མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་བོད་གོར་དམག་དཔུང་བེད་སྤྱད་ནས་རྒྱ་གར་ལ་ཁ་གཏད་གཅོག་རྩིས་བྱེད་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ས་མཐོར་གོམས་འདྲིས་ཆེ་ཞིང་གྲང་ངར་བཟོད་ཆེ་བ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བོད་དམག་དང་བལ་ཡུལ་གྱི་གོར་དམག་བེད་སྤྱད་ནས་རྒྱ་གར་ལ་ཁ་གཏད་གཅོག་རྩིས་བྱེད་ཀྱི་ཡོད་འདུག

བལ་ཡུལ་གྱི་གོར་དམག་གིས་སྦྱོང་བརྡར་བྱེད་བཞིན་པ། དྲ་ལམ་གྱི་པར།

རྒྱ་གར་གྱི་དམག་དཔུང་ནང་བལ་ཡུལ་གོར་ཁའི་དམག་མི་འབོར་ཆེན་ཡོད་ཀྱང་ཕྱི་ལོ་ ༢༠༢༢ ཟླ་ ༨ པའི་ཚེས་  ༢༦ ཉིན་བལ་ཡུལ་གཞུང་གིས་བལ་ཡུལ་གྱི་མི་སེར་དང་དམིགས་བསལ་གོར་དམག་རྣམས་རྒྱ་གར་གྱི་བདེ་སྲུང་དང་འབྲེལ་བའི་ནང་མཉམ་ཞུགས་བྱེད་ཆོག་གི་མེད་པའི་གསལ་བསྒྲགས་ཤིག་བྱས་རྗེས།  རྒྱ་ནག་གཞུང་གིས་གོ་སྐབས་བཟུང་སྟེ་གོར་དམག་ལ་གོ་མཚོན་སོགས་ཀྱི་ཐོག་ནས་མཐུན་འགྱུར་བསྐྲུན་ཐབས་བྱེད་ཀྱི་ཡོད་པ་མ་ཟད། གོར་དམག་བསྡུ་ལེན་གྱི་ཆིངས་ཡིག་འཇོག་འདོད་བྱེད་ཀྱི་ཡོད་ཀྱང་བལ་གཞུང་གིས་རྒྱ་ནག་ཚུད་པའི་རྒྱལ་ཁབ་སུ་ལའང་ཆིངས་ཡིག་དེ་འཇོག་རྒྱུ་མིན་སྐོར་བརྗོད་ཡོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ད་ལྟའི་ཆར་རྒྱ་གར་དང་ཨ་རི། དབྱིན་ཡུལ སོགས་འཛམ་གླིང་རྒྱལ་ཁབ་ཉུང་མཐར་ ༩ ལྷག་གིས་བལ་ཡུལ་གྱི་གོར་དམག་བསྡུ་ལེན་བྱས་ཏེ་དམག་ཞབས་ཕྱི་ཡི་ཡོད་འདུག་ལ། རྒྱ་ནག་གཞུང་གིས་ཀྱང་གོར་དམག་བསྡུ་ལེན་བྱེད་འདོད་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ཉེ་ལམ་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་བཅིངས་གྲོལ་དམག་ཟེར་བའི་ནང་དུ་གོར་དམག་ཡོད་སྐོར་གྱི་གནས་ཚུལ་ཡང་ཐོན་ཡོད་པ་རེད། འདས་ལོར་བལ་ཡུལ་གྱི་(Financial Express)གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་སྤྱི་ཚོགས་གསར་སྤེལ་དང་ཕྱི་འབྲེལ་སྲིད་ཇུས་ལྟེ་གནས་ཁང་(The Executive Chairperson of the Center for Social Innovation and Foreign Policy)གི་གཙོ་གཉེར་བ་སྐུ་ཞབས་ཝི་ཇེ་ཁན་ཁར་ནཱ་(Vijay Kant Karna)ཞེས་པ་ཞིག་གིས་བལ་གཞུང་གིས་རྒྱལ་ཁབ་གཞན་ལ་གོར་ཁའི་དམག་མི་བསྡུ་ལེན་གྱི་ཆིངས་ཡིག་གསར་པ་འཇོག་རྒྱུ་མིན་སྐོར་བརྗོད་ཡོད་པ་རེད།

གོར་དམག་དང་བོད་དམག་རྣམས་ནི་ས་མཐོར་གོམས་འདྲིས་ཆེ་ཞིང་གྲང་ངར་བཟོད་ཆེ་བ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པར་བརྟེན། རྒྱ་ནག་དང་རྒྱ་གར་གཉིས་ཀྱིས་བོད་གོར་གྱི་དམག་མི་རྣམས་མཐའ་མཚམས་དམག་ཁུངས་སུ་གཏོང་གི་ཡོད་པ་རེད། དཔེར་ན། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་རང་ལོ་ ༡༨ ནས་ ༢༢ བར་གྱི་མཐོ་རིམ་སློབ་མ་གཙོ་བོར་གྱུར་བའི་གཞོན་སྐྱེས་རྣམས་དམག་ཁོངས་སུ་ཞུགས་དགོས་པའི་བརྡ་ཁྱབ་སྤེལ་ཏེ་སྐུལ་མ་ནན་པོ་བཏང་ཡོད་པ་མ་ཟད། གྷལ་ཝན་ལུང་གཞུང་གི་རྒྱ་དཀར་ནག་བར་གྱི་དོན་རྐྱེན་བྱུང་རྗེས། རྒྱ་ནག་གཞུང་གིས་ཐ་ན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་མགོན་པོ་དྲག་རྩལ་ཁང་སོགས་ཀྱི་གཞོན་ནུ་དྲག་རྩལ་བ་རྣམས་ཀྱང་དམངས་དམག་ཅེས་པའི་མིང་ཐོག་ནས་ཆེད་དུ་མཐའ་མཚམས་ཁུལ་དུ་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད།

ཕྱི་ལོ་༡༨༡༤ ཙམ་ལ་བལ་པོའི་གོར་དམག་དང་རྒྱ་གར་དབྱིན་གཞུང་གི་ཤར་ཕྱོགས་དམག་དཔུང་བར་གྱི་དམག་འཁྲུག(Anglo Nepalese War ) ཞེས་པ་དེ་བྱུང་རྗེས། རྒྱ་གར་དབྱིན་གཞུང་གིས་གོར་དམག་ལ་དཔའ་ངར་ལྡན་པའི་ཆེ་མཐོང་ཐོབ་ཡོད་པ་མ་ཟད། ཕྱི་ལོ་ ༡༨༡༦ ཙམ་ལ་དབྱིན་གཞུང་གིས་བལ་གཞུང་དང་ཆིངས་ཡིག་བཞག་སྟེ་གོར་དམག་བསྡུ་སྒྲིག་གི་ཆིངས་ཡིག་བཞག་སྟེ་ད་ལྟའི་ཆར་ཉུང་མཐར་གོར་དམག་ ༤༠༠༠ ཙམ་གྱིས་དམག་ཞབས་ཕྱི་ཡི་ཡོད་འདུག་ལ། དབྱིན་ཡུལ་ནི་ཆིངས་ཡིག་དེ་འཇོག་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཡིན་འདུག

ཚེ་རིང་རྣམ་རྒྱལ་གྱིས་གནས་ཚུལ་བསྡུ་སྒྲིག་བྱས།

པདྨ་མཚོས་རྩོམ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༧ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 1

  1. david says:
    ལོ་ 2 སྔོན།

    དམག་ཞབས་ཕྱི་ཡི་ཡོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese