མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཆོས་དད་རང་དབང་ལ་སྔར་ལྷག་གིས་དམ་དྲག་བྱེད་བཞིན་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༤/༠༦/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་དང་ཤར་ཊུ་ཀི་སི་ཐན། ཧོང་ཀོང་། རྒྱ་རིགས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་སོགས་ཀྱི་ཆོས་དད་རང་དབང་ལ་སྔར་ལྷག་གིས་དམ་དྲག་བྱེད་བཞིན་ཡོད་པ་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཐེར་འདོན་གནང་འདུག

Photo Courtesy: US State of Department

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས། ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྐོར་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག་པ་དང་། སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་དང་ཤར་ཊུ་ཀི་སི་ཐན། ཧོང་ཀོང་། རྒྱ་རིགས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་སོགས་ཀྱི་ཆོས་དད་རང་དབང་ལ་སྔར་ལྷག་གིས་དམ་དྲག་བྱེད་བཞིན་ཡོད་པ་ཐེར་འདོན་གནང་འདུག

དེ་འབྲེལ་སྙན་ཐོའི་ནང་། འདས་ལོའི་ཕྱི་ཟླ་ ༩ བར་ནང་པའི་གནས་ཆེན་རྒྱ་ནག་རི་བོ་རྩེ་ལྔར་རྒྱ་ནག་གཞུང་གིས། རྒྱ་ནག་རྒྱལ་ཡོངས་ཀྱི་ནང་པའི་དབུ་ཁྲིད་བརྒྱ་འབོད་འགུག་གིས། ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟེར་བ་གཙོ་བོར་བཟུང་སྟེ། རྒྱ་ནག་གི་ནང་པ་ཚོས་དམར་ཤོག་ཚོགས་པར་དབུ་འོག་དཔུང་འདེགས་བྱས་ནས་ཞབས་ཞུ་སྒྲུབ་གལ་ཆེ་བ་དང་། བོད་བརྒྱུད་ནང་བསྟན་གཙོ་བྱས་པའི་ནང་པའི་གཞུང་ལུགས་ཁག་རྒྱ་ཅན་དུ་བསྒྱུར་བར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། དམར་ཤོག་ཚོགས་པས་ཆོས་ལུགས་ཀྱི་ལྟ་གྲུབ་བཅོས་སྒྱུར་དང་ཆོས་ལུགས་དང་འབྲེལ་བའི་དགོན་པ་དང་སྒྲིག་འཛུགས་ཐོག་དམ་དྲག་བྱས་ཏེ། ཐར་བའི་ལམ་དུ་བགྲོད་པར་བྱེད་པའི་ནང་ཆོས་ཀྱི་སྙིང་བོ་རྩ་བརླག་ཏུ་གཏོང་ཐབས་བྱེད་བཞིན་ཡོད་འདུག

དེ་བཞིན། འདས་ལོའི་ཕྱི་ཟླ་བཅུ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ལོ་འཁོར་དུས་དྲན་ཞིག་གི་སྟེང་རྒྱ་ནག་ཆབ་སྲིད་འཐུས་མི་ལྷན་ཁང་གི་རྒྱུན་ལས་འཐུས་མི་དང་རྒྱ་ནག་མི་དམངས་སྲིད་གྲོས་ཀྱི་འཐུས་མི་ཝང་ཧུ་ནི་ཡིས། ཆབ་སྲིད་ཀྱི་ཐོག་ནས་ཡིད་ཆེས་འཕེར་བའི་ནང་པའི་དགེ་རྒན་གསོ་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་པ་དང་། ནང་པའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོར་མེས་རྒྱལ་དང་།  རྒྱ་ནག་རྒྱལ་ཁབ་དང་།  རྒྱ་ནག་གི་རིག་གཞུང་།  རྒྱ་ནག་དམར་ཤོག་ཚོགས་པ།  རྒྱ་ནག་གི་མཚན་ཉིད་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་འདུ་ཤེས་མུ་མཐུད་གོང་མཐོར་གཏོང་དགོས་པའི་ལམ་སྟོན་བྱེད་དགོས་ལུགས་བརྗོད་ཡོད་སྐོར་གསལ་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྙན་ཐོ་ལྟར་ན། རྒྱ་ནག་གཞུང་གིས་ནང་པ་དང་ཁ་ཆེ་ཆོས་ལུགས། ཏུའུ་ཆོས་ལུགས། ཡེ་ཤུ་ཆོས་ལུགས་ཀྱི་(Protestantism/Catholicism) བཅས་ཆོས་ལུགས་རིགས་མི་འདྲ་བ་ལྔར་རྒྱལ་ཞེན་ལྡན་པའི་ཆོས་ལུགས་ཀྱི་ཚོགས་སྡེ་ལྔ་ཞེས་འབོད་པ་དང་། ཆོས་སྡེ་དེ་དག་གི་ལྷ་ཁང་དང་དགོན་པ། ཆོས་ཁང་ཁྱོན་ ༡༤༤༠༠༠ ཙམ་རྒྱ་ནག་གཞུང་ལ་ཐོ་འགོད་བྱས་ཡོད་པ་དང་། དེའི་ཁྲོད་ནང་པའི་དགོན་སྡེ་ ༣༣༥༠༠ ཡོད་པ་ལས་བོད་ཀྱི་དགོན་སྡེ་ ༣༨༠༠ དང་རྒྱའི་ནང་པའི་དགོན་སྡེ་ ༢༨༠༠༠ ཡོད་པ་རྒྱ་ནག་གཞུང་འབྲེལ་གྱིས་བསྒྲགས་ཡོད་ཅིང་། རྒྱ་ནག་གཞུང་གི་ཐོ་འགོད་འོག་མེད་ཅིང་དམར་ཤོག་ཚོགས་པའི་བཀོད་མངག་ལ་མི་ཉན་མཁན་གྱི་ཆོས་ལུགས་ཀྱི་ཚོགས་སྡེ་དག་ནག་ཚོགས་ལ་ངོས་འཛིན་བྱེད་པ་དང་། ཚོགས་སྡེ་དེ་དག་གི་དགེ་འདུན་པ་དང་ཆོས་དཔོན། ཆོས་པ་དང་ཉམས་ལེན་པ་སོགས་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་དྲག་གནོན་དང་དངུལ་ཆད། བཙོན་འཇུག་སོགས་གང་འདོད་དུ་བྱེད་བཞིན་པ་རེད་ལ། བོད་པ་དང་ཁ་ཆེ།  ཡེ་ཤུ། ནང་པ།  རྒྱ་རིགས་ཆོས་འཁོར་རྩ་རླུང་སྒོམ་ཉམས་ལེན་པ་བཅས་ལ་ལས་ཀ་དང་སྡོད་གནས།  ཚོང་ལས་སོགས་ཀྱི་གོ་སྐབས་དབུ་འབྱེད་བྱེད་བཞིན་ཡོད་པ་མ་ཟད། ད་དུང་ཤར་ཊུ་ཀེ་སི་ཐན་ཁ་ཆེ་བ་དང་།  བོད་པ།  དེ་བཞིན་ཆོས་ལུགས་གཞན་གྱི་གྲངས་ཉུང་མི་རིགས་ཀྱི་ཚོགས་མི་ཚོ་འགྲུལ་བཞུད་བྱེད་སྐབས་སུའང་སྡོད་གནས་རག་རྒྱུར་དཀའ་ངལ་མུ་མཐུད་འཕྲད་ཀྱི་ཡོད་པ་རེད།

ཡང་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་མཐའ་མཚམས་འཛིན་སྐྱོང་གི་གྲོས་མཐུན་གཞིར་བཞག་ཐོག་ཕན་ཚུན་ཁྲིམས་ཐོག་ནས་རོགས་རམ་བྱེད་པའི་ཆིངས་ཡིག་ལག་བསྟར་བྱེད་དགོས་པའི་གནོན་ཤུགས་མུ་མཐུད་སྤྲོད་ཀྱིན་ཡོད་པ་དང་།  ཆིངས་ཡིག་དེའི་རྐྱེན་གྱིས་བོད་མི་བཙན་བྱོལ་བ་རྣམས་རྒྱ་ནག་ལ་ཕྱིར་སློག་བྱེད་སྲིད་པར་མ་ཟད།  བོད་མི་བཙན་བྱོལ་བ་རྣམས་ལ་བལ་ཡུལ་ནང་གནས་སྡོད་ཆོག་པའི་ཡིག་ཆ་མཁོ་སྤྲོད་བྱེད་རྒྱུ་ཡང་མཚམས་འཇོག་བྱས་ཡོད་ཅིང་། ཕྱི་ལོ་ ༡༩༩༥ ལོར་བལ་ཡུལ་གྱིས་བོད་མི་བཙན་བྱོལ་བ་རྣམས་ལ་སྐྱབས་བཅོལ་བའི་ཐོ་འགོད་མཐའ་མ་དེ་བྱས་ཏེ་ད་བར་བོད་མི་ཚོར་སྐྱབས་བཅོལ་ལག་དེབ་སྤྲད་མེད་པའང་གསལ་འདུག

དེ་བཞིན་སྙན་ཐོའི་ནང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འདས་ལོ་གཅིག་པུར་རྒྱ་ནག་གི་དཔོན་རིགས་དང་ཐུག་འཕྲད་ནམ་བྱུང་གི་སྐབས་སུ་བོད་དང་ཤར་ཊུ་ཀི་སི་ཐན། ཧོང་ཀོང་། རྒྱ་རིགས་ནང་པ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་ཚོགས་པ་སོགས་ཀྱི་གནད་དོན་གླེང་བྱས་ཡོད་པ་མ་ཟད། སྟོབས་ཆེན་རྒྱལ་ཁབ་བདུན་གཙོས་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་ཆེན་གང་མང་གི་སྟེང་རྒྱ་ནག་གི་དྲག་གནོན་འོག་གནས་པའི་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད་པ་གསལ་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༤ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese