མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་ལོ་རྒྱུས་ཕྱོགས་སྒྲིག་དཔེ་དེབ་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་མ་འོངས་བའི་བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་གནས་སྟངས་ཐད་བོད་ཀྱི་སྨན་རྩིས་ཁང་ཚང་མས་ཐུན་མོང་གི་ནུས་པ་སྤུངས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་ལོ་རྒྱུས་ཕྱོགས་སྒྲིག་དཔེ་དེབ་དབུ་འབྱེད་གནང་། དུས་བབ་ཀྱི་པར། ༢༠༢༤།༠༦།༡༠

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ ༢༠ འཁོར་བ་དང་བསྟུན།  བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ལོ་རྒྱུས་ཕྱོགས་སྒྲིག་གི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་དྲུང་འཚོ་ཚེ་རིང་ཐག་གཅོད་ལགས།  ཚོགས་གཞོན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྨན་དགེ་རྡོ་རྗེ་དགྲ་འདུལ་ལགས་བཅས་བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་སྨན་པ་ ༥༠ ལྷག་ལྷན་འཛོམས་བྱུང་འདུག

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྤྱི་ཡོངས་ཀྱི་གནས་སྟངས་དང་། མ་འོངས་བར་ཁ་ཕྱོགས་གང་དུ་བསྐྱོད་པའི་གནས་སྟངས་ཐད། བོད་ཀྱི་གསོ་རིག་ལྷན་ཚོགས་དང་། འགྲོ་ཕན་སྨན་རྩིས་ཁང་གི་གྲངས་ཐོ་སྟེང་ཞིབ་འཇུག་ཚད་ལྡན་བྱ་དགོས། ཞིབ་འཇུག་བྱེད་སྟངས་ཀྱང་འཛིན་སྐྱོང་ཐོག་གང་འཚམ་རྒྱུས་མངའ་ཡོད་མཁན་དང་། ཕྱི་མི་ཆེད་མཁས་པ་མཉམ་འབྲེལ་གྱིས་ཞིབ་འཇུག་བྱས་ཏེ་སྙན་ཐོ་བཏོན་དགོས། སྙན་ཐོ་ནང་གི་གྲུབ་འབྲས་གཞི་ལ་བཞག་པའི་ཐོག བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དང་། འགྲོ་ཕན་སྨན་རྩིས་ཁང་། ཝཱ་ཎ་གསོ་རིག་སྡེ་ཚན། ལྕགས་པོ་རིའི་བོད་སྨན་སློབ་གཉེར་ཁང་སོགས་ཀྱིས་མ་འོངས་བར་ཁ་ཕྱོགས་གང་དུ་སླེབས་མིན་ཐོག་བསམ་བློ་བཏང་སྟེ། ལས་དོན་བྱེད་ཕྱོགས་བང་སྒྲིག་ཐུབ་ཚེ་ཐུགས་ཕན་གསོ་ཐུབ་པ་ཞིག་ཡོང་བར་བསམ་གྱི་འདུག ལས་དོན་བྱེད་ཕྱོགས་ཀྱང་ས་གནས་སུ་ཕྱིན་ཏེ་ལས་ཀའི་འཆར་གཞི་ཡོད་པ་ལྟར། དངོས་སུ་ལག་བསྟར་བྱེད་ཐབས་ཀྱི་ལམ་ཁར་བསྐྱོད་པར་བགྲོ་གླེང་བྱ་དགོས་པ་ལས། ལས་དོན་འགྲུབ་པར་རེ་བ་ཅིའང་མེད་ཚེ་ཁ་སྟོང་བའི་སྐད་ཆ་རེད། སྨན་པ་རྣམས་ཀྱིས་དེའི་ཐོག་ཏུ་རེ་བ་ཡོད་པར་དགོངས་ཀྱི་ཡོད་ན་ཚང་མས་ཤུགས་བརྒྱབ་ནས་གདོང་ལེན་བྱ་དགོས། ལས་གཞི་དེའང་ཕུགས་རྒྱང་རིང་པོའི་ཐོག་མ་འོངས་བའི་ལོ་ལྔ་དང་བཅུའི་རྗེས་སུ་ག་འདྲ་ཆགས་པར་བསམ་བློ་གཏོང་དགོས། གནས་སྟངས་འདིའི་ཐོག་བོད་ཀྱི་གསོ་རིག་ལྷན་ཚོགས་དང་སྨན་རྩིས་ཁང་ཚང་མས་མཉམ་རུབ་ཀྱི་ཐོག་ནས་ཐུན་མོང་གི་ནུས་པ་སྤུངས་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

འདི་གའི་གསར་འགོད་པས་ཐེངས་འདིའི་ཚོགས་འདུ་སྐོར་ལ་བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཐག་གཅོད་ལགས་སུ་དྲིས་པར་ཁོང་གིས། དེ་རིང་གི་ཚོགས་འདུ་འཚོགས་པའི་དགོས་པ་གཙོ་བོ་ནི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ ༢༠ འཁོར་བ་དང་སྟབས་བསྟུན། ལྷན་ཚོགས་འདིའི་བྱུང་རབས་དང་ལོ་རྒྱུས་ཕྱོགས་སྒྲིག་བྱས་ཡོད་པའི་དཔེ་དེབ་ཅིག་དབུ་འབྱེད་ཞུས་ཡོད།  དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བོད་ཀྱི་སྨན་རྩིས་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་བ། སྐུ་སྲུང་ཟུར་པ་བཅས་ནས་བརྟན་བཞུགས་ཕུལ་གྱི་ཡོད་པའི་ཐོག་ཕྱི་རྒྱལ་ཁག་ནས་སྨན་པ་མང་པོ་ཞིག་ཕེབས་ཀྱི་ཡོད་པར་བསྟུན། ཁོང་རྣམས་ལ་གསོ་བ་རིག་པའི་ལྷན་ཚོགས་ངོ་སྤྲོད་ཞུ་རྒྱུ་དང་། རྒྱ་གར་ནང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ལ་ཁྲིམས་མཐུན་གྱི་ངོས་འཛིན་བྱས་པའི་བརྒྱུད་རིམ་ནང་བཀའ་མོལ་དང་གནས་ཚུལ་གོ་སྟངས་འདྲ་མིན་ཡོད་པས། དེའི་ཐོག་ཏུ་གསལ་བཤད་དང་དྲི་བ་དྲིས་ལན་བྱ་རྒྱུ་ཆགས་བསྡད་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་ལོ་རྒྱུས་ཕྱོགས་སྒྲིག་དཔེ་དེབ་སྐོར་ལ་ཁོང་གིས། དཔེ་དེབ་འདིའི་ནང་དོན་གཙོ་བོ་ནི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སྐབས་བདུན་པའི་ལས་སྡོམ་སྙིང་བསྡུས་རེད། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་སྨན་པ་དང་། མཐོ་སློབ། སྨན་སྦྱོར་ཁང་སོགས་དེབ་བསྐྱལ་བྱས་ཡོད་པ་དེབ་འདིའི་ནང་དུ་གསལ་ཡོད་ཅིང་།  ད་ལྟའི་ཆར་དེབ་བསྐྱལ་བྱས་པའི་སྨན་པ་ ༦༣༠ ལྷག་ཡོད། དེ་བཞིན་བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཚོགས་འདུ་དང་། ཤེས་ཡོན་གོང་འཕེལ་གྱི་ཟབ་ཁྲིད། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ནང་གཟེངས་སུ་ཐོན་པའི་གཡུ་ཐོག་གཟེངས་རྟགས་བཅས་གོ་སྒྲིག་ཞུ་བཞིན་ཡོད། རྒྱ་གར་ནང་བོད་ཀྱི་གསོ་བ་རིག་པར་ཁྲིམས་མཐུན་གྱིས་ངོས་འཛིན་བྱས་པའི་བརྒྱུད་རིམ་ཁྲོད། རྒྱ་གར་གཞུང་དང་ཡིག་འབྲེལ་བྱས་པ་སོགས་དེབ་འདིའི་ནང་ཚུད་ཀྱི་ཡོད་པས། མ་འོངས་བར་ལོ་རྒྱུས་ཐོག་དཔེ་དེབ་འདི་གལ་ཆེན་པོ་ཆགས་ཀྱི་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་གནས་བབ་ཐོག་བགྲོ་གླེང་ཡོང་བཞིན་པའི་སྐོར་ལ་ཁོང་གིས། བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་གནས་བབ་ཐོག་བགྲོ་གླེང་ཡོང་དོན་ནི་རྒྱ་གར་གཞུང་གི་ངོས་ནས་མཐོ་སློབ་དང་སྨན་པ་དེབ་བསྐྱལ་བྱེད་བཞིན་ཡོད་པས། ང་ཚོས་དེབ་བསྐྱལ་གཉིས་བྱེད་དགོས་མིན་གྱི་གནས་སྟངས་ཤིག་རེད། གཞུང་དང་སྒེར་གཉིས་ལས་རྒྱ་གར་གཞུང་ལ་དེབ་བསྐྱལ་བྱས་ཚེ་ཁེ་ཕན་ཆེ་བའི་གནས་སྟངས་ཤིག་ཡོང་གི་ཡོད་ཅིང་། རྒྱ་གར་གཞུང་གིས་བོད་ཀྱི་གསོ་བ་རིག་པ་ཁྲིམས་ཐོག་ནས་ངོས་འཛིན་བྱས་ཏེ་ལོ་ ༢༠ ལྷག་འགྲོ་བཞིན་ཡོད་པ་རེད། ཐོག་མར་བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་བོད་ཀྱི་གསོ་བ་རིག་པར་ཁྲིམས་ཀྱི་བསྐུར་བའི་ལས་འགན་དག་སྒྲུབ་ཐུབ་མིན་གྱི་གནས་བབ་ཀྱི་རྐྱེན་གྱིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༨ པའི་དགོངས་དོན་འོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྐབས། བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཅེས་གསར་དུ་གཏན་ལ་ཕབ་སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཚན་རྟགས་སྩལ་ཅིང་། ཕྱི་ལོ་ ༢༠༠༤ ཟླ་ ༡ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་གསོ་བ་རིག་པའི་སྨན་པའི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་དང་བསྟུན། ལྷན་ཚོགས་འདིའི་ཁྲིམས་ཡིག་གསལ་བསྒྲགས་བྱས་ཏེ་ཐོག་མར་དབུ་བརྙེས་པ་ཞིག་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༤ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

ཆུ་ཚོད་ ༢༠ སྔོན་ལ།
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese