མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ཀྱི་དེབ་ཅིག་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་གུང་ཆུ་ཚོད་ ༡༡ སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་་ཀྱིས་བརྩམས་པའི་ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་ནང་སྲི་ཞུ་བསྒྲུབས་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ཀྱི་དེབ་ཅིག་དབུ་འབྱེད་གནང་། ༢༠༢༤།༠༦།༠༧ བོད་ཀྱི་དཔེ་མཛོད་ཁང་གི་པར།

དབུ་འབྱེད་ཀྱི་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་སོགས། དེ་བཞིན་མི་མང་ཁག་ཅིག་བཅས་འཛོམས་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། སྐུ་ངོ་ལགས་ཀྱིས་དེབ་འདི་བརྩམས་པར་སྐུ་ལས་མང་པོ་བསྐྱོན་ཡོད་པ་རེད། དེབ་འདིའི་གཞི་བཅོལ་སའི་ཡིག་ཆ་རྣམས་དཔེ་མཛོད་ཁང་དུ་ཕུལ་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་སྐོར་དང་། སྐུ་ངོ་ལགས་ཀྱིས་ལོ་བཅུ་དགུ་ཉི་ཤུ་ཙམ་རིང་རྒན་དྲུང་ནས་བཀའ་བློན་གྱི་ཕྱག་ལས་གནང་ཡོད་སྐོར་དང་། མི་མང་གི་བདེ་དོན་སླད་སྐུ་ལས་གང་ཐུབ་བསྐྱོན་ཡོད་པར་རྗེས་སུ་ཡི་རངས་ཞུ་ཡི་ཡོད་ལ། རྒན་རབས་པ་ཚོས་སྐུ་ལས་ཇི་ཙམ་བསྐྱོན་པ་དང་བློས་གཏོང་ག་ཚོད་གནང་ཡོད་པ་རྣམས་གཞོན་སྐྱེས་ཚོས་མཁྱེན་དགོས་ཀྱི་འདུག ད་ལྟ་བར་དུ་གནས་སྟངས་འདི་འདྲ་བསླེབས་ཐུབ་པར་སྐུ་ངོ་དང་ཁོང་རྣམ་པའི་མི་རབས་ཚོས་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་གནས་སྟངས་དེ་འདྲར་བསླེབས་ཡོད་པ་རེད། དེབ་འདི་སྐུ་ངོའི་ཉམས་མྱོང་གི་མཛོད་ལྟ་བུ་ཞིག་ཡིན་པ་དང་། མི་རབས་གསར་པ་རྣམས་ལ་སེམས་ཤུགས་བསྐྱེད་རྒྱུའི་གཞི་རྩ་ཞིག་ཆགས་ཀྱི་ཡོད་སྐོར་དང་། རེ་བ་དུས་ནམ་ཡང་འདོར་རྒྱུ་མེད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མིའི་རེ་བ་མ་བརླག་པའི་དོན་དུ་བཀའ་སློབ་མང་པོ་གནང་གི་ཡོད་པ་རེད་ཅེས་ད་ལྟ་བར་དུ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ནས་སྐུ་ལས་མང་པོ་བསྐྱོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་ཀྱི་དཔེ་མཛོད་ཁང་གིས་དེབ་འདི་པར་སྐྲུན་གནང་བར་ཐུགས་རྗེ་ཆེ་ཞུས་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཞིར་བཟུང་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་མི་རབས་རྗེས་མའི་ཆེད་ལོ་རྒྱུས་ཉར་ཚགས་དང་། རང་ཉིད་ཀྱི་ཕྲུ་གུའི་ཆེད་དབྱིན་ཡིག་ཐོག་སོ་སོའི་མི་ཚེའི་ལོ་རྒྱུས་ “ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་ནང་སྲི་ཞུ་བསྒྲུབས།” ཞེས་པའིདཔེ་དེབ་ཅིག་བྲིས་པར་བསྔགས་བརྗོད་ཞུ་ཡི་ཡོད་སྐོར་དང་། ཁོང་གིས་བོད་མིའི་སྒྲིག་འཛུགས་ནང་ཐོག་མར་རྒན་དྲུང་གནས་རིམ་ཐོག་སྐད་བསྒྱུར་གྱི་སྲི་ཞུ་བ་དང་། དེ་ནས་ཐེག་པ་རིམ་འཛེགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཆེ་ཁག་གི་བཀའ་བློན་གནང་སྟེ་བོད་དོན་ཆེད་ཕྱག་ལས་རྒྱ་ཆེ་གནང་ཡོད་པའི་སྐོར་དང་། དེ་བཞིན་མི་རབས་གཞོན་པ་ཚོས་ཁོང་གི་བྲིས་གནང་བའི་དཔེ་དེབ་དེར་རྒྱུས་ལོན་བྱས་ནས་བོད་མིའི་འཐབ་རྩོད་ཐོག་སོ་སོའི་ནུས་པར་དཔག་པའི་བློས་གཏོང་ཐུབ་པའི་བློ་སྤོབས་རྙེད་ཐུབ་ཅིང་། ལྷག་པར་བོད་ཀྱི་ཉག་ཕྲ་བའི་དུས་ཚོད་འདིར་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་བོད་ཀྱི་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས། དམངས་གཙོ་བཅས་སྲ་བརྟན་ཡོང་བར་མཉམ་རུབ་ཀྱི་ནུས་པ་འདོན་དགོས་སྐོར་སོགས་གསུངས་སོང་།

བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ཀྱི་དེབ་ཅིག་དབུ་འབྱེད་གནང་། ༢༠༢༤།༠༦།༠༧ བོད་ཀྱི་དཔེ་མཛོད་ཁང་གི་པར།

བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས། ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་ནང་སྲི་ཞུ་བསྒྲུབས་ཞེས་པའི་དཔེ་དེབ་འདི་ནི། ཕྱི་ལོ་ ༢༠༡༡ ལོར་བཀའ་བློན་ཁྲི་པའི་འོས་བསྡུ་གནང་རྗེས། ༧རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁོང་ལ་བཀའ་གནང་བ་མ་སྒྲུབ་པ་གཅིག་ཡོད་པ་དེ་ལོ་རྒྱུས་དེབ་ཅིག་བྲིས་མེད་པ་དེ་ཡིན་པ་དྲན་ནས་དེབ་འབྲི་རྒྱུའི་ཐག་གཅོད་བྱུང་ཡོད་སྐོར་དང་།  དེབ་མ་བྲིས་གོང་ལ་རྒྱལ་བ་རིན་པོ་ཆེ་ནས་བཀའ་ཟུར་ཁོང་བོད་ལ་ཡོད་སྐབས་ཀྱི་ཆུང་དུས་ཀྱི་དྲན་པ་དེ་ཚོ་མར་འབྲི་ཐུབ་ན་ཡག་པོ་ཡོད་རེད་ཅེས་བཀའ་སློབ་ཕེབས་ཡོད་པ་དང་། སྐབས་དེར་སེམས་ནང་ཆུང་དུས་ལོ་གཉིས་གསུམ་སྐབས་དེ་ཚོ་སེམས་ནང་ཡག་པོ་ཞེ་བོ་དྲན་ཐུབ་ཀྱི་ཡོད་སྟབས། སེམས་ནང་གང་དྲན་དྲན་རྣམས་སྡེ་ཚན་དུ་ཕྱེས་ཏེ་ཡི་གེར་ཕབ་ཡོད་སྐོར་དང་། དེབ་ཀྱི་སྐོར་༧གོང་ས་མཆོག་ལ་སྙན་སེང་ཞུས་ཏེ་གསུང་འཕྲིན་བསྩལ་བ་མཇལ་དུས་དགའ་ཚོར་ཆེན་པོ་བྱུང་སྐོར་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། དཔལ་ལྡན། ཚེ་རིང་རྣམ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༤ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༤ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༩ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese