མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་ཀེ་རིན་གྱི་ཞི་བདེའི་ལྷན་ཚོགས་ཐོག་ཨུ་རུ་སུ་ཞུགས་ཀྱི་མེད་པས་རྒྱ་ནག་གིས་ཀྱང་མཉམ་ཞུགས་བྱ་རྒྱུ་མིན་ལབ་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཨུ་རུ་སུས་ཡུ་ཀེ་རིན་ལ་བཙན་འཛུལ་བྱས་ཏེ་ལོ་ངོ་ ༢ ལྷག་འགྲོ་བཞིན་ཡོད་པའི་མཚམས་འདིར་སུད་སི་གཞུང་གིས་ཡུ་ཀེ་རིན་གྱི་ཞི་བདེའི་ལྷན་ཚོགས་ཞེས་པའི་རྒྱལ་སྤྱིའི་རང་བཞིན་གྱི་ལྷན་ཚོགས་ཤིག་བསྡུ་ཡི་ཡོད་ཀྱང་ཨུ་རུ་སུ་དང་རྒྱ་ནག་གིས་མཉམ་ཞུགས་བྱ་རྒྱུ་མིན་སྐོར་བསྒྲགས།

Ukrainian President Volodymyr Zelensky visited Switzerland in January.

ཟླ་འདིའི་ཕྱི་ཚེས་ ༡༥ དང་ ༡༦ ཉིན་སུད་སིའི་སྲིད་འཛིན་ཝའོ་ལཱ་ཨེམ་ཧེར་(Viola Amherd)ལགས་ཀྱི་གོ་སྒྲིག་འོག ཡུལ་དེའི་གྲོང་ཁྱེར་ལུ་སར་ནི་ (Lucerne) རུ་རྟེན་གཞི་བྱས་པའི་ (Burgenstock Resort)གསོལ་མགྲོན་ཁང་དུ། ཡུ་ཀེ་རིན་གྱི་ཞི་བདེའི་ལྷན་ཚོགས་ཞེས་པ་ཞིག་བསྡུ་འཆར་ཡོད་པ་དང་། ཞི་བདེ་བསྐྲུན་ཐབས་ཀྱི་ལྷན་ཚོགས་དེའི་ཐོག་ཨ་རི་གཙོ་བོར་གྱུར་བའི་རྒྱ་གར་དང་། ཇར་མ་ནི། ཁེ་ན་ཊ་སོགས་འཛམ་གླིང་རྒྱལ་ཁབ་  ༡༠༧ ཙམ་གྱི་ཆེས་མཐོའི་སྐུ་ཚབ་མཉམ་ཞུགས་གནང་འཆར་ཡོད་འདུག ཡིན་ནའང་། ཨུ་རུ་སུ་གཞུང་ནས་ཞི་བདེའི་ལྷན་ཚོགས་ཀྱི་གྲོས་གཞི་ཁག་ལ་མོས་མཐུན་བྱེད་ཀྱི་མེད་པ་དང་། རྒྱ་ནག་གཞུང་གིས་ཨུ་རུ་སུའི་ཕྱོགས་ནས་ངོས་ལེན་མེད་པ་རྒྱུ་མཚན་དུ་བྱས་ནས་འདྲ་མཉམ་གྱི་སྡིངས་ཆ་ཞིག་ཆགས་མེད་སྐོར་བརྗོད་དེ་མཉམ་ཞུགས་བྱ་རྒྱུ་མིན་སྐོར་བསྒྲགས་འདུག

སུད་སིའི་སྲིད་འཛིན་ཝའོ་ལཱ་ཨེམ་ཧེར་ལགས་ཀྱིས་ཞི་བདེའི་ལྷན་ཚོགས་དེ་ནི་ཞི་བདེ་རྒྱུན་འཁྱོངས་ཡོང་ཐབས་ཀྱི་གོམ་པ་དང་པོ་ཡིན་སྐོར་གསུངས་འདུག་ལ། སུད་སིའི་སྲིད་འཛིན་གྱིས། ཞི་བདེའི་དོན་དུ་ལྷན་ཚོགས་དེ་འདྲ་བསྡུས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་སྐོར་གསུངས་འདུག དེ་བཞིན་སུད་སི་གཞུང་གིས། ད་ལན་གྱི་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་ཁྲིམས་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་གཞིར་གཞུང་གྲོས་མོལ་གྱི་ལམ་ནས་ཡུ་ཀེ་རེན་ལ་དྲང་བདེན་དང་ཞི་བདེ་བསྐྲུན་རྒྱུར་དམིགས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག་ལ། ཡུ་ཀེ་རིན་གྱི་སྲིད་འཛིན་ཛེ་ལིན་སི་ཀེ་ལགས་ནས་རེ་སྐུ་གནང་བ་ལྟར། ཡུ་ཀེ་རིན་ནང་ཞི་བདེ་ཡོང་བར་ལྷན་ཚོགས་ཤིག་བསྐོང་བར་ཚད་མཐོའི་རྒྱབ་སྐྱོར་ཐོབ་སྟེ་ཐག་གཅོད་བྱུང་ཡོད་ཅིང་། ཞི་བདེ་དར་སྤེལ་དུ་གཏོང་བའི་ལྷན་ཚོགས་དེ་འཚོག་པར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་སིངྒ་པུར་དུ་བསྡུས་པའི་སེམས་ཀྱི་ཉི་ཟླའི་གྲོས་མོལ་སྐབས་ཡུ་ཀེ་རིན་གྱི་སྲིད་འཛིན་ཛེ་ལིན་སི་ཀེ་ལགས་ཀྱིས་ཨུ་རུ་སུས་པེ་ཅིན་གཞུང་གི་ཤུགས་རྐྱེན་བེད་སྤྱད་དེ་ཕྱི་ཟླ་ ༦ པའི་ནང་གི་ཞི་བདེའི་གྲོས་མོལ་ལ་རྙོག་དྲ་བཟོ་ཡི་ཡོད་སྐོར་བརྗོད་ཡོད་པ་དང་།  ཕྱི་ཚེས་ ༣ ཉིན་གྱི་རྒྱ་ནག་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཐོག ཕྱི་འབྲེལ་མགྲིན་ཚབ་མ་མའོ་ནིན་( Mao Ning)ཟེར་བ་དེས་བཙན་དབང་རིང་ལུགས་དང་སྟོབས་ཤུགས་ཀྱི་སྲིད་ཇུས་ནི་རྒྱ་ནག་གི་ཕྱི་འབྲེལ་ཐབས་ཇུས་མིན་ཚུལ་བརྗོད་དེ་སྲིད་འཛིན་ཛེ་ལིན་སི་ཀེ་ལ་རྒོལ་ལན་སློག་འདུག

China’s Foreign Ministry spokeswoman Mao Ning attends a press conference at the Ministry of Foreign Affairs in Beijing on January 15, 2024.

ཡང་མའོ་ནིན་གྱིས། རྒྱ་ནག་ཕྱོགས་ནས་རྒྱལ་ཁབ་ཕན་ཚུན་དབར་གྱི་ཞི་བདེའི་ལྷན་ཚོགས་དེར་ཆ་རྐྱེན་གལ་ཆེན་གསུམ་ཚང་དགོས་པའི་ནན་སྐུལ་ཡང་ཡང་བྱས་ཡོད་ལ། དེ་ནི་ཨུ་རུ་སུ་དང་ཡུ་ཀེ་རིན་གཉིས་ཀས་ངོས་འཛིན་ཡོད་པ། ཕྱོགས་ཚང་མ་འདྲ་མཉམ་གྱི་ཐོག་ནས་མཉམ་ཞུགས་བྱེད་དགོས་པ། ཞི་བདེའི་འཆར་གཞི་ཚང་མའི་ཐོག་དྲང་བདེན་ལྡན་པའི་གྲོས་མོལ་བྱེད་དགོས་པ་སོགས་བརྗོད་ཡོད་སྐོར་དང་། རྒྱ་ནག་གཞུང་ནས་ཞི་བདེའི་ལྷན་ཚོགས་དེར་ཆ་རྐྱེན་དེ་གསུམ་ད་དུང་ཚང་མེད་པ་ཞིག་ཏུ་མཐོང་གི་ཡོད་སྟབས། རྒྱ་ནག་ལྷན་ཚོགས་དེའི་ནང་མཉམ་ཞུགས་བྱ་རྒྱུ་མིན་སྐོར་བརྗོད་འདུག

དེ་འབྲེལ་རྒྱ་གར་གཞུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཨུ་རུ་སུ་དང་ཡུ་ཀེ་རེན་གྱི་དམག་འཁྲུག་མཚམས་འཇོག་སླད། སུད་སི་གཞུང་གིས་ཟླ་འདིའི་ནང་ཞི་བའི་ལྷན་ཚོགས་ཤིག་འཚོག་འཆར་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་ལྟར། ལྷན་ཚོགས་དེའི་ནང་ཨུ་རུ་སུའི་སྐུ་ཚབ་བསླེབ་ཐུབ་རྒྱུའི་རེ་བ་ཡོད་པ་དང་། རྒྱ་གར་གཞུང་གི་ངོས་ནས་ཞི་བའི་དོན་དུ་དེ་ལྟ་བུའི་ལས་འགུལ་དང་གླེང་སློང་བྱེད་པར་དགའ་བསུ་ཡོད་སྐོར་སོགས་བརྗོད་འདུག དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རན་དྷིར་ (Randhir Jaiswal) ལགས་ཀྱིས། ང་ཚོས་དུས་རྟག་ཏུ་གྲོས་མོལ་བྱ་དགོས་སྐོར་རྗོད་ཀྱིན་ཡོད་པ་དང་། དེ་སྔ་ཁོ་བྷན་ཧཱ་གྷན་ (Copenhagen) ཚོགས་འདུ་འཚོགས་སྐབས་མཉམ་ཞུགས་བྱས་ཡོད་པ་མ་ཟད། ཞི་བདེ་བསྐྲུན་པར་ལས་འགུལ་གང་འདྲ་སྤེལ་རུང་མཉམ་ཞུགས་བྱ་འདོད་ཡོད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ནང་། ཡུ་ཀེ་རིན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ལགས་ཀྱིས་དོན་ཚན་བཅུ་ཅན་གྱི་ཞི་བདེའི་གྲོས་འཆར་ཞིག་ཡོངས་བསྒྲགས་གནང་བའི་ནང་། རྡུལ་ཕྲན་མཚོན་ཆའི་བདེ་འཇགས་དང་། ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚོའི་ཟས་རིགས་བདེ་འཇགས། ཡུ་ཀེ་རིན་གྱི་ནུས་ཤུགས་ཀྱི་རྨང་གཞི་འཛུགས་སྐྲུན། ཨུ་རུ་སུའི་བཙོན་འཇུག་འོག་ཡོད་པའི་ཡུ་ཀེ་རེན་གྱི་བཙོན་མ་དང་བྱིས་པ་རྣམས་ཀློད་གྲོལ་གཏོང་དགོས་པ། ཕྱི་ལོ་ ༡༩༩༡ ལོའི་ཨུ་རུ་སུ་དང་ཡུ་ཀེ་རིན་དབར་གྱི་ས་མཚམས་བསྐྱར་གསོ། ཨུ་རུ་སུའི་དམག་དཔུང་ཡུ་ཀེ་རིན་ནས་ཕྱིར་འཐེན་བྱ་རྒྱུ། ཨུ་རུ་སུས་ཡུ་ཁེ་རན་ལ་བཙན་འཛུལ་བྱས་པའི་དམག་འཁྲུག་གི་ནག་ཉེས་ལ་ཁྲིམས་ཆད་གཅོད་རྒྱུ། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཕོག་པ་ཐག་གཅོད་བྱ་རྒྱུ། མ་འོངས་པར་ཨུ་རུ་སུའི་བཙན་འཛུལ་འགོག་ཐབས་ཀྱི་འགན་ལེན། ཞི་བདེའི་ལྷན་ཚོགས་བསྡུས་ཏེ་རྒྱལ་སྤྱིའི་ཆིངས་ཡིག་ཅིག་འཇོག་དགོས་པ་བཅས་བརྗོད་ཡོད་པ་དང་། ད་ལན་གྱི་ཞི་བདེའི་ལྷན་ཚོགས་ཐོག་བརྗོད་གཞི་དེ་དག་གཞི་རྩར་འཛིན་དགོས་པ་ཞིག་ཆགས་ཀྱི་ཡོད་འདུག

ཚེ་རིང་རྣམ་རྒྱལ་གྱིས་གནས་ཚུལ་ཕྱོགས་བསྡུས་བྱས།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese