མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་ནང་འགྲོ་འོང་ཐད་སྔར་ལྷག་གིས་དམ་དྲག་བྱེད་བཞིན་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནང་འགྲོ་འོང་གི་ཐད་སྔར་ལྷག་གིས་དམ་དྲག་བྱས་དང་བྱེད་བཞིན་པའི་གནས་སྟངས་འོག་འདས་པའི་ལོ་ལྔའི་རིང་ཨ་རིའི་གཞུང་འབྲེལ་སྐུ་ཚབ་མི་སྣ་གཅིག་ཀྱང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྐྱོད་ཐུབ་མེད་པ་རེད་འདུག

Police checkpoint, Gyantse, Tibet Autonomous Region. (Photo: Carlos Mel Bruno)

ཨ་རིའི་གཞུང་གིས་བོད་ནང་འགྲོ་འོང་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་དུ་ཡོད་པའི་ཨ་རིའི་མི་སེར་རྣམས་ལ་འཇིགས་སྐུལ་དང་། སོ་ལྟ། བརྙས་བཅོས་སོགས་བྱེད་བཞིན་ཡོད་པ་མ་ཟད། ཨ་རིའི་གཞུང་འབྲེལ་སྐུ་ཚབ་མི་སྣ་དང་འབྲེལ་ཡོད་ལས་བྱེད། གསར་འགོད་པ་དང་ཡུལ་སྐོར་བ་སོགས་བོད་ནང་དུ་བསྐྱོད་རྒྱུར་བཀག་སྡོམ་ཤུགས་ཆེན་བྱེད་ཀྱིན་ཡོད་པ་གསལ་སྟོན་བྱས་འདུག

དེ་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་སྐབས་རྒྱ་ནག་གི་ས་ཁུལ་གཞན་དུ་འགྲོ་འོང་བྱེད་པའི་དམ་དྲག་ལྷོད་ཡངས་སུ་བཏང་ཡོད་ཀྱང་། ད་ལྟའང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་ནག་གི་ཞིང་ཆེན་གཞན་ནང་བྱེད་མ་མྱོང་བའི་དམ་དྲག་ཧ་ཅང་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་།  འདས་ལོར་ཨ་རིའི་གཞུང་འབྲེལ་མི་སྣ་བོད་ནང་དུ་བསྐྱོད་ཆོག་པའི་ཆོག་མཆན་ཐེངས་གསུམ་རིང་ཞུས་ཀྱང་ཆོག་མཆན་ལ་ངོས་ལེན་བྱས་མེད་ཁར། ཨ་རིའི་གཞུང་གི་འབྲེལ་ཡོད་ལས་བྱེད་ཅིག་ཡིན་ཕྱིན་བོད་ནང་དུ་བསྐྱོད་པར་བཀག་སྡོམ་བྱས་དང་བྱེད་བཞིན་ཡོད་འདུག

ཡང་དེ་འབྲེལ་སྙན་ཐོའི་ནང་། ཨ་རིའི་གཞུང་འབྲེལ་སྐུ་ཚབ་མི་སྣ་བོད་རང་སྐྱོང་ལྗོངས་ཟེར་བ་མིན་པའི་བོད་ཀྱི་ས་ཁུལ་གཞན་དུ་བསྐྱོད་ཐུབ་ཡོད་ཀྱང་། རྒྱ་གཞུང་གིས་ཨ་རིའི་མི་སྣ་དེ་དག་ལ་སོ་ལྟ་བྱས་ཏེ། འཇིགས་སྐུལ་བརྙན་བཅོས་སོགས་ལྐོག་ཐབས་ཀྱི་ལམ་ནས་དམ་དྲག་བྱས་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་ཁྲི་ཏུ་རུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་སྒོ་བརྒྱབ་སྟེ། ད་ལྟ་བོད་དོན་དང་འབྲེལ་བའི་ཨ་རིའི་གཞུང་ཚབ་མི་སྣ་དེ་དག་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དུ་སྡོད་དགོས་བྱུང་ཡོད་སྐོར་སོགས་གསལ་འདུག་ཅིང་། ད་ལན་ནི་ཨ་རིའི་གཞུང་གིས་བོད་ནང་འགྲོ་འོང་དང་འབྲེལ་ནས་དམ་དྲག་ཅི་ཙམ་བྱེད་ཀྱི་ཡོད་མེད་སྐོར་ལ་ཞིབ་འཇུག་སྙན་ཐོ་བཏོན་པ་ཐེངས་ ༦ པ་ཆགས་ཀྱི་ཡོད་འདུག

སྙན་ཐོ་དེའི་གྲུབ་དོན་ལ་གཞིགས་ན། རྒྱ་ནག་གི་བཀག་སྡོམ་འོག ཕྱི་ལོ་ ༢༠༡༩ ནས་ད་བར་ཨ་རིའི་གཞུང་འབྲེལ་སྐུ་ཚབ་མི་སྣ་གཅིག་ཀྱང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་བསྐྱོད་ཐུབ་མེད་པ་དང་། རྒྱལ་སྤྱིའི་གསར་འགོད་པ་རྣམས་ཀྱི་འགྲོ་འོང་ད་དུང་ཡང་མུ་མཐུད་བཀག་སྡོམ་འོག་བཞག་ཡོད་ཅིང་།  ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གིས་ཨ་རིའི་གསར་འགོད་པ་སྐོར་ཞིག་བོད་ནང་བསྐྱོད་དུ་བཅུག་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོ་ཚོའི་རང་དབང་ལ་བཀག་སྡོམ་གྱིས་བོད་ནང་གི་གནས་སྟངས་བརྒྱུད་བསྒྲགས་བྱེད་མི་ཆོག་པར་བཟོས་ཁར། ཨ་རིའི་གསར་འགོད་པ་དེ་དག་ལ་རྒྱ་རིགས་རྣམས་དང་ཐུག་འཕྲད་ཀྱིས་བཅར་འདྲི་བྱེད་པའི་གོ་སྐབས་ཀྱང་བཀག་འགོག་བྱས་ཡོད་འདུག

དེ་བཞིན། ཨ་རིའི་མི་སེར་ཡིན་པའི་བོད་མི་རྣམས་ལ་དམིགས་བསལ་གྱིས་ཐོངས་མཆན་ཞུ་སྐབས་སོགས་སུ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་། ཁོ་ཚོ་བོད་དུ་བསྐྱོད་སྐབས་འཐབ་ཕྱོགས་གཅིག་གྱུར་ཁང་དུ་འབོད་འགུག་གིས་འཇིགས་སྐུལ་བྱེད་པ་དང་། ཁ་པར་ནང་རྗེས་འདེད་གཏོང་བྱེད་ཀྱི་མཉེན་ཆས་སོགས་ཕབ་ལེན་བྱེད་དུ་འཇུག་གི་ཡོད་པའང་གསལ་བ་མ་ཟད། ཨ་རིའི་ནང་ཡོད་པའི་བོད་མི་ཁག་ཅིག་གིས་རང་ཉིད་ཀྱི་ཕ་ཡུལ་དུ་ཡོད་པའི་ཕ་མ་དང་སྤུན་མཆེད་དང་གཉེན་ཉེ་སོགས་ལ་གནོད་སྐྱོན་མི་འབྱུང་བའི་ཕྱིར་དུ་རང་རང་གི་འགྲོ་འདུག་སྤྱོད་གསུམ་ལའང་ཚོད་འཛིན་བྱས་ནས་འདུག་དགོས་བྱུང་ཡོད་སྐོར་སོགས་ཀྱི་གནས་ཚུལ་སྤེལ་འདུག

ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་བོད་ནང་འགྲོ་འོང་འདྲ་མཉམ་དགོས་པའི་ཁྲིམས་འཆར་ཞིག་གཏན་འབེབ་བྱས་ཏེ། ཨ་རིའི་གཞུང་འབྲེལ་སྐུ་ཚབ་མི་སྣ་དང་རང་དབང་ཅན་གྱི་སྡེ་ཚན་གསར་འགོད་པ་སོགས་བོད་ནང་བསྐྱོད་དུ་བཅུག་སྟེ་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཀྱང་། ད་སྔ་བར་རྒྱ་ནག་གཞུང་གིས་བོད་ནང་རྒྱལ་སྤྱིའི་རང་བཞིན་གྱི་སྐུ་ཚབ་མི་སྣ་གདན་ཞུ་བྱས་མེད་ཁར། བོད་ནང་རྒྱ་བསྒྱུར་གྱི་སྲིད་ཇུས་མང་དག་ཅིག་ལག་བསྟར་བྱས་དང་བྱེད་བཞིན་པ་རེད་ལ། ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་རང་དབང་ཁང་པས་ཕྱི་ལོ་ ༢༠༢༣ ལོར་བོད་དེ་འཛམ་གླིང་གི་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་ཡིན་པ་གསལ་སྟོན་བྱས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༤ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese