མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་ཐེངས་ ༣༧  པ་གཙི་སྲུང་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆབ་སྲིད་བཙོན་ཟུར་ཁག་ཅིག་ནས་རྒྱ་ནག་གཞུང་གི་བཙོན་འོག་ཏུ་མནར་གཅོད་མྱོང་བཞིན་པའི་བོད་ནང་གི་ཆབ་སྲིད་བཙོན་པ་དང་བཙོན་ཟུར་གྱི་གནས་སྟངས་སྐོར་ནས་གཏམ་བཤད་གནང་སོང་།

དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་ཐེངས་ ༣༧ པ་གོ་སྒྲིག་བྱས། ༢༠༢༤།༠༦།༢༦ དུས་བབ་ཀྱི་པར།་

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༡༥ ཙམ་ལ་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་ཐེངས་ ༣༧ པ་གཙི་སྲུང་ཞུས་སོང་། སྐབས་དེར་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་དང་། དགེ་བཤེས་ངག་དབང་བདེ་ལེགས་ལགས། བློ་བཟང་ཡོན་ཏན་ལགས། དགེ་འདུན་རིན་ཆེན་ལགས་དང་།  ཤེས་རབ་རྒྱ་མཚོ་ལགས་བཅས་དང་། དེ་བཞིན་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་འཛོམས་འདུག

རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོའི་གལ་གནད་སྐོར་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས། རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་ནི་རྒྱལ་སྤྱིའི་ནང་མནར་གཅོད་མྱོང་བཞིན་པའི་མི་རྣམས་ལ་རྒྱབ་སྐྱོར་མཚོན་སླད་གཙི་སྲུང་བྱེད་བཞིན་ཡོད་ཅིང། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉིན་མོ་འདི་གཙི་སྲུང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག བོད་ཀྱི་འཐབ་རྩོད་ཀྱི་ལོ་རྒྱུས་ནང་བོད་པའི་ཆབ་སྲིད་བཙོན་པ་ཧ་ཅང་མང་པོ་ཞིག་གིས་རང་ཉིད་ཀྱི་ཡོད་ཚད་བློས་གཏང་བྱས་ཏེ་འཐབ་རྩོད་བྱས་ཡོད།  རྒྱ་གཞུང་གི་བཙོན་ཁང་ནང་གདུག་རྩུབ་མནར་གཅོད་མྱངས་ཡོད་པར་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་ལ། བོད་པའི་སྤྱི་ཚོགས་ནང་དུ་མི་རབས་གཞོན་པར་མི་རབས་རྒན་པས་སྐུ་ལས་བསྐྱོན་པ་གོ་རྟོགས་སྤེལ་བ་དང་། སེམས་ཤུགས་སྤར་བ། དེ་བཞིན་བོད་པའི་སྤྱི་ཚོགས་ནང་མཐུན་སྒྲིལ་ཡོང་བའི་དམིགས་ཡུལ་ཞིག་ཀྱང་ཡིན། ཉིན་མོ་འདི་བརྒྱུད་ནས་མནར་གཅོད་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་རྒྱ་གཞུང་གི་དྲང་བདེན་གྱི་ཐག་གཅོད་བྱ་དགོས་པའི་གནོན་ཤུགས་སྤྲད་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་མོས། དེ་རིང་ཉིན་མོ་འདི་དང་བསྟུན་ནས་ང་ཚོས་མཚན་རྟགས་བསྡུ་རུབ་ཅིག་བྱེད་བཞིན་ཡོད། བོད་ཀྱི་ཆབ་སྲིད་བཙོན་པའི་ལོ་རྒྱུས་ནང་སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་མཆོག་ཧ་ཅང་གལ་གནད་ཀྱི་མི་སྣ་ཞིག་ཆགས་ཡོད། ཕྱི་ལོ་ ༢༠༡༥ ལོར་ཁོང་རྒྱ་གཞུང་གི་བཙོན་ཁང་ནང་འདས་གྲོངས་སུ་ཕྱིན་ཏེ། ད་ལྟའི་བར་ལོ་ངོ་ ༡༠ ཙམ་འགྲོ་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་དེའི་སྐོར་ནས་གསལ་ཁ་གང་ཡང་བྱས་མེད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ལ་ངོས་ལེན་བྱས་ཏེ་མཚན་རྟགས་བརྒྱབ་ཡོད་དུས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གཙོས་བཙོན་ཁང་ནང་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པ་འབོད་སྐུལ་ཞུ་བཞིན་ཡོད། དེ་བཞིན་ཉིན་གྲངས་ཉི་ཤུའི་རིང་སྤྱི་ཚོགས་དྲ་ལམ་བརྒྱུད་དེ་བོད་ཀྱི་བཙོན་པ་མང་པོའི་གནས་སྟངས་སྐོར་ནས་གོ་རྟོགས་སྤེལ་བཞིན་ཡོད། ཅེས་བརྗོད་བྱུང་།

ཆབ་སྲིད་བཙོན་ཟུར་དགེ་བཤེས་ངག་དབང་བདེ་ལེགས་ལགས་ཀྱིས།  རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱེད་མགོ་བཙུགས་སྐབས། ཁོང་གི་སྤོ་ལགས་ཀྱིས་རྒྱ་གཞུང་གིས་བཙན་བཟུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་བ་དང་། ཁོང་གི་ཨ་མ་ལགས་ལ་སྤོ་ལགས་ཀྱི་ཉེས་མིང་འོག་ནས་གྲལ་རིམ་གྱི་ཞྭ་མོ་གཡོགས་ཏེ་མནར་གཅོད་ཚད་མེད་བྱས་པའི་འོག་འཚར་ལོངས་བྱུང་བའི་མི་རབས་གསུམ་པ་ཆགས་ཡོད་ཅིང་། བོད་ཀྱི་རྒྱལ་ས་ནས་མི་རབས་གསར་པས་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་བཙོན་ཁང་ནས་མནར་གཅོད་མྱོང་མཁན་ཞིག་ཆགས་ཡོད། ཅེས་བརྗོད་སོང་།

དྷ་ས་ནོར་བུ་མགྲོན་ཁང་དུ་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་ཐེངས་ ༣༧ པ་གོ་སྒྲིག་བྱས། ༢༠༢༤།༠༦།༢༦ དུས་བབ་ཀྱི་པར།་

ཆབ་སྲིད་བཙོན་ཟུར་དགེ་འདུན་རིན་ཆེན་ལགས་ཀྱིས། ཕྱི་ལོ་ ༡༩༨༥ ལོར་ང་རང་ལྷ་སར་སླེབས་ཅིང་། ཕྱི་ལོ་ ༡༩༩༥ ལོར་ཕྱི་ལོགས་སུ་ཡོང་བ་རེད། དེའི་བར་དུ་ངས་སྣེ་ཤན་པའི་ལས་ཀ་ལོ་དྲུག་ཙམ་བྱས་པ་རེད། གོ་སྐབས་དེ་བརྒྱུད་ནས་གང་ཐུབ་ཅི་ཐུབ་ཀྱིས་བོད་དོན་སྐོར་གྱི་གནས་ཚུལ་ཁྱབ་སྤེལ་བྱས་པ་ཡིན། རྒྱ་གཞུང་གི་སྲིད་ཇུས་འོག་ནས་གནས་ཚུལ་ཁྱབ་སྤེལ་ཕྱི་གསལ་ནང་གསལ་བྱས་ཐུབ་མེད། ངས་བོད་དོན་ཁྱབ་བསྒྲགས་བྱས་པ་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་རེད་ལ། རྒྱ་གར་ནས་སྒེར་གྱི་འཚོ་བའི་དོན་དུ་ལས་ཀ་བྱེད་མཁན་ཞིག་ལས་འཇོན་ཐང་ཅན་གང་ཡང་མ་རེད། ངས་ལས་ཀ་ཏོག་ཙམ་བྱས་པ་དེ་ཧ་ཅང་གི་གོ་སྐབས་ཡག་པོ་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

ཆབ་སྲིད་བཙོན་ཟུར་ཤེས་རབ་རྒྱ་མཚོ་ལགས་ཀྱིས། རྒྱ་གཞུང་གིས་ནམ་རྒྱུན་སྤྱི་ཚོགས་འཆམ་མཐུན་དང་། ཆོས་ལུགས་འཆམ་མཐུན། རང་དབང་། ཐོབ་ཐང། འདྲ་མཉམ་བཅས་དྲིལ་བསྒྲགས་བྱས་ཏེ། དམངས་གཙོའི་ཐོབ་ཐང་གཏོར་བཤིག་གཏོང་བཞིན་ཡོད་པ་མ་ཟད།  ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་ཀྱི་མཚོ་སྔོན་ཁུལ་དུ་ཡོང་ནས་མི་རིགས་འཆམ་མཐུན་དང་། ཆོས་ལུགས་སྲུང་སྐྱོབ། མཚོ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་རེད། དོན་དངོས་ཐོག་རྒྱ་གཞུང་ལ་དམངས་གཙོ་གླེང་བའི་ཐོབ་ཐང་རྩ་བ་ནས་ཉིད་མེད། ཅེས་བརྗོད་སོང་།

དེ་བཞིན་ཆབ་སྲིད་བཙོན་ཟུར་བློ་བཟང་ཡོན་ཏན་ལགས་དང་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་གཉིས་ཀྱིས། རྒྱ་གཞུང་གི་བཙོན་འོག་ཏུ་ལོ་མང་དཀའ་སྡུག་མྱངས་བའི་རང་ཉིད་ཀྱི་ཉམས་མྱོང་དང་སྦྲགས། རྒྱ་གཞུང་གིས་བོད་ནང་དུ་ཁྲིམས་མེད་ལུགས་མེད་ཀྱི་སྲིད་ཇུས་སྣ་ཚོགས་སྤེལ་བཞིན་ཡོད་པས། བཙན་བྱོལ་ནང་གི་བོད་མི་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་དགོས་སྐོར་འབོད་སྐུལ་གནང་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༢ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

ཆུ་ཚོད་ ༡༨ སྔོན་ལ།
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese