མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གིས་༧གོང་ས་མཆོག་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྤྱན་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་ནག་ནས་རྒོལ་གཏམ་བསྒྲགས་མིན་ལ་མ་ལྟོས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཏེ་གྲོས་ཚོགས་གོང་འོག་གཉིས་ནས་གཏན་འབེབ་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྤྱན་འབུལ་ཞུས་ཡོད་པ་རེད།

དེ་རིང་ཞོགས་པར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་མཇལ་ཁ་བསྩལ།
པར་དབང་། དཔལ་ལྡན་དགའ་ལྡན་ཕོ་བྲང་། 19/06/2024

ཁ་སང་རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་མི་ཞུ་བ་དང་ཨ་རིའི་སྲིད་འཛིན་བྷའེ་ཌན་མཆོག་ནས་ཀྱང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་མི་བསྐྱོན་པའི་རྒོལ་གཏམ་བཏང་འདུག་ནའང་། དེ་རིང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་མ་ཟད། ༧གོང་ས་མཆོག་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གྱི་ངོ་བཤུ་ཞིག་སྤྱན་འབུལ་ཞུས་ནས་ལྷན་དུ་བཀའ་མོལ་ཡང་གནང་བ་དང་། དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ཕེབས་བསུའི་མཛད་སྒོའི་སྟེང་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་ཚང་མས་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་བྱ་རྒྱུ་མཚོན་པའི་རྒྱ་ནག་གཞུང་གིས་ཞི་བའི་ལམ་ནས་བོད་ཀྱི་བདེན་མཐའ་གསལ་དགོས་པའི་སྐུལ་འདེད་ཀྱང་གནང་སོང་།

རྒྱ་ནག་གི་སྐྱོན་བརྗོད་དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་དེ་རྒྱ་ནག་གི་ཆ་ཤས་མིན་པ་བོད་མི་ཚོ་ཁོ་ན་ཙམ་མིན་པར། རྒྱ་རིགས་མཁས་པ་ (LAU Hon-Shiang) སོགས་ཀྱིས་ཀྱང་རྒྱའི་རྒྱལ་རབས་གང་གི་སྐབས་སུའང་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པའི་ལོ་རྒྱུས་ཀྱི་བདེན་པ་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་མི་རྣམས་ལ་དྲག་གནོན་བྱས་དང་བྱེད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་དོན་དངོས་ལ་ཁས་ལེན་དང་ཐུན་མོང་གི་གཞི་རྟེན་འཚོལ་བཞིན་ཞི་བའི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་པ་ནན་སྐུལ་ཞུས་སོང་།

༧གོང་ས་མཆོག་ནས་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་མཇལ་ཁ་སྩལ་སྐབས། ངོས་ཞོགས་པར་ཡར་ལངས་པ་ནས་སངས་རྒྱས་ཀྱི་ཆོས་ལ་ཉམས་ལེན་བྱས་ཏེ་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་གྱུར་དང་ཐོབ་ཐང་གཅིག་མཚུངས་ཡོད་པའི་བསམ་བློ་གཏོང་གི་ཡོད།  འཛམ་གླིང་འདི་འགྲོ་བ་མིའི་རིགས་ལ་བདག་གིན་ཡོད་པས། ང་ཚོས་འཛམ་གླིང་འདི་ལ་གཅེས་སྤྲས་བྱེད་དགོས། ཆོས་ལུགས་དང་མི་རིགས་གང་ཡིན་ལ་མ་ལྟོས་པར་འཛམ་གླིང་གི་མི་ཚང་མ་ཞི་བདེ་མཉམ་གནས་དང་བདེ་སྐྱིད་ལྡན་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཡིན། ཞེས་གསུངས། དེ་རྗེས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་སྐུ་ཞབས་མའེ་ཁེལ་ (Michael McCaul) ལགས་ཀྱིས། ངས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་ཡོངས་ཀྱི་ཚབ་བྱས་ནས་ཞུ་རྒྱུར། ང་ཚོ་སྐུ་ཉིད་ལྟ་བུའི་དབུ་ཁྲིད་ཀྱི་སྐུ་མདུན་དུ་བཅར་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོར་བརྩི་བཞིན་ཡོད། སྐུ་ཉིད་ལ་དཀའ་ངལ་མང་དག་ཅིག་འཕྲད་ཡོད་ཀྱང་། སྐུ་ཚེ་ཧྲིལ་པོར་ཞི་བདེ་དང་བྱམས་སྙིང་རྗེ། དགྲ་ཡིན་ཕྱིན་བཟོད་པ་སྒོམ་ནས་ཕེབས་དང་ཕེབས་བཞིན་པ་རེད། ངས་ནང་པའི་དགེ་འདུན་པ་དག་གི་ཀླད་པར་བརྟག་དཔྱད་བཏང་བ་མཐོང་མྱོང་། ཚན་རིག་ཐོག་ནས་སྒོམ་སྒྲུབ་ཉམས་ལེན་བྱས་པ་ཡིན་ན་སེམས་ལ་ཞི་བདེ་བསྐྲུན་ཐུབ་ཀྱི་ཡོད་པའི་སྐོར་ཀློག་མྱོང་། དེར་བརྟེན། ང་སྒོམ་སྒྲུབ་ཉམས་ལེན་དང་འབྲེལ་བའི་འཛིན་གྲྭར་ཞུགས་དགོས་བསམ་ཡོད། ཅེས་ཆོབ་གླེང་བ་དང་མུ་མཐུད། ང་ཚོ་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་ཁྱེད་ཀྱི་དགོངས་བཞེད་ནང་ལྟར་ཞི་བདེ་དང་བྱམས་སྙིང་རྗེ་བརྒྱུད་འཛམ་གླིང་གི་དཀའ་ངལ་སེལ་ཐབས་བྱེད་ཀྱིན་ཡོད། ཅེས་གསུངས་སོང་། དེ་བཞིན། ལྕམ་ནན་སི་པོ་ལི་སི་དང་མེ་ཁུ་སི་(Gregory Meeks)། ཇེམ་མེག་གྷོར་ཝན་(Jim McGovern) ལགས་བཅས་ནས་བཀའ་མོལ་གནང་སོང་།

ཐེངས་འདིར་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་དྷ་སར་ཕེབས་པའི་ཐད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཇེན་ཟེར་བས། རྒྱ་ནག་གིས་ཁྲིམས་འཆར་དེའི་ཐད་བློ་འཚབ་ཤུགས་ཆེན་སྟོན་གྱིན་ཡོད་པས། ཨ་རིས་ཤི་ཙང་ཟེར་བ་དང་འབྲེལ་ནས་རྒྱ་ནག་ལ་ཁས་ལེན་བྱས་པ་ནང་ལྟར། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་མི་བྱེད་པ་དང་། འཛམ་གླིང་ལ་ནོར་འཁྲུལ་ཅན་གྱི་བརྡ་སྟོན་མཚམས་བཞག་སྟེ། ༧གོང་ས་མཆོག་གིས་དབུ་འཁྲིད་པའི་བོད་མིའི་སྒྲིག་འཛུགས་སོགས་ནི་ཁ་བྲལ་རིང་ལུགས་པར་ངོས་འཛིན་དགོས་པ་ནན་སྐུལ་བྱེད་བཞིན་ཡོད་སྐོར་དང་། ༧གོང་ས་མཆོག་ནི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་མ་ཡིན་པར་ཆོས་ལུགས་ཀྱི་མིང་འོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་མཁན་ཞིག་ཡིན་སྐོར་སོགས་བརྗོད་འདུག་པ་མ་ཟད། ཨ་རིའི་སྲིད་འཛིན་བྷའེ་ཌན་མཆོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་མི་བསྐྱོན་པ་དང་། བོད་ནི་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པས། སུ་གང་གིས་ཀྱང་རྒྱ་ནག་ལ་གནོད་ཤུགས་སྤྲད་ནས་བོད་དེ་རྒྱལ་ཁབ་ཅིག་ཏུ་བསྒྱུར་ཐབས་ཀྱི་ལས་དོན་རྩ་བ་ཉིད་ནས་ལམ་ལྷོང་མི་ཡོང་། ཞེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ (The Promoting a Resolution to the Tibet-China Dispute Act) གྱི་བསྐྱར་བཅོས་ཚིག་བརྗོད་ལ་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ ༣༩༡ གིས་རྒྱབ་སྐྱོར་གནང་སྟེ་གྲོས་ཚོགས་གོང་འོག་གཉིས་ནས་གཏན་འབེབ་ཟིན་ཏེ། ཨ་རིའི་སྲིད་འཛིན་སྐུ་ཞབས་བྷའེ་ཌན་མཆོག་ནས་མཚན་རྟགས་བསྐྱོན་རྗེས་དངོས་སུ་ཨ་རིའི་ཁྲིམས་སུ་འགྱུར་གྱི་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁེལ་ (Michael McCaul) ལགས་ཀྱིས་སྣེ་འཁྲིད་ཅིང་། གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་ (Nancy Pelosi) ལགས་དབུས་པའི་སྐུ་ཚབ་ཚོགས་ཆུང་དེ་བཞུགས་སྒར་དྷ་སར་ཕེབས་འབྱོར་བྱུང་བ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོ་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམ་པ་དང་། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག དེ་བཞིན་མི་མང་དང་སློབ་ཕྲུག་བཅས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཕེབས་བསུ་ཞུས། ཉིན་རྒྱབ་ཏུ་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་བོད་མི་མང་སྤྱི་འཐུས་ལྷན་ཁང་དང་བོད་ཀྱི་འགྲེམས་སྟོན་ཁང་སོགས་སུ་འཚམས་གཟིགས་གནང་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese