མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་བོད་ཕྲུག་རྣམས་གུང་སེང་སྐབས་དམག་སྦྱོང་ལ་འཇུག་གིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་དབུས་ཁུལ་གྱི་ས་གནས་མང་ཆེ་བའི་བོད་ཕྲུག་རྣམས་གུང་སེང་སྐབས་རང་ཁྱིམ་དུ་འདུག་གི་མ་བཅུག་པར་དམག་སྦྱོང་ལ་ཞུགས་དགོས་པའི་བཙན་བཀའ་བཏང་ཡོད་འདུག

One soldier per family: China PLA recruiting Tibetan youth for deployment at LAC

འདས་ལོའི་ལོ་མཇུག་ནས་རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་ཀྱི་གུང་སེང་སྐབས་སུ། རང་ཁྱིམ་སོགས་སུ་ལྷོད་དལ་ངང་དུས་ཡུན་རིང་པོར་སྡོད་མི་ཆོག་པའི་ཁར། བོད་སྐད་བོད་ཡིག་སྦྱོང་སའི་ཟབ་སྦྱོང་ཁག་ལ་ཞུགས་མི་ཆོག་པ་མ་ཟད། སློབ་མ་རྣམས་ཀྱི་དོན་སྙིང་ལྡན་པའི་གུང་སེང་ཟེར་བ་ཞིག་གི་འོག་ནས། དམག་དོན་ཟབ་སྦྱོང་སོགས་ལ་ཞུགས་དགོས་པའི་དྲིལ་བསྒྲགས་ཤུགས་ཆེན་བྱེད་མགོ་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག

འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། འདས་ལོའི་དགུན་ཁའི་གུང་སེང་སྐབས། རྒྱ་ནག་ཏུ་སློབ་གཉེར་བྱེད་མུས་ཡིན་པའི་བོད་ཕྲུག་མང་པོ་ཞིག་བོད་ནང་དུ་གུང་སེང་ལ་སྐྱོད་སྐབས། རྒྱ་ནག་གཞུང་གིས་སློབ་མ་རྣམས་ཀྱིས་དོན་སྙིང་ལྡན་པའི་གུང་སེང་དང་རྒྱལ་ཁབ་ལ་བློ་བརྟན་འགྱུར་མེད་བྱེད་དགོས་ལུགས་བཤད་ནས། བོད་དབུས་ཁུལ་གྱི་ལྷ་ས་དང་གཞིས་ཀ་རྩེ། རྩ་མདའ་སོགས་ས་གནས་མང་ཆེ་བའི་བོད་ཕྲུག་མང་པོ་ཞིག་བོད་ཀྱི་ས་མཐོ་ཁག་ཏུ་རྟེན་གཞི་བྱས་པའི་དམག་སྒར་ཁག་ཏུ་དམག་དོན་ཟབ་སྦྱོང་ཟེར་བའི་ཆེད་དུ་མངགས་ཡོད་ཅིང་། དེས་སློབ་མ་རྣམས་ཀྱིས་རྒྱལ་ཁབ་ལ་དགའ་ཞེན་ཡོད་པ་སོགས་མཚོན་གྱི་ཡོད་པས། རྗེས་སུ་ཡང་ཡང་བསྐྱར་དུ་དམག་དོན་ཟབ་སྦྱོང་ལ་ཞུགས་དགོས་པའི་སྐུལ་མ་དང་། ཕ་མ་ཚོས་ཀྱང་བྱིས་པ་རྣམས་དམག་སྦྱོང་དུ་ཞུགས་འཇུག་དགོས་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། སྤྱིར་བོད་ཕྲུག་རྣམས་གུང་སེང་སོགས་ཀྱི་སྐབས་རང་གནས་སུ་ལོག་སྐབས། ཕ་མ་ཚོས་བོད་ཕྲུག་རྣམས་བོད་སྐད་ཡིག་གི་ཟབ་སྦྱོང་སོགས་ལ་ཞུགས་འཇུག་གི་ཡོད་ཀྱང་། འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གིས་བོད་སྐད་ཡིག་གི་ཟབ་སྦྱོང་མང་པོ་ཞིག་སྒོ་བརྒྱབ་ཏུ་བཅུག་ཡོད་པ་མ་ཟད། གཞུང་གིས་ཕ་མ་ཚོས་བོད་ཕྲུག་རྣམས་བོད་སྐད་ཡིག་གི་ཟབ་སྦྱོང་སོགས་སུ་ཞུགས་པར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་སྐོར་དང་། སློབ་མ་རྣམས་དམག་དོན་ཟབ་སྦྱོང་སོགས་ལ་ཞུགས་ན། རྒྱལ་ཁབ་ཀྱིས་སློབ་ཡོན་སོགས་ཀྱི་ཐད་ལ་རོགས་འདེགས་བྱ་རྒྱུ་ཡིན་ལུགས་དང་། འདི་ལོ་ནས་བོད་ཁུལ་གྱི་འཛིན་གྲྭ་བརྒྱད་པ་ཡན་གྱི་སློབ་མ་རྣམས་དམག་སྦྱོང་ལ་ངེས་པར་ཞུགས་བཅུག་རྒྱུ་ཡིན་པའི་དྲིལ་བསྒྲགས་ཀྱང་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

ཡང་འབྲེལ་ཡོད་ཅིག་གིས། བོད་མགོ་ལོག་ཁུལ་གྱི་ས་གནས་ཁ་ཤས་ལ་ཕྲུ་གུའི་གུང་སེང་སྐབས། བོད་ཡིག་སྦྱོང་བཅུག་པ་སོགས་ཀྱི་རྐྱེན་བྱས་ནས། གཞུང་གི་མི་སྣ་རོང་འབྲོག་ཁུལ་དུ་ཆེད་དུ་ཕྱིན་ནས། ཁྱིམ་ཚང་དེ་དག་གི་དབུལ་སྐྱོར་དང་། རོགས་རམ་ཟེར་བ་སོགས་སྤྲོད་མཚམས་འཇོག་རྒྱུ་ཡིན་པའི་ཉེན་བརྡའང་བཏང་ཡོད་སྐོར་དང་། འདས་པའི་ལོ་ཤས་གོང་ནས་ཤར་ཏུ་ཀི་སི་ཐན་ཁུལ་དུའང་རྒྱ་ནག་གིས་སློབ་མ་རྣམས་དམག་སྦྱོང་སོགས་ལ་ཞུགས་བཅུག་གི་ཡོད་པའི་གནས་ཚུལ་ཐོས་ཀྱིན་ཡོད་སྐོར་དང་། བོད་མདོ་སྨད་ཁུལ་གྱི་ས་གནས་ཁག་ཁ་ཤས་སུ་དེ་རིང་དྲུག་གཅིག་བྱིས་པའི་དུས་ཆེན་ལའང་། རྒྱ་ནག་གི་དམག་ལྭ་དང་སྐེ་བཏགས་དམར་པོ་སོགས་བཏགས་ནས་སྲུང་གཙི་བྱེད་དུ་འཇུག་གིན་ཡོད་སྐོར་སོགས་ཀྱང་འགྲེལ་བརྗོད་གནང་བྱུང་།

འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་གུང་སེང་སོགས་ཀྱི་སྐབས། སྐད་ཡིག་ཟབ་སྦྱོང་དང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་པར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་ལ། ཕྱི་ལོ་ ༢༠༢༠ ཡི་ལོ་མཇུག་ཙམ་ནས་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་མཐའ་མཚམས་ས་ཐིག་ (LAC) ཕྱོགས་སུ་ཁེལ་བའི་བོད་ཀྱི་གྲོང་ཚོ་ཁག་གི་བྱིས་པ་དང་རྒས་འཁོགས་ཕུད་པའི་གཞན་ཕོ་མོ་དབྱེར་མེད་ཀྱིས་གྲོང་མི་ཡོངས་ལ་དམག་སྦྱོང་སྤྲད་དེ། མཐའ་མཚམས་སྲུང་སྐྱོབ་སླད་དམག་འཁྲུག་རྒྱག་དགོས་ཟེར་བའི་དམག་དོན་ལས་འགུལ་སྤེལ་ཡོད་སྐོར་བརྗོད་པ་ལྟར། རྒྱ་ནག་གཞུང་གིས་བོད་ཀྱི་ས་མཚམས་ཁག་གི་ཁྱིམ་ཚང་རེའི་ཁྱིམ་མི་གཅིག་ངེས་པར་དུ་བཅིངས་གྲོལ་དམག་མིར་ཞུགས་བཅུག་སྟེ། རྒྱ་དཀར་ནག་བར་རྩོད་རྙོག་ཏུ་གྱུར་བའི་ས་མཚམས་སྲུང་སྐྱོབ་བྱེད་སླད་དམག་ཤུགས་རྒྱ་སྐྱེད་བཏང་ཡོད་སྐོར་བརྗོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ་སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese