མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥི་ལི་པིན་གྱིས་རྒྱ་ནག་ལ་དམག་འཁྲུག་རྒྱག་སྲིད་པའི་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཧྥི་ལི་པིན་གྱིས་རྒྱ་ནག་ལ་དམག་འཁྲུག་རྒྱག་སྲིད་པའི་ཉེན་བརྡ་བཏང་བར་རྒྱ་ནག་གིས་ཧྥི་ལི་པིན་གྱིས་འཁྲུག་རྐྱེན་སློང་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག

Mr Marcos was speaking at a defence chiefs’ summit in Singapore

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༣༡ ནས་ཟླ་འདིའི་ཕྱི་ཚེས་ ༢ བར་ཉིན་གྲངས་གསུམ་རིང་སིངྒ་པོར་ (Singapore) རྟེན་གཞི་བྱས་པའི་ཤམ་བྷ་ལ་མགྲོན་ཁང་དུ་རྒྱལ་སྤྱིའི་བདེ་འཇགས་ཀྱི་ཚོགས་འདུ་འཚོག་བཞིན་ཡོད་པ་དང་བསྟུན། ཧྥི་ལི་པིན་སི་ (Philippines) གྱི་སྲིད་འཛིན་ཧྥར་ཌི་ནན་ཌི་མཱར་ཁོ་སི་ལགས་ཀྱིས། རྒྱ་ནག་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་ཆུ་མཚམས་དམར་ཐིག་ལས་བརྒལ་མི་ཆོག་པ་དང་། གལ་སྲིད་རྒྱ་ནག་གི་དྲག་འགུལ་གྱི་བྱ་སྤྱོད་ལ་བརྟེན་ནས་ཧྥི་ལི་པིན་གྱི་མི་སེར་གཅིག་ལ་འཆི་སྐྱོན་བྱུང་ཚེ། ཧྥི་ལི་པིན་གྱིས་དེ་ནི་དམག་འཁྲུག་གི་བསླངས་པ་ཞིག་ལ་ངོས་འཛིན་གྱིས་ཡ་ལན་སློག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

གནས་ཚུལ་དེའི་ཐད་རྒྱ་ནག་དམག་གི་མགྲིན་ཚབ་པ་ཞིག་གིས། ཧྥི་ལི་པིན་གྱིས་རྒྱ་ནག་ལ་སྐྱོན་འཛུགས་དང་དམའ་འབེབ། དྲག་རྒོལ་བཏང་ནས་འཁྲུག་རྐྱེན་སློང་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། ཚོགས་འདུའི་སྟེང་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་བདག་དབང་སྲུང་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་འདུག

ཉེ་བའི་ཟླ་ཁ་ཤས་རིང་རྒྱ་ནག་དང་ཧྥི་ལི་པིན་གཉིས་བར་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་རྙོག་གི་རྐྱེན་གྱིས་གདོང་ཐུག་མང་པོ་བྱུང་བཞིན་ཡོད་པ་མ་ཟད། རྒྱ་ནག་གིས་མཚོ་ཁུལ་དུ་གཏེར་རིགས་སྔོག་འདོན་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་མིས་བཟོས་གླིང་ཕྲན་བཙུགས་ཏེ་མཚོ་གླིང་དེ་རྒྱ་ནག་གི་ཡིན་པ་སྒྲུབ་ཀྱི་ཡོད་པ་དང་། ཧྥི་ལི་པིན་གྱིས་མཚོ་ཁུལ་དུ་མཁའ་དམག་དང་མཚོ་དམག་བཏང་སྟེ་མཚོ་ཁུལ་གྱི་བདག་དབང་ཧྥི་ལི་པིན་རང་ལ་ཡོད་ལུགས་གསལ་སྟོན་བྱས་ཏེ། ཧྥི་ལི་པིན་གྱི་མཚོ་དམག་གྲུ་གཟིངས་ཤིག་མཚོ་ཁུལ་དེར་མངགས་གཏོང་བྱས་ནས་མུ་མཐུད་བསྡད་ཡོད་འདུག

ཉམས་ཞིབ་པ་ཁག་ཅིག་གིས། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྩོད་རྙོག་ཅིག་བྱུང་ཚེ། རྒྱ་ནག་དང་ཨ་རིའི་བར་དམག་འཁྲུག་འབྱུང་སྲིད་པའི་སེམས་འཚབ་བྱེད་བཞིན་འདུག་ལ། ཨ་རིའི་གཞུང་གིས་ཧྥི་ལི་པིན་དང་ལྷན་དུ་ཆིངས་ཡིག་བཞག་ཡོད་པའི་ནང་། ཨ་རིའི་གཞུང་གིས་ཧྥི་ལི་པེན་གྱི་མཐའ་མཚམས་སྲུང་བར་དམག་མི་འགྲེམས་འཇོག་བྱས་ཏེ། རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་སྐྱོབ་དང་། རྒྱ་ནག་གཞུང་གི་གནོན་ཤུགས་ལ་རྒོལ་ལན་སློག་ཐབས་བྱེད་ཀྱི་ཡིན་སྐོར་སོགས་བཀོད་ཡོད་པ་ལྟར། ཨ་རིས་མུ་མཐུད་དུ་མཐུན་ཕྱོགས་རྒྱལ་ཁབ་ཀྱི་བདེ་འཇགས་སླད་མཐུན་འགྱུར་གང་ཐུབ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

རྒྱ་ནག་གཞུང་གིས། ཧྥི་ལི་པིན་ལ་ཕྱིའི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། འཁྲུག་རྐྱེན་སློང་ཐབས་བྱེད་ཀྱི་ཡོད་པ་མ་ཟད། ཉེ་ལམ་ཨ་རི་དང་ཧྥི་ལི་པིན་གཉིས་ཀྱིས་དམག་སྦྱོང་བྱེད་བཞིན་པའི་སྐབས། ཨ་རིས་ཧྥི་ལི་པིན་ལ་མེ་ཤུགས་འཕུར་མདའ་མཁོ་སྤྲོད་བྱས་པར་ངོས་ལེན་མེད་པ་དང་། དེས་མངའ་ཁུལ་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད་སྐོར་སོགས་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་མཚོ་གླིང་རྒྱལ་ཁབ་ཧྥི་ལི་པིན་དང་ཨ་རི་གཉིས་ཀྱིས་དུས་ཡུན་ཟླ་ཕྱེད་ལྷག་རིང་གཞི་རྒྱ་ཆེ་ཤོས་ཀྱི་དམག་སྦྱོང་བྱས་ཡོད་ཅིང་། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། ཨ་རིས་ཨེ་ཤ་ཡའི་མཚོ་འགག་ཁུལ་དུ་རྒྱ་ནག་གི་དབང་ཤུགས་སྐྱེད་པར་འགོག་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་དབང་ཤུགས་དང་དྲག་གནོན་འགོག་ཐབས་བྱེད་ཀྱི་ཡོད་པར་ངོས་འཛིན་བྱས་འདུག

ལྷོ་རྒྱ་ནག་རྒྱ་མཚོ་ལ་ཁྱབ་ཚད་ཁྱོན་ཀེ་ལོ་མེ་ཊར་གྲུ་བཞི་མ་ས་ཡ་ ༣།༥ ཡོད་པ་དང་། འཛམ་གླིང་གི་མཚོ་གྲུའི་བརྒྱ་ཆ་གསུམ་ལས་ ༡ མཚོ་ཁུལ་དེ་བརྒྱུད་ནས་ཚོང་འབྲེལ་གཙོས་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་ལམ་མཐུད་ཀྱི་ཡོད་པ་རེད། མཚོ་ཁུལ་དེའི་བདག་དབང་རྩོད་མཁན་རྒྱ་ནག་དང་ཝི་ཏི་ནམ། དེ་བཞིན་ཐའེ་ཝན་དང་ཧྥི་ལི་པིན། བྷི་རོ་ནེ། མ་ལི་ཤི་ཡ་བཅས་ཁྱོན་རྒྱལ་ཁབ་ཁག་ ༦ ཡོད་པ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་ནས་ལོ་རེར་རྒྱལ་སྤྱིའི་ཚོང་འབྲེལ་གྱི་རིན་འབབ་ཨ་སྒོར་ཁྲག་ཁྲིག་ ༥ ཙམ་གྱི་ཚོང་རྫས་སྐྱེལ་འདྲེན་བྱེད་ཀྱི་ཡོད་སྟབས། མཚོ་དེ་རྒྱལ་སྤྱི་རང་བཞིན་གྱི་མཚོ་ཞིག་ཏུ་བསྒྱུར་བར་རྩོད་ལེན་བྱེད་མཁན་ཨ་རི་གཙོའི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་། ཨོ་སི་ཊོ་ལི་ཡ། རྒྱ་གར། ཨིན་རྡུ་ནེ་ཞི་ཡ། དེ་བཞིན་ཉི་ཧོང་དང་ལྷོ་ཀོ་རི་ཡ། སིང་གྷ་པོར་བཅས་རྒྱལ་ཁབ་ཁག་མང་པོ་ཞིག་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ་སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese