མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་འདི་ལོའི་ཀོ་ནི་ཧྥའི་རྩེད་འགྲན་ནང་ཞུགས་ཐུབ་མི་འདུག  

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

ནོར་ཝེ་རྒྱལ་ཁབ་ཀྱིས་ཐོངས་མཆན་མ་སྤྲད་པར་བརྟེན་བོད་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་འདི་ལོའི་ཀོ་ནི་ཧྥའི་རྩེད་འགྲན་ནང་ཞུགས་ཐུབ་མེད་ཀྱང་མི་འགྱངས་བར་ལ་དྭགས་སུ་རྩེད་འགྲན་བྱ་འཆར་ཡོད་འདུག

བོད་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་གིས་ཁེ་ན་ཌར་རྩེད་འགྲན་སྐབས། བོད་ཀྱི་བུད་མེད་གྱི་རྐང་སྤོལ་ཞེས་པའི་ངོ་དེབ་ནས་བླངས།

འདི་ལོའི་བུད་མེད་ཀྱི་ཀོ་ནི་ཧྥ་རྐང་སྤོལ་འགྲན་ཚོགས་དེ་ཟླ་འདིའི་ཚེས་ ༤ ནས་ ༨ བར་ནོར་ཝེ་རྒྱལ་ཁབ་ཀྱི་བྱང་རྒྱུད་དུ་ཆགས་པའི་བྷོ་ཌོ་ (Bodo) ཁུལ་དུ་འཚོག་གི་ཡོད་ཅིང་། བོད་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་ཀྱང་འགྲན་ཚོགས་དེར་མཉམ་ཞུགས་བྱ་འཆར་ཡོད་ཀྱང་ཐོངས་མཆན་སྤྲད་མེད་པ་རེད། བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ལ་རྒྱལ་སྤྱིའི་ཀོ་ནི་ཧྥ་འགྲན་ཚོགས་ནང་ཞུགས་པའི་གོ་སྐབས་ཐེངས་གསུམ་པ་དེ་ཤོར་འདུག

དེའི་ཐད་བོད་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་ཐོག་མ་འཛུགས་མཁན་དང་སློབ་སྟོན་པ་ཟུར་བ་ཁེ་སི་ཡ་ (Casya) ལགས་ཀྱིས་སྒེར་གྱི་ཨིན་ས་གྷ་རམ་ (Instagram) དུ་བརྙན་ཐུང་ཞིག་སྤེལ་བའི་ནང་། ནོར་ཝེ་གཞུང་གིས་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་རྣམས་ལ་ཐོངས་མཆན་སྤྲད་མེད་པས། བོད་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་ཀོ་ནི་ཧྥ་རྩེད་འགྲན་ནས་ཕྱིར་འཐེན་བྱས་ཡོད། བོད་ཀྱི་བུད་མེད་རྩེད་འགྲན་པ་རྣམས་ནི་རྐང་སྤོལ་བ་ཞིག་ལས་ལྷག་པ་ཡིན་ཏེ། ཁོང་ཚོས་ཕྱི་ལོ་ ༡༩༤༩ ནས་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་གི་སྐུ་ཚབ་བྱེད་ཀྱི་ཡོད་པ་རེད། ཁོང་ཚོས་བོད་ཀྱི་རྒྱལ་དར་ཡོད་པའི་རྐང་སྤོལ་སྒྲིག་ཆས་གྱོན་ནས་རྩེད་འགྲན་བྱས་པ་ནི་ཞི་བའི་ངོ་རྒོལ་ཞིག་ཡིན་ལ། རང་ཉིད་བོད་པ་ཡིན་པའི་མཚོན་དོན་ཞིག་ཀྱང་ཡིན། ཞེས་དང་། རྒྱ་ནག་གཞུང་གིས་བོད་མི་ཚོས་ཞི་བའི་འཐབ་རྩོད་དེ་དག་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་དང་ཐེ་ཇུས་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཉེ་ལམ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༢༤ ལོའི་ཀོ་ནི་ཧྥ་རྩེད་འགྲན་ཁྲོད་མཉམ་ཞུགས་ཆེད། ད་བར་རྩེད་འགྲན་པ་རྣམས་ཀྱིས་ནོར་ཝེ་གཞུང་གིས་ཐོངས་མཆན་སྤྲོད་རྒྱུར་རེ་བ་ཆེན་པོ་བྱས་ཡོད་ཀྱང་། ཐོངས་མཆན་མ་སྤྲད་པས་རྩེད་འགྲན་ནང་མཉམ་ཞུགས་བྱ་མ་ཐུབ་པ་ནི་ཆེས་བློ་ཕམ་དགོས་པ་ཞིག་ཡིན་ཡང་། བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གིས་མི་འགྱངས་བར་ལ་དྭགས་ཀྱིས་གོ་སྒྲིག་བྱས་པའི་རྩེད་འགྲན་ཁག་ལ་མཉམ་ཞུགས་བྱ་རྒྱུ་ཡིན་སྐོར་སོགས་གསལ་འདུག

ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢༣ ནས་ ༣༠ བར་ཡུ་རོབ་ཀྱི་རྒྱལ་ཁབ་རོ་མ་ནི་ཡའི་ (Romania) སི་ཁ་ལེར་ལན་ཌི་ (Szeklerland) ནང་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་ཀོ་ནི་ཧྥ་ (CONIFA) བུད་མེད་རྐང་སྤོལ་འགྲན་བསྡུར་ནང་བོད་ཀྱི་བུད་མེད་རུ་ཁག་མཉམ་ཞུགས་བྱ་གཏན་འཁེལ་ཡོད་ཀྱང་། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཚོགས་པས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག རྐང་སྤོལ་རྩེད་འགྲན་དེ་ཚོགས་ཐུབ་ཐབས་མེད་པའི་ཡོངས་བསྒྲགས་བྱས་ཡོད་འདུག་ལ། ཕྱི་ལོ་ ༢༠༡༧ ལོར་བོད་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་ཨ་རིའི་ཌ་ལ་སི་གྲོང་ཁྱེར་ནང་གི་རྐང་སྤོལ་རྩེད་འགྲན་ཞིག་ནང་མཉམ་ཞུགས་བྱས་ཀྱང་། གཞུང་གིས་ཐོངས་མཆན་མ་སྤྲད་པའི་དབང་གིས་མཉམ་ཞུགས་བྱ་ཐུབ་མེད་པ་རེད།

ཀོ་ནི་ཧྥ་རྐང་སྤོལ་མཐུན་ཚོགས་ (Confederation of Independent Football Associations) ཐོག་མར་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༧ ཉིན། ཧྥི་ཧྥ་རྒྱལ་སྤྱིའི་རྐང་སྤོལ་མཐུན་ཚོགས་ཀྱི་ངོས་འཛིན་མེད་པའི་རྒྱལ་ཁབ་དང་ས་ཁུལ་གྱི་རྐང་སྤོལ་རུ་ཁག་རྣམས་ལ་དམིགས་ཏེ་མགོ་བརྩམས་པ་ཞིག་ཡིན་པ་དང་། ཆེས་ཐོག་མའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་བསྡུར་དེ་ཕྱི་ལོ་ ༢༠༡༤ ལོར་སི་ཝེ་ཌན་དུ་འཚོགས་ཤིང་། ཕྱི་ལོ་ ༢༠༢༢ ལོའི་བུད་མེད་ཀྱི་ཀོ་ནི་ཧྥ་རྩེད་འགྲན་དེ་པོན་ཊ་ཆོལ་གསུམ་བོད་མིའི་གཞིས་སྒར་དུ་བསྡུས་ཡོད། ཕྱི་ལོ་ ༢༠༡༧ ལོར་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གིས་གྲོང་ཁྱེར་བན་ཁའོ་བཱར་རྒྱལ་སྤྱིའི་རྐང་སྤོལ་དུས་སྟོན་(Vancouver International Soccer Festival) ཐེངས་ ༡༣ པའི་ཐོག་མཉམ་ཞུགས་བྱས་ཡོད་ལ། དེ་བཞིན་ཕྱི་ལོ ༢༠༢༢ ལོར་པོན་ཊ་ཆོལ་གསུམ་དུ་བསྡུས་པའི་རྒྱལ་སྤྱིའི་ཀོ་ནི་ཧྥ་བུད་མེད་རྐང་སྤོལ་རྩེད་འགྲན་ཁྲོད་སོགས་སུའང་མཉམ་ཞུགས་བྱས་ཡོད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༤ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༥ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༩ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese