མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེག་སི་ཁོའི་བུད་མེད་སྲིད་འཛིན་ཐོག་མར་འཚམས་འདྲི་མཛད། 

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་གི་མགོ་ཁྲིད་མང་ཆེ་བ་བུད་མེད་ཡིན་ན་སྔར་ལྷག་བསམ་ཤེས་དང་ཞི་བདེ་ཡོང་བར་ཡིད་ཆེས་བརྟན་པོ་ཡོད་ཅེས་མེག་སི་ཁོའི་སྲིད་འཛིན་གསར་པ་ལྕམ་སྐུ་ཁོ་ལོ་ཌི་ཡ་ཤེན་བྷམ་ལགས་ལ་འཚམས་འདྲི་མཛད་འདུག

His Holiness the Dalai Lama has written to Claudia Sheinbaum to congratulate her on being the first woman to be elected president of Mexico. 2024/06/14

ཕྱི་ལོ་ ༢༠༢༤ ལོའི་མེག་སི་ཁོའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་རྒྱལ་ཁ་དེ་ལྕམ་སྐུ་ཁོ་ལོ་ཌི་ཡ་ཤེན་བྷམ་(Claudia Sheinbaum) ལགས་སུ་ཐོབ་ཡོད་པ་ལྟར། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁོང་མོའི་མཚན་ཐོག་ཏུ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ།  ཁོང་མོའི་མ་འོངས་པའི་ལས་དོན་ལམ་ལྷོངས་ཡོང་བར་ཐུགས་སྨོན་མཛད་འདུག་ལ། ལྕམ་སྐུ་ཁོ་ལོ་ཌི་ཡ་ཤིན་བྷམ་ལགས་ནི་མེག་སི་ཁོའི་བུད་མེད་སྲིད་འཛིན་ཐོག་མ་དེ་ཡིན་འདུག

དེ་ཡང་གསུང་འཕྲིན་ནང་། ངོས་རང་གིས་བུད་མེད་རྣམས་ནི་གཞན་ལ་སྙིང་རྗེ་ཆེ་བ་དང་བརྩེ་འདང་ཟབ་པོ་ཡོད་མཁན་ཞིག་ཏུ་ཡིད་ཆེས་བྱེད་ཀྱི་ཡོད་ལ། ངོས་ཀྱིས་ཀྱང་ཡུམ་ཆེན་མཆོག་གི་དྲུང་ནས་དེ་དག་བསླབས་པ་ཡིན། བུད་མེད་རྣམས་མི་གཞན་གྱི་ན་ཟུག་ལ་སེམས་ཚོར་ཆེ་བ་ཡོད་པར་ཚན་རིག་གི་གྲུབ་དོན་ལས་རྙེད་ཡོད་པས། ངོས་རང་གིས་དུས་ཡུན་རིང་པོ་ནས་བུད་མེད་ཀྱི་མགོ་ཁྲིད་ཀྱི་ནུས་པ་ནི་ཡིད་སྨོན་བྱ་ཡུལ་ཡིན་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། འཛམ་གླིང་གི་མགོ་ཁྲིད་མང་ཆེ་བ་བུད་མེད་ཡིན་ན། འཇིག་རྟེན་འདི་བསམ་ཤེས་དང་། ཞི་བདེ་སྔར་ལས་ལྷག་པ་ཞིག་ཡོང་གི་ཡོད་པའི་ཡིད་ཆེས་བརྟན་པོ་ཡོད། དོན་དངོས་ཐོག་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་འཐབ་མོ་བ་མང་ཆེ་བ་ནི་སྐྱེས་པ་ཡིན་པ་རེད། བུད་མེད་རྣམས་ཀྱིས་མི་གཞན་གྱི་བདེ་སྡུག་སོགས་ཀྱི་ཐད་ལ་སེམས་ཁུར་དང་བརྩེ་འདང་ཆེ་བ་ཡོད་པ་རེད། ཅེས་གསུངས་སོང་།

ཡང་༧མགོན་པོ་གང་ཉིད་ཀྱིས། ངོས་རང་ཁྱེད་ཀྱི་རྒྱལ་ཁབ་ཏུ་ཕྱིན་སྐབས། ཁྱེད་ཀྱི་མི་མང་གིས་ངོས་ཀྱིས་སེམས་པ་བཟང་པོ་བྱ་རྒྱུ་དང་ཆོས་ལུགས་མཐུན་འབྲེལ་གྱིས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ཀྱིས་མཚོན་པའི་གཞི་རྩའི་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐབས་སོགས་ལ་དོ་དབྱིངས་ཆེན་པོ་གནང་བས། ངོས་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཞེས་དང་། ངོས་ཀྱིས་ཁྱེད་ཀྱི་མདུན་དུ་ལྷག་པའི་འགྲན་རྩོད་སོགས་ལས་རྣམ་པར་རྒྱལ་བ་དང་། མེག་སི་ཁོ་མི་མང་གི་རེ་བ་དང་མངོན་འདོད་འགྲུབ་ཐུབ་པའི་སྨོན་འདུན་ཞུ་ཡི་ཡོད། ཅེས་གསུངས་འདུག

ད་ལྟ་རང་ལོ་ ༦༢  ཡིན་པའི་ལྕམ་སྐུ་ཁོ་ལོ་ཌི་ཡ་ཤེན་བྷམ་(Claudia Sheinbaum) ལགས་ནི་ཕྱི་ལོ ༡༩༦༢ ལོར་མེག་སི་ཁོ་ཡི་རྒྱལ་ས་རུ་སྐྱེས།  ཁོང་མོ་མེག་སི་ཁོའི་རྒྱལ་ཡོངས་གཡས་ཕྱོགས་ཡར་སྐྱེད་ལས་འགུལ་ཚོགས་པའི་ཚོགས་མི་དང་། ཚན་རིག་པ། ཆེད་ལས་མཁས་པ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༥ ནས་ ༢༠༡༧ བར་རྫོང་དཔོན་སོགས་གནང་། ཕྱི་ལོ་ ༢༠༡༨ ལོའི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་ནས་ཕྱི་ལོ ༢༠༢༣ བར་མེག་སི་ཁོའི་རྒྱལ་ས་(Mexico City)གྲོང་ཁྱེར་གྱི་གཞུང་འཛིན་པ་གནང་།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༥ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese