མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་ནང་རྒྱ་ནག་གི་སྲིད་བློན་ལི་ཆང་ལ་ངོ་རྒོལ་ཤུགས་ཆེན་བྱས་འདུག  

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་བློན་ལི་ཆང་གིས་ཨོ་གླིང་གི་རྒྱལ་ས་ཁེན་བྷེ་ར་རུ་སྲིད་བློན་སྐུ་ཞབས་ཨེན་ཐོ་ནི་ལགས་སོགས་ཐུག་འཕྲད་སྐབས་ངོ་རྒོལ་བ་ཚོས་རྒྱལ་ཁབ་གཉིས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་བསྐྱར་ཞིབ་བྱ་དགོས་པའི་རེ་འདུན་བཏོན་འདུག

Chinese Premier Li Qiang, left, and Australia’s Prime Minister Anthony Albanese at a signing ceremony at Parliament House in Canberra on June 17, 2024. (Pool AAP Image)

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ནས་ཉིན་གྲངས་དྲུག་རིང་རྒྱ་ནག་གི་སྲིད་བློན་ལི་ཆང་ (Li Qiang) གིས་ནེའུ་ཛི་ལེན་ཌི་དང་ཨོ་གླིང་གཉིས་སུ་གཞུང་འབྲེལ་སྐོར་སྐྱོད་དང་བསྟུན། དེ་རིང་ཕྱི་ཚེས་ ༡༧ ཉིན་ཨོ་གླིང་གི་རྒྱལ་ས་ཁེན་བྷེ་ར་རུ། ཨོ་གླིང་གི་སྲིད་བློན་སྐུ་ཞབས་ཨེན་ཐོ་ནི་ (Anthony Albanese) ལགས་སོགས་ལ་མཇལ་འཕྲད་ཞུས་ཡོད་པ་དང་། ས་གནས་བོད་མི་གཙོ་བོར་གྱུར་བའི་རྒྱ་ནག་གཞུང་གིས་བཙན་དབང་འོག་ཡོད་པའི་མི་རིགས་དང་། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་ས་གནས་ཀྱི་རྒྱ་རིགས་ཁག་གིས་ལི་ལ་དགའ་བསུ་བྱས་ཏེ་ངོ་རྒོལ་བར་ཚིག་ངན་བཤད་པ་དང་སྐད་འབོད་ལ་འགོག་རྐྱེན་བཟོ་ཐབས་བྱས་པར་བརྟེན་ཕྱོགས་གཉིས་བར་གདོང་ཐུག་ཀྱང་ཅུང་ཙམ་རེ་ཤོར་ཡོད་འདུག

དེ་རིང་ངོ་རྒོལ་སྐད་འབོད་སྐབས་ལས་འགུལ་བ་མང་པོ་ཞིག་གིས་རྒྱལ་ཁབ་གཉིས་ཀྱིས་ཚོང་དོན་ཐད་སྐད་ཆ་མ་བཤད་པའི་གོང་དུ། རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ལ་བསྐྱར་ཞིབ་བྱ་དགོས་པའི་དགོས་འདུན་བཏོན་འདུག་ལ། ལི་ཆང་ནེའུ་ཛི་ལེན་ཌི་རུ་བསྐྱོད་སྐབས་ཀྱང་། ས་གནས་བོད་མི་དང་དམངས་གཙོ་དོན་གཉེར་བ་ཚོས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

ཨོ་རྒྱ་གཉིས་ཀྱི་ཆེས་མཐོའི་མི་སྣ་ཐུག་འཕྲད་ཀྱི་གནད་དོན་དང་འབྲེལ། ཨོ་གླིང་གི་སྲིད་བློན་སྐུ་ཞབས་ཨེན་ཐོ་ནི་ལགས་ཀྱིས། ང་ཚོས་ཕྱོགས་གཉིས་ཀྱི་ཕན་འབྲས་གཙོ་བོར་དམིགས་ནས་ལག་བསྟར་རང་བཞིན་ལྡན་པའི་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་དམག་དོན་དང་འབྲེལ་བའི་ལས་དོན་ཐད་ལ་གྲོས་མོལ་དང་། དེ་བཞིན་ཕྱོགས་གཉིས་ཀྱི་དམག་དོན་གྱི་ཐོག་ནས་གདོང་ཐུག་འབྱུང་མུས་ཡིན་པའི་དཀའ་ངལ་སེལ་ཐབས་ཀྱི་ཐད་ལ་གྲོས་མོལ་བྱས་ཡོད། ཅེས་གསུངས་འདུག

རྒྱ་ནག་གི་སྲིད་བློན་ལི་ཆང་གིས། ཕྱོགས་གཉིས་ལ་འཆམ་མཐུན་དང་མཉམ་ལས་འཕེལ་རྒྱས་འགྲོ་བར་དཀའ་ཁག་མང་དག་ཅིག་འཕྲད་མུས་ཡིན་པས། ང་ཚོས་མཉམ་འདུས་ཀྱི་གྲོས་མོལ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་ཞིང་། ད་ལན་གྱི་དོན་སྙིང་ལྡན་པའི་ཐུག་འཕྲད་འདི་བརྒྱུད། མཉམ་ལས་ཀྱི་མཐའ་མཚམས་བརྟན་སྲུང་ཟེར་བ་དང་། རྒྱལ་ཁབ་གཉིས་ཀྱི་གཏེར་རིགས་སྔོག་འདོན་གྱི་ལས་དོན་སྔར་ལས་ཇེ་ལེགས་སུ་གཏོང་ཐབས་བྱེད་ཀྱི་ཡོད་པའི་ཐད་ལ་སྐད་ཆ་བྱུང་ཡོད། ཅེས་བཤད་འདུག

རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་ཡག་པོ་ཡོང་ཆེད་མཚོན་དོན་རང་བཞིན་གྱི་བོད་ཀྱི་དོམ་ཁྲ་སྤྲད་སྲོལ་ཡོད་པ་ལྟར། ད་ལན་ལི་ཆང་གི་སྐོར་བསྐྱོད་ཀྱི་དམིགས་ཡུལ་གཙོ་བོ་ནི། པེ་ཅིན་གཞུང་གིས་འཛམ་གླིང་མཚོ་གླིང་རྒྱལ་ཁབ་ཆེ་གྲས་སུ་གཏོགས་པའི་ཨོ་གླིང་ལ་དོམ་ཁྲ་གཉིས་སྤྲད་ཡོད་ཅིང་། དོམ་ཁྲ་དེ་གཉིས་ནི་ཨོ་གླིང་དང་རྒྱ་ནག་གཉིས་ཀྱི་འཆམ་མཐུན་གྱི་ཕོ་ཉ་ཟེར་བ་ཞིག་ཡིན་ལུགས་བསྒྲགས་འདུག

རུའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ད་ལན་ཨོ་གླིང་གི་སྲིད་བློན་གྱིས་ལི་ཆང་ལ་ཨོ་རྒྱ་གཉིས་ཀྱི་བར་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྩོད་རྙོག་འབྱུང་མུས་ཡིན་པའི་གནད་དོན་ཞི་ཐབས་དང་། ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པའི་གནད་དོན་གཙོས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པ། ལྷག་པར་དུ་འདི་ལོར་རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་རྩོམ་པ་པོ་གྲགས་ཅན་ཡང་ཧུན་ཅུན་གྱི་གནད་དོན་སོགས་ཀྱི་ཐད་ལ་གླེང་སློང་གནང་ཡོད་སྐོར་གསལ་འདུག

ཨོ་གླིང་དང་རྒྱ་ནག་བར་དེ་སྔ་ཚོང་དོན་གྱི་ཐད་ནས་འབྲེལ་ལམ་ཧ་ཅང་ཆེ་ནའང་། བར་ལམ་ནས་རྒྱ་ནག་དང་ཨོ་གླིང་བར་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྩོད་རྙོག་ཡང་ཡང་འབྱུང་གིན་ཡོད་པས། ཕྱི་ལོ་ ༢༠༢༠ ལོར་ཨོ་གླིང་ཡང་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཨ་རི་དང་ཉི་ཧོང་། རྒྱ་གར་བཅས་ཀྱིས་མཉམ་ཞུགས་བྱས་པའི་ཁོའ་ཌི་(Quad)ནང་འཛུལ་ཞུགས་བྱས་ཏེ། ཨེ་ཤ་ཡའི་ཁུལ་གྱི་རྒྱ་ནག་གཞུང་གི་དབང་ཤུགས་ལ་འགོག་རྒོལ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་བརྟན་སྲུང་བྱེད་ཐབས་ཀྱི་མཉམ་འབྲེལ་དམག་སྦྱོང་སྤེལ་ཡོད།

ཕྱོགས་ཁག་རྒྱལ་ཁབ་བཞིའམ་ཁོ་ཝ་ཊི་ (Quad) ནི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་རྒྱ་གར་དང་། ཉི་ཧོང་། ཨོ་གླིང་བཅས་ཀྱིས་གྲུབ་པའི་ཕྱོགས་ཁག་རྒྱལ་ཁབ་བཞི་ཡི་ཚོགས་སྡེ་ཞིག་ཡིན་ཞིང་།  ཕྱོགས་ཁག་འདི་ནི་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་ཁ་གཏད་གཅོག་མཁན་ཞིག་ཏུ་གྱུར་ཡོད་ལ།  རིམ་གྱིས་ཨེ་ཤ་ཡའི་བྱང་ཆིངས་སྒྲིག་འཛུགས་ (ASIAN NATO) ཞིག་ཏུ་འགྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese