མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་སྲིད་བློན་མུ་དྷི་མཆོག་ལ་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་སྲིད་བློན་མུ་དྷི་མཆོག་ལ་རྒྱལ་ཁ་ཐེངས་གསུམ་པ་ཐོབ་པར་འཚམས་འདྲི་གནང་བ་དང་སྦྲགས་རྒྱ་གར་གྱིས་འཚེ་བ་མེད་པའི་རྩ་དོན་གཞི་རྩར་བཟུང་ནས་འཛམ་གླིང་ནང་ཞི་བདེ་དང་བརྟན་ལྷིང་ཡོང་བར་སྣེ་འཁྲིད་གནང་གལ་ཆེ་སྐོར་གསུངས་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་འཚམས་འདྲི་གནང་། དུས་བབ་ཀྱི་པར་སྒྲིག་བཟོ་བྱས།

ཁ་སང་ཕྱི་ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དང་ཁོང་གི་སྲིད་དོན་ཚོགས་པར་བསྟུད་མར་ཐེངས་གསུམ་པའི་གཞུང་འཛིན་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་བའི་ནང་། ཕྱི་ལོ་ ༢༠༢༤ ལོའི་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་སྲིད་བློན་མུ་དྷི་མཆོག་དང་རྒྱལ་ཡོངས་དམངས་གཙོ་མཐུན་སྦྲེལ་ཚོགས་པར་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་ཐོབ་པར། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་ཡིན། འོས་བསྡུ་ཆེན་མོའི་རྒྱལ་ཁ་འདི་ནི་རྒྱ་གར་མི་མང་གིས་ཁྱེད་དང་རྒྱལ་ཡོངས་དམངས་གཙོ་མཐུན་སྦྲེལ་ཚོགས་པའི་བབ་བརླིང་བརྟན་གསུམ་གྱི་མགོ་ཁྲིད་པར་ཡིད་ཆེས་བརྟན་པོ་བྱུང་། ཐེངས་འདིའི་གོ་སྐབས་བརྒྱུད་ནས་ངས་རྒྱ་གར་གཞུང་མང་གཉིས་ཀྱིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་༸གོང་ས་རྒྱལ་བ་རིན་པོ་མཆོག་དང་བོད་མིར་རྒྱབ་སྐྱོར་གང་ལེགས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། རྒྱ་གར་གྱིས་ང་ཚོར་སྐུ་མགྲོན་གྱི་ཚུལ་དུ་གཟིགས་སྐྱོང་སྣེ་ལེན་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་བྱེད་པའི་གནས་མཆོག་ཅིག་བསྐྲུན་ཡོད། ཅེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མགོན་པོ་གང་ཉིད་དང་རྒྱ་གར་བར་གྱི་མཛའ་འབྲེལ་གསུང་སྐབས་ངོས་རང་རྒྱ་གར་གྱི་བུ་ཡིན་ཞེས་ཡང་ནས་བསྐྱར་དུ་བཀའ་གནང་གི་ཡོད་མ་ཟད། དཔལ་ན་ལེནྡྲའི་གནའ་བོའི་ཆོས་བརྒྱུད་དྲི་མ་མེད་པ་ཉམས་བཞེས་གནང་བཞིན་ཡོད། ༸མགོན་པོ་གང་ཉིད་མཆོག་ནས་རྒྱ་གར་གནའ་བོའི་ཤེས་རིག་ཉམས་གསོ་མཛད་རྒྱུའི་ཐུགས་འགན་བཞེས་ཡོད་ཅིང་། རྒྱ་གར་དབུས་དང་མངའ་སྡེའི་གཞུང་གཉིས་ནས་༧གོང་ས་མཆོག་གི་དགོངས་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་ནི་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པས། དེང་གི་རྙོག་འཛིང་ཆེ་བའི་དུས་སྐབས་འདིའི་ནང་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གྱིས་དམངས་གཙོའི་ལས་དོན་གོང་མཐོར་གཏོང་དགོས་པ་དང་།  རྒྱ་གར་གྱི་འཚེ་བ་མེད་པའི་རྩ་དོན་གྱི་དབུ་ཁྲིད་ཐོག་འཛམ་གླིང་ནང་ཞི་བདེ་དང་བརྟན་ལྷིང་ལ་ཕྱོགས་རྒྱུ་གལ་ཆེན་པོར་གྱུར་ཡོད།

མཇུག་ཏུ་སྲིད་སྐྱོང་མཆོག་གིས། ཁྱེད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ལས་ཡུན་ཐེངས་གསུམ་པ་མགོ་བཙུགས་བཞིན་པའི་སྐབས་འདིར། ང་ཚོས་མ་འོངས་པར་རྒྱ་གར་ནང་དམངས་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་རིན་ཐང་མུ་མཐུད་དུ་གོང་མཐོར་སྲུང་སྐྱོབ་གནང་བའི་རེ་བ་བྱེད་བཞིན་ཡོད། ཅེས་རྒྱ་གར་ནང་ཞི་བདེ་འཆམ་མཐུན་ངང་ཡར་རྒྱས་ཡོང་བའི་སྨོན་འདུན་དང་། རྒྱ་གར་གཞུང་ནས་བཙན་བྱོལ་བོད་མི་རྣམས་ལ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་རེ་སྐུལ་གནང་འདུག

ད་ལོ་ནི་སྲིད་བློན་ནཱ་རན་ཌ་མུ་དྷི་མཆོག་ནས་རྒྱ་གར་གྱི་སྲིད་བློན་གྱི་རྒྱལ་ཁ་ཐོབ་པ་ཐེངས་གསུམ་པ་དེ་ཡིན་ལ། ཁོང་ནི་གྷོ་ཇི་རཱ་ཊིའི་མེ་འཁོར་ཐབ་ཚང་ནང་ལས་ཀ་བྱེད་མཁན་ཞིག་ནས་ལྡི་ལི་མཐོ་སློབ་ནས་སྲིད་དོན་ཚན་རིག་གི་རིག་གནས་རབ་འབྱམས་པའི་ལག་འཁྱེར་བླངས་བ་དང་། གྷོ་ཇི་རཱ་ཊིའི་གཙུག་ལག་སློབ་ཆེན་ནས་སྲིད་དོན་ཚན་རིག་གི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་བླངས་ཡོད་འདུག ཕྱི་ལོ་ ༡༩༩༥ ལོར་བྷི་ཇི་པི་སྲིད་དོན་ཚོགས་པའི་དྲུང་ཆེར་བདམས་ཐོན་བྱུང་སྟེ། ཧི་མ་ཅལ་དང་ཧར་ཡ་ན་མངའ་སྡེའི་ནང་སྲིད་དོན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༨ ལོར་གྷོ་ཇི་རཱ་ཊིའི་གྲོས་ཚོགས་འཐུས་མིར་བདམས། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་གྷོ་ཇི་རཱ་ཊི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཕྱག་ལས་གནང་ཞིང་། ཕྱི་ལོ་ ༢༠༡༠ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་མོལ་གནང་ཡོད་པ་རེད། ཕྱི་ལོ་ ༢༠༡༤ ལོ་ནས་ཁོང་རྒྱ་གར་གྱི་སྲིད་བློན་དུ་འདེམས་ཐོན་བྱུང་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༤ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

ཆུ་ཚོད་ ༢༠ སྔོན་ལ།
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese