མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གློག་བརྙན་ལ་བྱ་དགའ་ཆེན་པོ་གསུམ་ཐོབ།

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་དམ་པར་འཁྲབ་ཁྲིད་པ་ཡག་ཤོས་དང་སྦྱིན་པ་ལགས་ལ་འཁྲབ་སྟོན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་འདུག

གློག་བརྙན་དབུགས་ལྒང་ནང་གི་གཙོ་འཁྲབ་པ་སྦྱིན་པ་ལགས། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་ནག་ཧྲན་ཏུང་ཡན་ཧྲི་གྲོང་ཁྱེར་ཧོང་ཡིས་ཧེ་ཟེར་བའི་ཟུར་བརྒྱད་མཚོ་ཁུག་འགྲེམས་སྟོན་ལྟེ་གནས་སུ། རྒྱ་ནག་གི་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་གློག་བརྙན་འཁྲབ་ཁྲིད་པའི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་ ༤༠༠ ལྷག་ལྷན་འཛོམས་བྱུང་ཡོད་འདུག སྐབས་དེར་ཕྱི་ལོ་ ༢༠༢༠ ནས་ ༢༠༢༣ བར་གྱི་གློག་བརྙན་འཁྲབ་ཁྲིད་པ་དང་། འཁྲབ་སྟོན་པ། གློག་བརྙན་བརྩམས་ཆོས་ ༣༢ ལ་བྱ་དགའ་སྤྲད་ཡོད་པའི་ཁྲོད། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་དམ་པ་ཁོང་གི་གློག་བརྙན་དབུགས་ལྒང་ལ་ཕྱི་ལོ་ ༢༠༢༠ ལོའི་གློག་བརྙན་འཁྲབ་ཁྲིད་པ་ཡག་ཤོས་ཀྱི་བྱ་དགའ་དང་། འཁྲབ་སྟོན་པ་སྦྱིན་པ་ལགས་ལ་ཕྱི་ལོ་ ༢༠༢༠ ལོའི་སྐྱེས་པའི་གློག་བརྙན་འཁྲབ་སྟོན་པ་ཡག་ཤོས་ཀྱི་བྱ་དགའ། དེ་བཞིན་འཇིགས་མེད་འཕྲིན་ལས་ལགས་ཀྱི་གློག་བརྙན་གཅིག་དང་བཞི་ལ་ཕྱི་ལོ་ ༢༠༢༣ ལོའི་དམིགས་བསལ་གཟི་བརྗིད་ཅན་གྱི་གློག་བརྙན་བརྩམས་ཆོས་ཀྱི་བྱ་དགའ་བཅས་ཐོབ་ཡོད་འདུག

  གློག་བརྙན་དབུགས་ལྒང་ནི་ཕྱི་ལོ་ ༢༠༡༩ ལོར་བོད་ཀྱི་འཁྲབ་ཁྲིད་པ་འདས་པོ་པད་མ་ཚེ་བརྟན་ལགས་ཀྱིས་བཟོས་པའི་གློག་བརྙན་བརྩམས་ཆོས་ཤིག་ཡིན་ཞིང་། གློག་བརྙན་དེའི་ནང་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་སྦྱིན་པ་དང་། བསོད་ནམས་དབང་མོ། གཡང་ཕྱུག་འཚོ་བཅས་ཀྱི་གཙོ་འཁྲབ་བྱས་ཡོད་ཅིང་། དུས་ཡུན་སྐར་མ་ ༡༠༢ ཅན་གྱི་གློག་བརྙན་དེའི་བརྗོད་བྱ་ནི། མི་སྣ་གཙོ་བོ་དར་རྒྱས་ཀྱི་ཁྱིམ་མི་ཚང་མར་སྤྱིར་བཏང་གི་སྦྲུམ་འགོག་ཤུབས་ཤིག་གིས་ཅི་བྱ་གཏོལ་མེད་ངང་གདམ་ག་བྱེད་དཀའ་བའི་དོན་དག་རབ་དང་རིམ་པ་འཕྲད་དུ་བཅུག་ཅིང་།  ལྷིང་འཇགས་སུ་གནས་པའི་ཁོ་ཚོའི་འཚོ་བ་རྦད་དེ་འཁྲུག་ཏུ་བཅུག་པ་དང་།   སྐྱེ་རྒ་ན་འཆི་ཉི་ཟླ་རེས་མོས་སུ་འཁོར་བ་དང་འདྲ་བས། མི་རྣམས་ཀྱིས་གདམ་ག་ཇི་ལྟར་བྱེད་པའམ། མང་ཚོགས་ཀྱི་གནས་སྟངས་དང་དཀའ་ངལ་འཚོལ་ཞིབ་བྱས་ཡོད་འདུག དེ་བཞིན་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་གཉིས་པ་དང་། གསེར་གྱི་བེ་ཏའི་བྱ་དགའ་ཡི་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། གཙོ་འཁྲབ་པ་བསོད་ནམས་དབང་མོར་བུད་མེད་འཁྲབ་སྟོན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་འདུག རྒྱ་གར་གྱི་གྷོ་ཝ་མངའ་སྡེའི་ནང་བསྡུས་པའི་རྒྱལ་སྤྱིའི་རྒྱ་གར་གྱི་གློག་བརྙན་དུས་སྟོན་སྐབས་ ༥༠ པའི་ཐོག་དཔྱད་འདེམས་པའི་གཟེངས་རྟགས་ཐོབ་ཡོད་འདུག

གློག་བརྙན་གཅིག་དང་བཞི་ནི་རྩོམ་པ་པོ་འཇམ་དབྱངས་ཚེ་རིང་ལགས་ཀྱིས་བརྩམས་པའི་གཅིག་དང་བཞི་ཞེས་པའི་བརྩམས་སྒྲུང་དེར་གཞི་བཅོལ་ནས་ཕབ་སྐྲུན་བྱས་པ་ཞིག་ཡིན་ཞིང་། ཕྱི་ལོ་  ༢༠༡༩ ལོའི་ཟླ་ ༡༢ ནས་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་ཀྱིས་ཕབ་སྐྲུན་བྱེད་མགོ་བཙུགས་ཡོད་པ་དང་། ནད་ཡམས་ཀྱི་རྐྱེན་གྱིས་བརྙན་ལེན་ཕབ་སྒྲིག་བྱེད་ཐུབ་མེད་ཀྱང་། ཕྱི་ལོ་ ༢༠༢༠ ལོའི་ལོ་མཇུག་ཏུ་ཡང་བསྐྱར་གློག་བརྙན་ཕབ་སྐྲུན་གྱི་ལས་གཞི་མགོ་བཙུགས་ཏེ། ལོ་དེའི་མཇུག་ཏུ་གློག་བརྙན་ཕབ་སྒྲིག་གི་ལས་གཞི་ཚང་མ་གྲུབ་ཡོད་འདུག་ལ། གློག་བརྙན་དེར་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱིས་ལམ་སྟོན་གནང་ཡོད་འདུག  གློག་བརྙན་དེའི་ནང་བོད་ནས་བྱུང་བའི་ཁུངས་མེད་དང་། དོགས་གཞི་རང་བཞིན་ཅན་གྱི་དོན་རྐྱེན་ཞིག་གཏམ་རྒྱུད་ཀྱི་ལམ་ནས་བརྗོད་ཐབས་བྱས་ཡོད་དེ། ནགས་ཚལ་སྤྱི་གླིང་ཞིག་གི་ནང་དུ་གར་ཡོང་མི་ཤེས་པའི་མི་གསུམ་བསླེབས་ཡོད་པ་དང་། ནགས་ཚལ་སྤྱི་གླིང་དེའི་ལྟ་སྲུང་བ་དེའང་ཅི་ཡིན་འདི་ཡིན་མེད་པར་ཇག་པའི་ལས་ལ་ཞུགས་པའི་འཇིགས་རུང་གི་གཏམ་རྒྱུད་ཅིག་ཡིན་འདུག་ལ། ཕྱི་ལོ་ ༢༠༢༢ ལོར་གནའ་མཁར་ཟི་ལིང་དུ་འཚོགས་པའི་ཧྥ་སི་ན་གཞོན་གློག་བརྙན་དུས་སྟོན་སྐབས་ ༡༦ པའི་གློག་བརྙན་དུས་སྟོན་སྐབས། བོད་ཀྱི་གློག་བརྙན་གཅིག་དང་བཞི་ཡི་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་སུ་འཁྲབ་ཁྲིད་པ་ཡག་ཤོས་དང་།  སྦྱིན་པ་ལགས་སུ་འཁྲབ་སྟོན་པ་ཡག་ཤོས་ཀྱི་གཟེངས་བསྟོད་བྱ་དགའ་ཐོབ་འདུག དེ་བཞིན་བོད་ཀྱི་གློག་བརྙན་གཅིག་དང་བཞི་ལ་འཁྲབ་གཞུང་གི་འགྲེལ་བརྗོད་ཡག་ཤོས་དང་། གློག་བརྙན་ཡག་ཤོས་བཅས་ཀྱི་བྱ་དགའ་ཡང་ཐོབ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༧ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese