སྤོ་འཆར་ཡོད་པའི་ཁྲོད། ཕྱི་ལོ ༢༠༡༦ ནས་ད་བར་བོད་མི་གྲངས་ ༧༠༩༠༠༠  (བརྒྱ་ཆ་༧༦ )  ལྷག་གནས་སྤོར་བྱས་བཅུག་ཟིན་ཡོད་ཅིང་། དེའི་ཁོངས་ནས་བོད་མི་གྲངས་ ༡༤༠༠༠༠ ལྷག་གྲོང་ཚོ་དང་ལྷན་དུ་གནས་སྤོར་དང་། མི་གྲངས་ ༥༦༧༠༠༠ ལྷག་གི་ཁྱིམ་ཚང་རེ་རེ་བྱས་ནས་བཙན་གྱིས་གནས་སྤོར་བྱས་བཅུག་ཡོད་པས། ཕྱི་ལོ ༢༠༢༥ ལོ་བར་རྒྱ་ནག་གཞུང་གིས་གནས་སྤོར་དང་འཛུགས་སྐྲུན་གྱི་སྲིད་ཇུས་དེའི་ཁོངས་ནས་བོད་ཀྱི་འབྲོག་པ་མང་ཚོགས་ས་ཡ ༣། ༣༦ ཙམ་གྱི་འཚོ་གནས་ལ་དཀའ་ངལ་འཕྲད་ཉེན་ཡོད་སྐོར་སོགས་གསལ་འདུག

ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༢༤ ལོ་གཅིག་པུར་རྒྱ་ནག་གཞུང་གིས་བོད་ཉག་ཆུ་རྫོང་དུ་མེ་སྐྱོན་ཤུགས་ཆེ་རུ་ཕྱིན་ལུགས་སོགས་ལ་ཁ་གཡར་ནས་ས་གནས་གསུམ་གྱི་ཁྱིམ་ཚང་ ༡༣༦༠ དང་མི་གྲངས་ ༥༩༠༨ ལྷག་གནས་སྤོར་དང་། རྭ་རྒྱའི་མར་སྟེང་ཆུ་མཛོད་གསར་རྒྱག་སྐབས་ཉུང་མཐར་བོད་པའི་དུད་ཚང་བརྒྱ་ལྷག་གནས་སྤོར་དང་། བོད་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཁོངས་ཀྱི་དཀར་མོ་གཡས་འཁྱིལ་རྨ་ཆུའི་འགྲམ་བརྒྱུད་དུ་གཡང་འཁྱིལ་ཆུ་གློག་ས་ཚིགས་གསར་རྒྱག་ལ་ཁ་གཡར་ནས་ཁུལ་དེའི་ཐང་ནག་སྟོད་སྨད་བར་གསུམ་གྱི་ཁྱིམ་ཚང་ ༡༠༨༥ ཡི་མི་གྲངས་ ༤༥༥༤ གནས་སྤོར་བྱ་དགོས་པའི་བཀའ་རྒྱ་དང་། འདི་ལོའི་ཕྱི་ཟླ་ ༢ ནང་རྒྱ་ནག་གཞུང་གིས་འབྲི་ཆུར་ཆུ་རགས་གསར་རྒྱག་སླད་ཁུལ་དེའི་དགོན་པ་ ༦ གཙོས་ཁུལ་དེའི་འབྲི་ཆུའི་ཤར་ནུབ་ཀྱི་དུད་ཚང་མང་དག་ཅིག་གནས་སྤོར་བྱ་དགོས་པའི་བཙན་བཀའ་བསྒྲགས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese