མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦན་ད་ར་མཉམ་འབྲེལ་གྱི་དོན་རྐྱེན་ལས་སློབ་གསོ་ལེན་པའི་གྲོས་ཆོད་བཞག

བོད་ཀྱི་དུས་བབ།
༢༠༢༤/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐོག་སྦན་ད་ར་བོད་མིའི་མཉམ་འབྲེལ་གྱི་དོན་རྐྱེན་ལས་སློབ་གསོ་ལེན་པ་དང་མཉམ་འབྲེལ་དེ་སླར་གསོ་ཡོང་ཐབས་སུ་དོན་ཚན་དྲུག་ཐག་གཅོད་གནང་འདུག

དྷ་ས་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ལྟེ་གནས་ཁང་དུ་བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་འཚོགས། ༢༠༢༤།༠༥།༢༢-༢༤། དུས་བབ་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༢༢ ནས་ཉིན་གསུམ་རིང་དྷ་ས་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ལྟེ་གནས་ཁང་དུ། བོད་མིའི་སྒྲིག་འཛུགས་ནང་སྲིད་དབུས་ངལ་སེལ་ཚོགས་པའི་གོ་སྒྲིག་འོག བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་འཚོགས་ཡོད་ཅིང་། དེ་རིང་མཇུག་བསྡོམས་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་པདྨ་བདེ་ལེགས་ལགས། དེ་བཞིན་ལྷོ་སྤྱི་དང་ལ་སྤྱི། ས་གནས་མགོ་འཛིན་རྣམ་པ། ས་གནས་ཁག་གི་མཉམ་འབྲེལ་བཅོ་ལྔའི་ཚོགས་གཙོ་དང་དྲུང་ཆེ། སྤྱི་མཐུན་མཉམ་འབྲེལ་གྱི་སྐུ་ཚབ་བཅས་ཁྱོན་ཚོགས་བཅར་བ་  ༤༥ ཙམ་མཉམ་ཞུགས་གནང་འདུག

མཇུག་བསྡོམས་ཐོག་སྲིད་སྐྱོོང་སྤེན་པ་ཚེ་རིང་མཆོག་གིས། ཐེངས་འདིར་མཉམ་འབྲེལ་གྱི་ཚོགས་འདུ་འཚོགས་པ་ང་ཚོའི་སྤྱི་ཚོགས་ཀྱི་འཚོ་བ་རོལ་སྟངས་ཐད་བསམ་བློའི་ཀུན་ནས་བླངས་ཏེ་ལས་ཀ་བྱེད་བཞིན་པ་རེད། ང་ཚོ་བཙན་བྱོལ་དུ་འབྱོར་བ་ནས་གཞིས་ཆགས་འཛུགས་སྐྲུན་བྱེད་པའང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ཏེ་བོད་དོན་འཐབ་རྩོད་རྒྱུན་རིང་གནས་ཆེད་དུ་བཙུགས་པ་ཞིག་རེད། གཞིས་ཆགས་བཙུགས་པའི་རྒྱུ་མཚན་ལ་བརྟེན་ནས་སློབ་གྲྭ་དང་། ཆོས་རིག རིག་གཞུང་གི་ལྟེ་གནས་ཁག་བཙུགས་ཐུབ་སྟེ་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད། མི་རབས་རྒན་པ་ཚོར་སློབ་སྦྱོང་ཡོད་མེད་གང་ཡིན་རུང་སེམས་ཤུགས་ལ་བརྟེན་ནས་ད་ལྟའི་བར་དུ་སྐུ་ལས་མང་པོ་བསྐྱོན་ཡོད། ད་ལྟ་མི་རབས་ཀྱང་བརྗེ་བོ་ཐེབས་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁོངས་སུ་ཕྱི་ལོ་ ༡༩༥༠ ནས་ ༡༩༦༠ ནང་བོད་ནས་འབྱོར་བའི་མི་མེད་པའི་གནས་སྟངས་ཤིག་ཆགས་ཡོད། རྒྱ་གར་ནང་མི་རབས་གཉིས་པས་འགན་འཁུར་བཞིན་ཡོད་ལ། མ་འོངས་པར་མི་རབས་གསར་པར་རྩིས་སྤྲོད་དགོས་པས་གྲ་སྒྲིག་བྱེད་དགོས། ང་ཚོར་གཞིས་ཆགས་ཡོད་པ་གཅིག་པུའི་ཕན་ཐོགས་ཀྱི་མེད། གཞིས་ཆགས་ནང་དུ་སྡོད་མཁན་གྱི་མི་དགོས་ཀྱི་ཡོད་པར་བརྟེན། ད་ལྟའི་ཆར་གཞིས་སྤོས་ལས་གཞི་འགྲོ་དང་འགྲོ་བཞིན་པ་རེད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། ང་ཚོའི་མཉམ་འབྲེལ་དང་། འགན་འཛིན་ལྷན་ཚོགས། མཉམ་འབྲེལ་དྲུང་ཆེ་རྣམས་ཀྱི་འཛིན་སྐྱོང་གི་འགན་འཁུར་སྟངས་ཐད་འབྲེལ་བ་བྱེད་ཡུལ་སྤྱི་མཐུན་མཉམ་འབྲེལ་དང་ནང་སྲིད་ལས་ཁུངས་གཉིས་ཀྱི་ཡིན་མིན་གསལ་བོ་བཟོས་ཚེ། ལས་དོན་བྱེད་ཕྱོགས་ཀྱི་སྒྲོམ་གཞི་ཡག་པོ་ཆགས་འགྲོ་ཡི་རེད། སྒྲོམ་གཞི་ཡག་པོ་མ་ཆགས་ཚེ་གཅིག་གིས་གཅིག་ལ་མགོར་གཡུག་སྟེ་བར་ནས་ལྷག་པའི་ཉེན་ཁ་ཡོད་པ་རེད། ཉེ་ཆར་གྱི་སྦན་ད་ར་གཞིས་ཆགས་ཀྱི་སྙན་ཐོའི་ནང་དུ་ཡོད་པའི་རིགས་མ་འོངས་པར་མི་ཡོང་བའི་ཆེད་དུ་ཡིན། མཉམ་འབྲེལ་དགོས་ཀྱི་ཡོད་མེད་ཐད་བགྲོ་གླེང་བྱེད་དགོས་པ་ལས་ཨུ་ཚུགས་རྒྱག་དགོས་པ་མ་རེད། ས་གནས་ཁག་ཏུ་སྤྱི་ཚོགས་ཡར་རྒྱས་ཕྱིན་ཏེ་མཉམ་འབྲེལ་དགོས་མཁོ་མེད་པ་ཡིན་ཚེ། དེའི་ཚབ་ཏུ་འཛུགས་སྐྲུན་བྱེད་པའི་ལས་གཞི་གང་དགོས་པ་ལའང་བསམ་བློ་གཏོང་དགོས་པ་རེད། དམིགས་ཡུལ་གཙོ་བོ་དེ་སོ་སོའི་གཞིས་ཆགས་ནང་དུ་མཉམ་འབྲེལ་གྱི་ངོས་ནས་མི་སླེབས་པར་ཅི་ཞིག་བྱེད་དགོས་པ་དང་། གཞོན་སྐྱེས་ཚོ་གཞིས་ཆགས་ནང་དུ་གནས་ཐུབ་པར་བསམ་བློ་གཏོང་དགོས། ཞེས་གསུངས་སོང་།

འདི་གའི་གསར་འགོད་པས་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་སུ་ཚོགས་ཆེན་ག་འདྲ་བྱུང་སྐོར་དྲིས་པར་ཁོང་གིས། ཕྱི་ལོ་ ༢༠༢༢ ལོ་ནས་བཀའ་ཤག་སྐབས་བཅུ་དྲུག་པའི་སྲིད་སྐྱོང་མཆོག་གིས་ནང་སྲིད་ལས་ཁུངས་ལ་མཉམ་འབྲེལ་གྱི་གནས་སྟངས་ཞིབ་འཇུག་བྱེད་དགོས་པའི་བཀའ་གནང་བ་རེད། ཕྱི་ལོ་ ༢༠༢༣ ལོར་གསར་དུ་ཞིབ་འཇུག་བྱེད་པའི་ལས་གཞི་མགོ་བཙུགས་ཏེ་ཉེ་ཆར་ཚར་བ་རེད། ཉམས་ཞིབ་སྐབས་སུ་ཉམས་ཞིབ་གྲུབ་པ་དང་སྙན་ཐོ་སླེབས་དུས། མཉམ་འབྲེལ་ཡོངས་ཀྱི་ཚོགས་གཙོ་དང་དྲུང་ཆེ་རྣམས་མཉམ་དུ་འཛོམས་ཏེ་གྲོས་བསྡུར་བྱེད་དགོས་པ་དང་། ཐེངས་འདིའི་ཚོགས་ཆེན་ནང་གཞིས་ཆགས་སུ་ཡུལ་སྐོར་སྤྲོ་འཆམ་པའི་ལས་གཞི་བྱེད་ཕྱོགས། ནང་སྲིད་དང་མཉམ་འབྲེལ་མཉམ་རུབ་ཀྱི་ཐོག་དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་ཐད་བགྲོ་གླེང་བྱས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་ཚོགས་ཆེན་གྱི་གལ་གནད་སྐོར་ལ་ཁོང་གིས། བོད་མིའི་སྒྲིག་འཛུགས་དང་བོད་མིའི་མཉམ་འབྲེལ་གཉིས་ཁ་བྲལ་ནས་ལོ་བཅུ་དགུ་ཕྱིན་པ་རེད། ལོ་འདི་དག་ནང་དུ་སྤྱི་ཚོགས་ཀྱི་གནས་སྟངས་ལ་འགྱུར་བ་མང་པོ་ཕྱིན་ཡོད་པར་བརྟེན། མཉམ་འབྲེལ་ཁ་ཤས་གང་ལ་གང་འཚམ་ཡག་པོ་ཆགས་ཡོད་པ་དང་། ཁ་ཤས་རང་འཇགས་བསྡད་འདུག ཡང་ཁ་ཤས་དེ་ལས་སྐྱོ་བ་ཆགས་འདུག ཐོག་མར་བོད་མིའི་བཙན་བྱོལ་གཞིས་ཆགས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། རྒྱ་གར་ནང་སྲིད་ལས་ཁུངས། ཕྱི་རྒྱལ་རོགས་ཚོགས་ཁག་གིས་རྒྱ་གར་མཉམ་འབྲེལ་གྱི་ལོ་རྒྱུས་ནང་སྒོ་ཕྱུགས་འཚོ་སྐྱོང་བྱེད་པར་ཡར་རྒྱས་བྱུང་ཡོད་པ་མིག་དཔེ་བལྟས་པ་ཞིག་ཡིན་པ་རེད། ནང་སྲིད་ལས་ཁུངས་ཀྱིས་ང་ཚོའི་དུས་སྐབས་སུ་མི་རབས་རྒན་པས་བཙུགས་པ་རྣམས་ཉམས་ཚེ་འགྲིག་གི་མེད་པའི་བསམ་བློ་འཁོར་བ་རེད། མཉམ་འབྲེལ་ཉམས་བཞིན་པ་བསྐྱར་དུ་མཉམ་རུབ་བྱས་ཏེ་ལངས་ཐབས་བྱ་དགོས་ལ། ལོ་གཉིས་རེའི་མཚམས་སུ་ཚོགས་ཆེན་རེ་འཚོག་པའི་འཆར་གཞི་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐོག སྦན་ད་ར་བོད་མིའི་མཉམ་འབྲེལ་གྱི་དོན་རྐྱེན་དེ་ཡིས་མ་འོངས་མཉམ་འབྲེལ་ཁག་གི་འཛིན་སྐྱོང་གནང་ཕྱོགས་ལ་སློབ་གསོ་དང་། མཉམ་འབྲེལ་གནས་སྟངས་ཞན་པ་རྣམས་སླར་གསོ་ཡོང་ཐབས་སུ་རྒྱ་གར་དབུས་ས་གཞུང་ནས་མཐུན་རྐྱེན་ཞུ་སྤྲོད་ཐོག་གོ་བསྡུར་གནང་རྒྱུ་ཡིན་པའི་གྲོས་ཆོད་ནང་། ༡། མཉམ་འབྲེལ་ཀྱི་དཔལ་འབྱོར་སྟངས་འཛིན་ཆ་ཚང་ཚོགས་གཙོ་དང་། དྲུང་ཆེ། དེ་བཞིན་རྩིས་པ་བཅས་ ཀྱི་ལག་ཏུ་ཡོད་པར་སོང་དེ་དག་གི་འགན་མི་གཅིག་གི་ནམ་ཡང་འཁུར་རྒྱུ་མེད་པར་བྱ་རྒྱུ། ༢།བོད་མི་ས་གནས་ཁག་ཏུ་དབུས་བོད་མི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་པ་ཕེབས་སྐབས་རྒྱ་གར་མངའ་གཞུང་གི་མཉམ་འབྲེལ་ལས་ཁུངས་དང་དཔོན་རིགས་ཁག་ཐུགས་འཕྲད་བྱས་ཚེ་མ་འོངས་མཉམ་འབྲེལ་གྱི་ལས་དོན་བྱེད་ཕྱོགས་ཐད་ཕན་ཐོགས་ཆེ་བར་མངོན། ༣།ས་གནས་མཉམ་དྲུང་ངམ་ལས་བྱེད་བསྐོ་བཞག་གནང་སྐབས་རྒྱབ་ལྗོངས་དང་ལོ་རྒྱུའི་གནས་སྟངས་ ངེས་པར་དུ་ཞིབ་འཇུགས་མཐིལ་ཕྱིན་གནང་དགོས་རྒྱུ། ༤།ས་གནས་མཉམ་འབྲེལ་ཁག་གི་ཟོག་བཤེར་ཁག་དུས་ཐོག་གནང་དགོས་པ་དེ་ཡང་རྩིས་ཁྲ་ལ་གཞི་བཅོལ་གྱིས་ཞིབ་འཇུག་ངེས་པར་དུ་བྱེད་དགོས་རྒྱུ། ༥། མཉམ་འབྲེལ་རྩིས་པ་ནས་ཟླ་རེར་ cash book རྩིས་མཇུག་ཟིན་མཚམས་དངུལ་ཁང་གི་གནས་སྟངས་ bank statement ངེས་པར་དུ་མཉམ་སྦྱར་དགོས་པ་མ་ཟད་འགན་ལྷན་ཚོགས་འདུའི་སྐབས་མིག་སྟོན་གནང་དགོས། ༦།བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འགན་ལྷན་ནང་གྲོས་བསྡུར་བྱུང་བ་ལྟར་སྤྱི་མཐུན་མཉམ་འབྲེལ་ནས་སྦན་ད་ར་ས་གནས་མཉམ་འབྲེལ་སླར་གསོ་སླད་ལོ་གཉིས་རིང་མཉམ་དྲུང་གླ་ཕོགས་ཟླ་རེར་སྒོར་ཁྲི་གསུམ་དང་རྩིས་པའི་གླ་ཕོགས་ཁྲི་གཉིས་རེ་གནང་རྒྱུ་དང་། དེ་བཞིནྋགོང་ས་མཆོག་དང་ནང་སྲིད་ནས་གནང་བའི་འབྲས་འཐག་བཟོ་གྲྭ་གཏའ་འཇོག་བཞག་པ་ཚུར་ལེན་ཐབས་སུ་སྤྱི་མཐུན་མཉམ་འབྲེལ་ནས་སྒོར་འབུམ་ ༢༣ གནང་རྒྱུ་བཅས་བྱས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

STEVE REED, STAND FOR TIBETANS. Tibet Action's photo
Mobile App

རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞིར་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་འཆར་འདུག

ཆུ་ཚོད་ ༡ སྔོན་ལ།
རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་བྷ་ཌ་ཝ་ཇི་ལགས། དྲ་ལམ་གྱི་པར།
Mobile App

དྷ་རམ་ས་ལར་ནང་བསྟན་རིག་པའི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་ཀྱི་གྲོས་གཞི་གྲོས་འཆར་གདོན་རྒྱུ་ཡིན་འདུག

ཆུ་ཚོད་ ༡ སྔོན་ལ།
The U.S. Agency for Global Media website is displayed on a phone with Voice of America branding in the background. Photo: Jonathan Raa/NurPhoto via Getty Images
Mobile App

ཨ་རིའི་རླུང་འཕྲིན་ཁང་ལ་རོགས་དངུལ་སྤྲོད་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༡/༡༤
On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

༢༠༢༦/༠༡/༡༣
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese