མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ལོགས་ལ་ཐོས་བསམ་ཡ་མ་བྲལ་བ་བྱས་ནས་འགྲོ་རྒྱུ་དེ་ང་ཚོ་བོད་མིའི་ལས་འགན་རེད་ཅེས་གསུངས།

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མི་བཙན་བྱོལ་བ་ཚོས་གསར་གཏོད་བྱས་ནས་རྒྱ་ནག་ནང་ལའང་ནང་ཆོས་རྩོད་པ་བརྩད་ནས་འགྲོ་རྒྱུ་དེ་རིམ་པས་རྒྱ་སྐྱེད་ཐུབ་ན་ཡག་པོ་རེད་ཅེས་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་བཞིན་པ། ༢༠༢༤།༦།༤ དུས་བབ་ཀྱི་པར།

དབུ་མའི་ལྡེ་མིག་གི་བཀའ་ཆོས་ཉིན་གཉིས་པའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ང་ཚོའི་ངོ་བོ་དེ་བཙན་བྱོལ་བ་ཆགས་ཀྱི་ཡོད་པ་རེད་དེ། རྒན་གཞོན་ཚང་མས་སློབ་སྦྱོང་གི་ཐོག་ལ་དོ་སྣང་ཡོད་པ་དང་། སྐབས་སུ་བབ་པ་སློབ་ཕྲུག་ཕོ་མོ་མང་པོ་ཞིག་གིས་རྟགས་གསལ་བཏང་སོང་། རྒྱུན་དུ་དོ་སྣང་ཡོད་པའི་རྟགས་རེད། གདན་ས་ཁག་དང་ཆོས་ར་འགྲིམ་མཁན་ཚོས་རྟགས་གསལ་གཏོང་བ་མ་གཏོགས། སྤྱིར་བཏང་སྤྱི་འགྲོས་སྤྱི་མཚུངས་ཀྱིས་རྟགས་གསལ་གཏོང་བར་གོམས་འདྲིས་དེ་ཙམ་མེད་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་དུས་གཞོན་སྐྱེས་ཚོས་རྟགས་གསལ་གཏོང་རྒྱུར་དོ་སྣང་བྱེད་པ་དེ་ཡག་པོ་ཞེ་དྲགས་རེད། སངས་རྒྱས་པའི་ཆོས་རྩོད་པ་བརྩད་ནས་འགྲོ་རྒྱུ་དེ་ན་ལེནྜའི་ཕྱག་སྲོལ་ཆགས་ཀྱི་ཡོད་པ་རེད། བོད་ནང་དུ་ཆ་བཞག་ནའང་། སེ་འབྲས་སོགས་སུ་རྩོད་པ་བརྩད་རྒྱུ་ཡག་པོ་ཞེ་དྲགས་ཡོད་རེད་དེ། སྤྱི་ཡོངས་ཀྱི་མི་སྐྱ་ཕོ་མོ་དང་སློབ་གྲྭའི་ནང་ལོགས་ལ་དེ་ཙམ་གྱིས་དར་སྲོལ་མེད་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་ཁྱེད་རང་ཚོ་སློབ་ཕྲུག་ཕོ་མོ་དང་། སེར་སྐྱ་དབྱེ་བ་མེད་པར་ཚང་མས་དོ་སྣང་བྱས་ཏེ། རྩོད་པ་བརྩད་རྒྱུ་དང་རྟགས་གསལ་གཏོང་རྒྱུའི་བསམ་བློ་གཏོང་བ་དེ་ཡག་པོ་ཞེ་དྲགས་རེད་འདུག ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་ཉར་ཚགས་བྱ་རྒྱུའི་གནས་ཚུལ་གཅིག་པུ་མིན་པར་འཛམ་བུ་གླིང་འདིར་སྟོན་ཐུབ་པ་ཞིག་རེད། ཅེས་གསུངས།

༧མགོན་པོ་གང་ཉིད་ཀྱིས། ང་ཚོས་བསྡུས་གྲྭ་སློབ་པའི་སྐབས་ནས་རྟགས་གསལ་གཏོང་རྒྱུའི་འགྲོ་སྟངས་དེ་དག་ཤེས་ན་ཕན་ཐོགས་ཆེན་པོ་ཡོད་རེད། སློབ་གྲྭའི་ནང་རྟགས་གསལ་གཏོང་རྒྱུའི་གོམས་གཤིས་འཇགས་ཡོང་གི་ཡོད་པ་རེད། དཔེ་མི་སྲིད་པའི་ཡག་པོ་རེད། ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་ཉར་ཚགས་གང་འདྲ་བྱེད་ཀྱི་ཡོད་པ་མཚོན་ཐུབ་པ་ཞིག་རེད་འདུག ཁྱེད་རང་ཚོ་ཚང་མས་ཧུར་ཐག་འབད་ཐག་བྱེད་པ་དེ་ཡག་པོ་ཞེ་དྲགས་རེད། ང་ཚོ་བཙན་བྱོལ་བ་ཉུང་ཤས་ཡོད་པ་དེ་དག་གིས་དཔེ་ཆ་བལྟས་ནས་རྟགས་གསལ་གཏོང་རྒྱུ་དེ་དག་རྒྱ་ནག་ནང་ལ་ཆ་བཞག་ནའང་ཁྱབ་སྤེལ་གཏོང་ཐུབ་པ་ཞིག་སེམས་ལ་འཇོག་དགོས། སྔ་མོ་རྒྱ་རིགས་ནང་ནས་གྲྭ་སར་བཞུགས་མཁན་ཕྲན་བུ་ཡོད་པ་རེད། ད་ལྟ་རྒྱ་ནག་ནང་ལ་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་ཡི་ཡོད་པར་བརྟེན། རྟགས་གསལ་གཏོང་རྒྱུ་དེ་དག་རྒྱ་རིགས་ནང་ལ་ཁྱབ་སྤེལ་ཐུབ་རྒྱུ་སེམས་ལ་གཞག་དགོས་པ་རེད། ངོས་རང་བཙན་བྱོལ་བ་ཆགས་ནས་བསྡད་ཡོད་རེད་དེ། བོད་ཀྱི་ཆོས་དང་རིག་གཞུང་འདི་འཛམ་བུ་གླིང་འདིའི་སྒང་ལ་དོ་སྣང་གསར་པ་བསླེབ་རྒྱུར་འབད་པ་བྱེད་ཀྱི་ཡོད་པ་དེ་རླབས་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས།

ཡང་༧མགོན་པོ་གང་ཉིད་ཀྱིས། ཕྱོགས་གཅིག་ནས་བསམ་བློ་བཏང་ན། རྒྱ་ནག་ནང་ལ་ནང་པ་ཤུགས་ཆེན་པོ་འདུག བོད་ཀྱི་ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་ཡི་འདུག འཛམ་བུ་གླིང་ཤར་ནུབ་ལྷོ་བྱང་དེ་དག་ལའང་བོད་ཀྱི་ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་རེད། ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་ཕྱིན་པའི་སྐབས། རྩོད་པ་བརྩད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ང་ཚོ་བཙན་བྱོལ་བ་ཉུང་ཤས་ཀྱིས་མིག་དཔེ་བལྟ་ས་བྱས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་ནི་དཔེ་ཆ་སྐྱོར་རྒྱུ་གཅིག་པུ་མིན་པར་བསམ་བློ་གཏོང་བ་དང་རྩོད་པ་བརྩད་དེ་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་སྟངས་ལ་དོ་སྣང་ཤུགས་ཆེ་རུ་ཕྱིན་ནས། འཕྲལ་དུ་བོད་མི་བཙན་བྱོལ་བའི་ནང་དུ་རིགས་ལམ་གྱི་འགྲོ་སྟངས་ཀྱི་ཐོག་ནས་བསྟན་པ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་བརྒྱུད་ནས་རྒྱ་ནག་ནང་ལོགས་ལ་ཐོས་བསམ་ཡ་མ་བྲལ་བ་ཞིག་ཡོང་རྒྱུ་ང་ཚོའི་ལས་འགན་རེད། ད་ལྟ་ཡོངས་གྲགས་སུ་བལྟས་པ་ཡིན་ན། རྒྱ་ནག་ཏུ་ནང་ཆོས་ཤུགས་ཆེན་པོ་དར་བ་དང་། ནང་ཆོས་རྩོད་པ་བརྩད་ནས་འགྲོ་རྒྱུའི་བཟོ་ལྟ་འདུག དེས་བསྟན་པའི་ཞབས་འདེགས་རླབས་ཆེན་པོ་སྒྲུབ་ཀྱི་ཡོད་པ་རེད། ང་ཚོ་བོད་མི་བཙན་བྱོལ་བ་རེད་དེ། ང་ཚོས་གསར་གཏོད་བྱས་ནས་རྒྱ་ནག་ཏུ་ནང་ཆོས་རྩོད་པ་བརྩད་ནས་འགྲོ་རྒྱུའི་ཕྱག་ལེན་རིམ་པས་རྒྱ་བསྐྱེད་ཐུབ་ན་ཡག་པོ་རེད། ཅེས་གསུངས།

མང་ཚོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ཉན་བཞིན་པ། ༢༠༢༤།༦།༤ དུས་བབ་ཀྱི་པར།

ཡང་མགོན་པོ་གང་ཉིད་ཀྱིས། ནང་པའི་ཆོས་དང་གཏན་ཚིགས་རིག་པའི་ཐོག་ལ་ནུབ་ཕྱོགས་རྒྱལ་ཁབ་དེ་སྔ་ནང་ཆོས་ལ་འབྲེལ་བ་ཁྱོན་ནས་མེད་མཁན་ཚོས་ནང་ལོགས་ལའང་དོ་སྣང་གསར་པ་ཞིག་བྱེད་བཞིན་འདུག དེར་བརྟེན་གཏན་ཚིགས་རིག་པའི་འགྲོ་སྟངས་ལ་དོ་སྣང་གསར་པ་སླེབ་ཀྱི་ཡོད་པ་རེད། དེའི་ཐོག་ནས་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་དཔལ་ན་ལེནྜ་ནས་བརྒྱུད་པ་དུས་ད་ལྟ་བར་དུ་ང་ཚོས་བདག་པོ་བརྒྱབ་པ་དེ་འཛམ་བུ་གླིང་འདིའི་སྒང་ལ་མངོན་གསལ་དོད་པོའི་ཐོག་ནས་མཐོང་ཐུབ་པ་ཞིག་དང་། དོ་སྣང་གསར་པ་བསླེབས་ནས་བདག་པོ་རྒྱག་ཐུབ་པ་ཞིག་ནི་ང་ཚོའི་ལས་འགན་རེད། ཧ་ཅང་གལ་ཆེན་པོ་འདུག དེ་རིང་སློབ་གྲྭའི་ཕྲུ་གུ་ཚོས་རྟགས་གསལ་བཏང་བ་ཧ་ཅང་དགའ་པོ་བྱུང་། ཡག་པོ་འདུག དེ་སྔ་བོད་ལ་བསམ་བློ་གུ་དོག་པོ་བྱས་ནས་སློབ་གྲྭའི་ཕྲུ་གུ་ཚོས་རྟགས་གསལ་བཏང་བ་ཡིན་ན་སྣང་བ་འགྲོ་ཡི་མེད་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་སློབ་ཕྲུག་ཕོ་མོ་ཚོས་རྟགས་གསལ་གཏོང་གི་ཡོད་པ་ནི་ཡར་རྒྱས་རེད། ན་ལེནྜ་ནས་བརྒྱུད་པའི་བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་རྒྱག་སྟངས་ནི་དམའ་རིམ་གྱི་སློབ་གྲྭ་ནས་བདག་པོ་རྒྱག་ཐུབ་པ་ཞིག་དང་། ཕྲུ་གུ་ཚོས་ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད།  མུ་མཐུད་ཧུར་ཐག་གནང་རོགས། ཞེས་གསུངས་སོང་།

མཇུག་ཏུ་༧མགོན་པོ་གང་ཉིད་ཀྱིས། འཛམ་བུ་གླིང་འདིའི་སྒང་ལ་བཙན་བྱོལ་བ་མང་པོ་ཡོད་རེད་དེ། ང་ཚོ་བོད་པ་ཚོ་ཕལ་ཆེར་ཚགས་ཚུད་ཤོས་དང་གྱོང་ཤོས་ཡིན་པ་ལྟ་བུ་འདུག ཚང་མས་ད་ལྟ་བར་དུ་སེམས་ཤུགས་བསྐྱེད་ནས་ཧུར་ཐག་བྱས་པ་རེད་ལ། ད་དུང་འཛམ་བུ་གླིང་འདིའི་སྒང་ལ་སེམས་ཤུགས་བསྐྱེད་དེ་ཧུར་ཐག་བྱེད་དགོས་རེད། ངོས་རང་གི་གཉིད་ལམ་ལ་ངོས་རང་གི་མཇིང་པའི་སྒང་ལ་དཔལ་ལྡན་ལྷ་མོ་ཡོད་པ་དང་། ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་བསྡད་ཐུབ་ཀྱི་རེད་ཟེར་ནས་གསུངས་པ་ཞིག་གཉིད་ལམ་བྱུང་། གཉིད་ལམ་ནང་བཞིན་གཟུགས་པོའི་གནས་སྟངས་བྱས་ནའང་ཕལ་ཆེར་ལོ་བརྒྱ་དང་བཅུ་གྲངས་ཤིག་བསྡད་རྒྱུའི་བཟོ་ལྟ་འདུག གཙོ་ཆེ་ཤོས་ང་ཚོ་ཚང་མ་དད་པ་དམ་ཚིག་གཡོ་བ་མེད་པར་སྡོད་ཀྱི་ཡོད་པ་རེད། ངོས་རང་གི་ངོས་ནས་ཆ་བཞག་ནའང་། སེམས་ཅན་གྱི་དོན་དག་སྤྱི་དང་ལྷག་པར་དུ་གངས་ཅན་པ་དང་དེ་དང་འབྲེལ་ཡོད་ཀྱི་མི་སྣ་ཚོའི་དོན་དག་ལ་ཞོགས་པ་ཡར་ལངས་པ་དང་སེམས་བསྐྱེད་ནས་སྨོན་ལམ་རྒྱག་གི་ཡོད། ཁྱེད་རང་ཚོ་ཚང་མ་བློ་བདེ་བྱོས། སེམས་སྐྱིད་པོ་བྱོས་ནས་སྡོད་ཨ། ཞེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༡ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༢ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese