མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོར་ཡུག་རྟོག་ཞིབ་སླད་བོད་ནང་རང་དབང་འགྲོ་སྐྱོད་བྱེད་དུ་འཇུག་དགོས་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༤/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་དང་ (Turquoise Roof) ཞེས་པའི་ཉམས་ཞིབ་ཚོགས་པ་གཉིས་ཀྱིས་རྒྱ་ནག་གིས་བོད་ནང་ཆུ་རགས་གསར་རྒྱག་གི་ལས་གཞི་དང་འབྲེལ་བའི་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གནང་འདུག

Occupying Tibet’s Rivers China’s Hydropower ‘Battlefield’ in Tibet

སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱུག་ཆུ་ཁག་ཏུ་ཆུ་རགས་གསར་རྒྱག་དང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་བའི་རྐྱེན་གྱིས། བོད་དང་ཨེ་ཤ་ཡའི་ཁུལ་གྱི་ཁོར་ཡུག་དང་སྤྱི་ཚོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཉེན་ཡོད་པ་གསལ་སྟོན་གནང་འདུག དེ་ཡང་རྒྱ་ནག་གིས་འབྲི་ཆུའི་རྒྱུད་དུ་ཆུ་རགས་དང་གློག་ཁང་གསར་རྒྱག་གི་ལས་གཞི་སྤེལ་ཏེ། ས་གནས་མང་ཚོགས་བཙན་གྱིས་ས་གནས་གཞན་དུ་གནས་སྤོར་བྱ་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་ནག་གཞུང་གིས་ཆུ་རགས་གསར་རྒྱག་གི་ལས་གཞིར་སྡེ་དགེ་རྫོང་གི་མི་མང་གིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། ཕྱི་ཚེས་ ༢༠ ཉིན་སླར་ཡང་སྡེ་དགེ་རྫོང་ཁོངས་ཀྱི་དབོན་ཐོག་གྲོང་ཚོའི་ཡེ་ན་དགོན་དུ་ས་གནས་ལས་བྱེད་པ་ཡོང་སྟེ། དགོན་པའི་ལས་སྣེ་དང་མི་མང་བཅས་ལ་བཙན་བཀའ་གཏོང་སྐབས། མི་མང་གིས་པུས་མོ་ས་ལ་བཙུགས་ནས་ངུ་འབོད་གནང་བའི་སྐོར་དང་། སྐབས་དེར་རྒྱ་གཞུང་གིས་ངོ་རྒོལ་བ་བཅུ་ཕྲག་ཁ་ཤས་འཛིན་བཟུང་བཀག་ཉར་དང་། སྡེ་དགེ་ཁུལ་དུ་དམ་དྲག་ཤུགས་ཆེན་བྱས་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཁོངས་ཀྱི་དཀར་མོ་གཡས་འཁྱིལ་རྨ་ཆུའི་འགྲམ་རྒྱུད་དུ་གཡས་འཁྱིལ་ཆུ་གློག་ས་ཚིགས་ཟེར་བ་ཞིག་བརྒྱབ་ཡོད་པར་བརྟེན། ཉེ་འགྲམ་དུ་ཆགས་པའི་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་དཔལ་ཁ་གྲོང་རྡལ་ནས་སྤྱི་ལེ་གསུམ་བཞི་ཙམ་གྱི་མཚམས་སུ་ཡོད་པའི་ཁྱོ་དཀར་ནག་ལོ་ཞེས་པའི་རི་སྣ་ཞིག་ཡོད་པ་དེར་གནས་སྤོར་དགོས་པའི་བཀའ་བཏང་ཡོད་པའི་སྐོར་སོགས་འཁོད་འདུག

ཡང་སྙན་ཐོའི་ནང་། རྒྱ་གཞུང་གིས་བོད་ནང་ཆུ་རགས་གསར་རྒྱག་གི་ལས་གཞི་བརྒྱུད་རྒྱ་ནག་གི་བཟོ་ཚོང་ཁང་རྟེན་གཞི་བྱ་སའི་ཁྲིན་ཏུའུ་ (Chengdu) དང་ཁྲུང་ཆིན་ (Chongqing) གྲོང་ཁྱེར་སོགས་ལ་ཆུ་དང་གློག་གི་མཐུན་རྐྱེན་བསྐྲུན་རྒྱུའི་ཆེད་དུ་དམིགས་པ་ཞིག་དང་། ལས་གཞི་དེ་རྒྱ་ནག་གཞུང་གིས་གཉེར་བཞིན་པའི་ཚོང་ལས་ཁང་ཧྭ་ནིང་ (Huaneng) དང་ཧྭ་ཌིན་ (Huadian) སོགས་ཀྱིས་སྟངས་འཛིན་བྱེད་ཀྱི་ཡོད་སྐོར་དང་། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཧྭ་ཌིན་ཚོང་ལས་ཁང་དང་འཇར་མ་ནིའི་སའེ་མེན་སི་ཚོང་ལས་ཁང་ (Siemens Energy) དང་ལྷན་དུ་མཉམ་འབྲེལ་གྱི་གྲོས་མཐུན་འཇོག་ཡོད་པར་བརྟེན། རྒྱ་ནག་གིས་ཆུ་རགས་གསར་རྒྱག་གི་ལས་གཞི་མཚམས་འཇོག་མ་བྱེད་བར་དུ་འཇར་མ་ནིའི་ཚོང་ལས་ཁང་གིས་མཉམ་ལས་མཚམས་འཇོག་དགོས་སྐོར་སོགས་གསལ་འདུག

Screenshot image of a group of workers holding a red banner with yellow font text that reads, “Drichu Kamtok hydropower station survey and design project department. Happy New Year to all staff and families of Chengdu Institute”. Posted on Douyin on 23 December, 2023.

སྙན་ཐོའི་ནང་། རྒྱ་ནག་གིས་བོད་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེར་སྤེལ་ནས་བོད་ཀྱི་ཁོར་ཡུག་དང་རྒྱུག་ཆུར་འབག་བཙོག་ཚབས་ཆེན་བཏང་དང་གཏོང་བཞིན་ཡོད་པའི་རྐྱེན་གྱིས་ས་ཡོམ་དང་ས་རུད་འབྱུང་ཉེན་ཆེ་བ་དང་། རྒྱ་གར་དང་རྒྱ་ནག་སོགས་ཨེ་ཤ་ཡའི་ཁུལ་གྱི་ཆུ་བོའི་བཞུར་རྒྱུན་དུ་གནས་པའི་མི་གྲངས་ས་ཡ་བཅུ་ཕྲག་ཁ་ཤས་ཀྱི་འཚོ་གནས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་སྐོར་དང་། ལས་གཞི་དེ་རྒྱ་ནག་གི་ཁོར་ཡུག་གི་བཅའ་ཁྲིམས་དང་འགལ་གྱི་ཡོད་པར་བརྟེན། གཏན་དུ་མཚམས་འཇོག་བྱེད་དགོས་སྐོར་དང་། ཕྱི་ལོ་ ༢༠༢༠ ལོའི་འབྲི་ཆུ་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་ལ་བསྐྱར་ཞིབ་བྱས་པ་བརྒྱུད་ས་གནས་མི་མང་ལ་ཆུ་བོའི་བཞུར་རྒྱུན་དུ་གནས་པའི་མི་མང་དང་སྲུང་སྐྱོབ་ཀྱི་ཐོབ་ཐང་གཅིག་མཚུངས་ཡོད་དགོས་པ་དང་། ས་གནས་ཀྱི་གནས་རི་ཁག་ལ་དོ་ཕོག་མི་ཤོར་བའི་འཆར་གཞི་དགོས་པའི་དགོས་འདུན་ཁག་ཅིག་བཏོན་འདུག

སྙན་ཐོའི་མཇུག་ཏུ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག་རིག་གཞུང་ཚན་པ། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་བཅས་ཀྱིས་བོད་ནང་ཆུ་རགས་གསར་རྒྱག་གི་ལས་གཞིར་བློ་འཚབ་ཀྱི་བསྒྲགས་གཏམ་སྤེལ་དགོས་པ་དང་། དུས་རབས་བཅུ་བཞི་ནས་རྟེན་གཞི་བྱས་ཡོད་པའི་གནའ་རབས་ཀྱི་དགོན་སྡེ་ཁག་གཏོར་བཤིག་མི་གཏོང་བར་སྲུང་སྐྱོབ་དགོས་པ། དེ་བཞིན་བོད་དང་རྒྱ་ནག་གི་མཁས་པས་ཐེར་འདོན་གནང་བའི་བོད་ཀྱི་འབྲོག་པ་རྣམས་ལ་སྒོ་ཕྱུགས་གསོ་སྐྱོང་དང་ཞིང་ལས་འདེབས་འཛུགས་ཐད་རང་དབང་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཤེས་རྟོགས་སླད་བོད་ནང་འགྲུལ་བཞུད་བྱེད་པར་བཀག་སྡོམ་མེད་པའི་ཐོག་ལྟ་ཞིབ་བྱེད་དུ་བཅུག་དགོས་སྐོར་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཆུ་རགས་གསར་རྒྱག་གི་ལས་གཞི་མཚམས་འཇོག་སླད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ། ལས་གཞི་དེ་དང་འབྲེལ་བའི་ཚོང་ལས་ཁང་ཁག་དང་མཉམ་འབྲེལ་གྱི་ལས་གཞི་མི་སྤེལ་བ། སྡེ་དགེ་ཁུལ་གྱི་གནས་སྟངས་ཤེས་རྟོགས་སླད་གནད་ཡོད་མི་སྣ་ཆེད་གཏོང་དགོས་སྐོར་སོགས་གསལ་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༦ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese