མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསམ་ཚུལ་བསྡུ་ལེན་ནང་ཆ་ཤས་ལེན་མཁན་བརྒྱ་ཆ་ ༨༩ ཡིས་བོད་མི་ཚང་མར་འོས་འཕེན་གྱི་ཐོབ་ཐང་འདྲ་མཉམ་དགོས་པའི་བསམ་ཚུལ་བཏོན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

མང་གཙོ་དང་བགྲོ་གླེང་ཞིབ་འཇུག་རུ་ཁག་གིས་བོད་མི་གནས་སྡོད་བྱས་ཡོད་པའི་འཛམ་གླིང་རྒྱལ་ཁབ་ ༣༠ ཙམ་གྱི་ནང་བོད་མིའི་སྒྲིག་འཛུགས་ལ་ལྟ་སྟངས་དང་སྤྱི་འཐུས་ཀྱི་གྲངས་འབོར། འོས་འཕེན་གྱི་ཐོབ་ཐང་སོགས་ཀྱི་ཐོག་བསམ་ཚུལ་བསྡུ་ལེན་བྱས་ཏེ་སྙན་ཐོ་ཞིག་བཏོན་འདུག

ཁྲིམས་ལུགས་རིག་པ་བ་ལྷ་རོང་ལགས་ཀྱིས་བོད་མའི་བསམ་ཚུལ་བསྡུ་ལེན་གྱི་སྙན་ཐོ་འདེན་སྤེལ་གནང་བཞིན་པ། ༢༠༢༤།༦།༢༨ དུས་བབ་ཀྱི་པར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ། མང་གཙོ་དང་བགྲོ་གླེང་ཞིབ་འཇུག་རུ་ཁག་གིས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ནས་ ༢༠༢༤ ཟླ་ ༢ བར་བོད་མི་གནས་སྡོད་བྱས་ཡོད་པའི་འཛམ་གླིང་རྒྱལ་ཁབ་ ༣༠ ཙམ་གྱི་མི་གྲངས་ ༡༠༨༨ ནས་བསམ་ཚུལ་བསྡུ་ལེན་བྱས་པ་བརྒྱུད་དབྱིན་བོད་གཉིས་ཀྱི་ནང་ཡོད་པའི་སྙན་ཐོ་ཞིག་འགྲེམས་སྤེལ་གནང་བའི་ནང་། བསམ་ཚུལ་བསྡུ་ལེན་ནང་ཆ་ཤས་ལེན་མཁན་བརྒྱ་ཆ་ ༨༩ ཡིས་བོད་མི་ཚང་མར་འོས་འཕེན་གྱི་ཐོབ་ཐང་འདྲ་མཉམ་དགོས་པ་དང་། བརྒྱ་ཆ་ ༦༤ ཡིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་ཀྱི་གྲངས་འབོར་སྤར་དགོས་པ། བརྒྱ་ཆ་ ༧༥ ཡིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་གནང་གི་ཡོད་པ་སོགས་གསལ་འདུག

མང་གཙོ་དང་བགྲོ་གླེང་རུ་ཁག་གི་ཁྲིམས་ལུགས་རིག་པ་བ་ལྷ་རོང་ལགས་ཀྱིས། བོད་མིའི་བསམ་ཚུལ་བསྡུ་ལེན་གྱི་སྙན་ཐོ་བཏོན་པའི་དམིགས་ཡུལ་གཙོ་བོ་ནི་མི་མང་གི་བསམ་ཚུལ་ལ་ཆེ་མཐོང་དང་གྲོས་བསྡུར་བྱ་རྒྱུ་ནི་མང་གཙོའི་ཁྱད་ཆོས་མེད་དུ་མི་རུང་བ་ཞིག་ཡིན་པར་བརྟེན། བོད་མིའི་མང་གཙོའི་ལམ་ལུགས་དང་སྒྲོམ་གཞིའི་ཐད་ལ་མི་མང་ཁྲོད་ནས་བསམ་ཚུལ་གང་ཡོད་པ་ཤེས་རྟོགས་བྱ་རྒྱུ་དང་། མང་གཙོའི་ལམ་ལུགས་དང་འབྲེལ་བའི་ལེགས་བཅོས་ལག་བསྟར་ཡོང་བའི་ཆེད་དུ་བོད་མིའི་སྒྲིག་འཛུགས་དང་མི་མང་བར་ལ་འབྲེལ་ལམ་བསྐྲུན་པའི་ཐོག མང་གཙོ་ལག་བསྟར་ལ་སྔར་ལས་ལྷག་པའི་བཟང་ཕྱོགས་ཀྱི་འགྱུར་བ་དང་མདུན་བསྐྱོད་ཡོང་བར་དམིགས་པ་ཡིན་སྐོར་བརྗོད་སོང་།

ཡང་ཁོང་གིས་ལས་གཞིའི་སྐོར་ལ་ངོ་སྤྲོད་གནང་སྐབས། ལས་འཆར་འདི་ནི་ཆབ་སྲིད་ཀྱི་ཤོག་ཁག་བྱེ་བྲག་བ་གང་གི་ཁོངས་སུའང་མ་གཏོགས་པའི་རང་དབང་ཅན་གྱི་མང་གཙོ་དོན་གཉེར་བ་བོད་རིགས་སློབ་ཕྲུག་དང་ཆེད་ལས་པ་ཁག་ཅིག་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་ཆེན་ཐུག་སྟེ། ཕྱི་ལོ་ ༢༠༢༠ ལོར་ལས་གཞི་འདི་དངོས་སུ་མགོ་བཙུགས་པ་ཡིན་ལ། ཤེས་ཡོན་དང་གོ་རྟོགས་ཀྱི་ལམ་ནས་བོད་མིའི་མང་གཙོའི་ལམ་ལུགས་ཚད་ལྡན་ཞིག་བསྐྲུན་པར་མང་ཚོགས་སྤྱི་དང་། ལྷག་པར་དུ་ལོ་གཞོན་པ་རྣམས་ལ་སྲིད་ཇུས་དང་ཁྲིམས་བཟོའི་བརྒྱུད་རིམ་ནང་མཉམ་ཞུགས་ཡོང་བའི་ཆེད་དུ། རི་མོའི་སྒྱུ་རྩལ་དང་། བགྲོ་གླེང་གྲོས་བསྡུར་བྱེད་སའི་སྡིངས་ཆ་བསྐྲུན་པ་དང་། བརྙན་ཐུང་ཕྱོགས་སྒྲིག མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་སོགས་གྲངས་ཐོ་དང་ལྡན་པའི་ཐོག་ནས་དཔྱང་ཞིབ་དང་སྙན་ཐོ་བཏོན་ཏེ། བསམ་ཚུལ་བརྗེ་ལེན་དང་སྦྱངས་བཤད་ཀྱི་ལམ་ནས་བོད་མིའི་མང་གཙོའི་ནུས་པ་གོང་འཕེལ་དང་སྲ་བརྟན་ཡོང་བར་དམིགས་པ་ཞིག་ཡིན་ཞེས་བརྗོད་སོང་།

སྙན་ཐོའི་ནང་ནང་དོན་གནས་བསྡུས་དོན་ཚན་ ༡༢ བཀོད་པའི་དོན་གནད་དང་པོ། སྒྲོམ་གཞིའི་སྒྲིག་གཞི་དང་འབྲེལ་བའི་གནད་དོན་ཁག

དང་པོ་། མི་མང་བརྒྱ་ཆ་ ༨༩ ཡིས་བོད་མི་ཚང་མ་ལ་གཅིག་གྱུར་གྱི་འོས་གྲངས་འདྲ་མཉམ་འཕེན་ཆོག་པའི་ལེགས་བཅོས་ དགོས་པར་རྒྱབ་སྐྱོར་ཚད་མཐོན་པོ་འདུག སྤྱི་ཡོངས་ནས་ལོ་ན། ཆོལ་ཁ། ལས་རིགས། ཕོ་མོ་གང་ཅི་ཐད་ནས་རྒྱབ་སྐྱོར་ཧ་ ཅང་ཚད་མཐོ་པོ་འདུག

གཉིས་པ། མི་མང་བརྒྱ་ཆ་ ༨༠ ཡིས་བོད་མིའི་སྒྲིག་འཛུགས་ནས་བོད་མིའི་མང་གཙོའི་གནད་དོན་ཐོག་དམིགས་བསལ་ ཚོགས་ཆེན་ཞིག་སྐོང་འཚོག་བྱ་དགོས་པར་རྒྱབ་སྐྱོར་དང་མོས་མཐུན་ཞུ་ཡི་འདུག

གསུམ་པ། ལན་འདེབས་པ་བརྒྱ་ཆ་ ༧༠ཡིས་ཆོས་དང་སྲིད་གཉིས་ལོགས་སུ་འབྱེད་དགོས་པར་རྒྱབ་སྐྱོར་བྱ་བཞིན་འདུག

བཞི་པ། ལན་འདེབས་པ་བརྒྱ་ཆ་ ༦༤ ཡིས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་གྲངས་སྤར་ ཆ་གནང་དགོས་པར་མོས་མཐུན་གནང་གི་འདུག

ལྔ་པ། ལན་འདེབས་པ་བརྒྱ་ཆ་ ༥༨ ཀྱིས་ད་ལྟའི་བོད་མིའི་མང་གཙོའི་སྤུས་ཚད་ལ་འདོད་བློ་ཁེངས་པ་ཡོད་འདུག་ཀྱང་ལན་འདེབས་པ་བརྒྱ་ཆ་ ༤༩ ཡིས་མ་གཏོགས་མང་གཙོའི་འཕེལ་རིམ་གྱི་མགྱོགས་ཚད་ལ་འདོད་བློ་ཁེངས་པ་བྱུང་མི་འདུག

དོན་གནད་གཉིས་པ། སྲིད་བྱུས་དང་འབྲེལ་བའི་གནད་དོན།

དྲུག་པ། བོད་མི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡང་ན་ལྟ་གྲུབ་ཐོག་ལ་ ལན་འདེབས་པ་བརྒྱ་ཆ་ ༧༥ ཡིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་གི་འདུག རང་བཙན་གཙང་མ་ལ་བརྒྱ་ཆ་ ༡༥། རང་ཐག་རང་གཅོད་ལ་བརྒྱ་ཆ་ ༡༠ འདུག

བདུན་པ། ལན་འདེབས་པ་བརྒྱ་ཆ་ ༦༤ ཡིས་ད་ཡོད་སྤྲོད་བཞིན་པའི་དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་དངུལ་གྲངས་ བརྒྱ་ ༥༠% སྤར་དགོས་པ་རྒྱབ་སྐྱོར་གནང་གི་འདུག

དོན་གནད་གསུམ་པ། སྒྲིག་འཛུགས་ཁག་ལ་ལྟ་ཚུལ།

བརྒྱད་པ། རྒྱལ་ཁབ་དང་སྒྲིག་འཛུགས་ཁག་དང་བསྡུར་ན་ལན་འདེབས་པས་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཚད་མཐོ་ཤོས་ཏེ་བརྒྱ་ཆ་ ༨༥ ཡིས་ཡིད་ཆེས་དང་། དེ་བཞིན་རྒྱ་གར་ལ་བརྒྱ་ཆ་ ༨༠། ཨ་རི་ལ་བརྒྱ་ཆ་ ༧༨ དང་རྒྱ་ནག་ ༡༤ ལས་མི་འདུག

དགུ་པ། ལན་འདེབས་པ་བརྒྱ་ཆ་ ༧༧ གྱིས་ད་ལྟའི་སྲིད་སྐྱོང་གི་ཕྱག་ལས་གནང་ཕྱོགས་ལ་རྒྱབ་སྐྱོར་དང་ངོས་ལེན་ཚད་མཐོན་པོ་གནང་གི་འདུག

བཅུ་པ། ལན་འདེབས་པ་བརྒྱ་ཆ་ ༦༧ ཙམ་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་ལ་རྒྱབ་སྐྱོར་མོས་མཐུན་དང་དུས་ཡུན་ཕལ་ཆེ་བར་དགོས་ངེས་ལས་དོན་རྣམས་ཁ་ཚ་དགོས་གཏུགས་སྒྲུབ་ཀྱི་ཡོད་པ་ངོས་ལེན་གནང་གི་འདུག

བཅུ་གཅིག སྒྲིག་འཛུགས་ཁྱོན་ཡོངས་ནས་བཀའ་ཤག་ལ་ལན་འདེབས་པ་ཁོངས་ནས་བརྒྱ་ཆ་ ༦༦ བཅས་ཡིད་ཆེས་དང་གདེང་ཚོད་ཆེ་ཤོས་དང་། ལན་འདེབས་པ་ལས་བརྒྱ་ཆ་ ༣༧ བཅས་སྤྱི་འཐུས་ལྷན་ཚོགས་ལ་གདེང་ཚོད་ཀྱི་ཚད་དམའ་ཤོས་དང་། དེ་བཞིན་གཞུང་ཁོངས་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ལ་བརྒྱ་ཆ་ ༥༣ དང་གསར་ཁང་ཁག་ལ་བརྒྱ་ཆ ༥༡ བཅས་ཡིན་འདུག

དོན་གནད་བཞི་པ། རྒྱལ་ཁབ་ཨ་རི། རྒྱ་གར་། རྒྱ་ནག ཡུ་རོབ་མཐུན་ཚོགས་ ཐའི་ཝན་དང་བོད་མི་སྒྲིག་འཛུགས་བཅས་ལ་རྒྱབ་སྐྱོར་དང་གཟིགས་ཚུལ།

བོད་མི་མང་གཙོའི་སྒྲིག་འཛུགས་ནང་ནས་འཛིན་སྐྱོང་བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས། ཁྲིམས་ཞིབ་ དེ་བཞིན་ གཞུང་ཁོངས་མ་ཡིན་པའི་ཚོགས་པ་གསར་ཁང་ཁག་ལ་རྒྱབ་སྐྱོར་དང་ཡིད་ཆེས་སྐོར་ཡིན།

དོན་གནད་ལྔ་པ། སྤྱི་ཚོགས་དུམ་བུར་མི་འགྲོ་བའི་ཐབས་ལམ་བསམ་ཚུལ།

བཅུ་གཉིས། སྤྱི་ཚོགས་དུམ་བུ་ཕྱིན་པ་འདི་མང་གཙོ་གོང་འཕེལ་འགྲོ་བར་འགོག་རྐྱེན་སྤྲོད་མཁན་གཙོ་བོ་ཞིག་ཡིན་པ་ངོས་ འཛིན་ཞུ་ཡིས་འདུག དེ་འགོག་པའི་ཐབས་ལམ་ཁག་ནི་ཆིག་སྒྲིལ། ཆོས་ཀྱི་སྒྲིག་འཛུགས་དང་སྲིད་གཉིས་ལོགས་སུ་དགོས་ པ། ཆོལ་ཁ་དང་ལུང་ཚན་འཐེན་ཁྱེར་སྤོང་བ། ྋརྒྱལ་བའི་བཀའ་དགོངས་ལ་ཤར་བསྐྱོད། མཐུན་སྒྲིལ། དྲང་བདེན། འོས་གྲངས་འདྲ་མཉམ འགོ་ཁྲིད་མིག་དཔེར་འོས་པ། བསམ་ཤེས། ས་ཁུལ་ལ་དཔག་པའི་འཐུས་ཚབ། མང་གཙོའི་གོ་རྟོགས་སྤེལ་རྒྱུ། ཆབ་སྲིད་སློབ་སྦྱོང་སྤྲོད་རྒྱུ་བཅས་བཀོད་འདུག

སྤྱི་འཐུས་ལྷན་ཚོགས་སུ་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ད་ཡོད་སྤྱི་འཐུས་ བརྒྱ་ཆ་སྤར་དགོས་མིན་གྱི་ཞིབ་འཇུག་སྙན་ཐོ་།

མང་གཙོ་དང་བགྲོ་གླེང་ཞིབ་འཇུག་རུ་ཁག་གིས་༢༠༢༡ ལོར་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་སུ་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་སྤྱི་འཐུས་སྤར་དགོས་མིན་ཐད་ལ་མི་གྲངས་ ༤༠༠༠ ལྷག་མཉམ་ཞུགས་བྱས་ཡོད་པའི་བོད་མིའི་བསམ་ཚུལ་བསྡུ་ལེན་གྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་པ་དང་། བོད་མི་ཕལ་མོ་ཆེས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་མི་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། སྤྱི་འཐུས་ཉུང་དྲགས་པའི་རྐྱེན་གྱིས་ལས་དོན་མང་པོ་བསྒྲུབ་ཐུབ་མིན་ལ་བལྟས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་ཀྱི་གྲངས་འབོར་སྤར་དགོས་པའི་བསམ་ཚུལ་བཏོན་ཡོད་འདུག

བོད་མིའི་སྒྲིག་འཛུགས་ལ་སྙན་ཐོ་འདི་འབུལ་འཆར་ཡོད་མེད་ཐད་ཁོང་གིས། ང་ཚོ་མི་སྒེར་སོ་སོ་ལ་དམངས་གཙོ་གོང་ཕེལ་གཏོང་བར་ལས་འགན་རེ་ཡོད་རེད་བསམ་གྱི་འདུག  དེར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས། ཁྲིམས་ཞིབ་ཁང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་སྙན་ཐོ་འདི་འབུལ་འཆར་ཡོད་སྐོར་དང་། དམངས་གཙོ་གོང་འཕེལ་དུ་གཏོང་སླད་དུས་རྒྱུན་དུ་ནས་མཁས་དབང་དང་། མི་མང་། གསར་འགོད་པ་རྣམས་དང་ལྷན་དུ་བརྗོད་གཞི་འདྲ་མིན་གྱི་ཐོག་ལ་བགྲོ་གླེང་བྱེད་བཞིན་ཡོད་པ་ལྟར། མུ་མཐུད་དུ་བགྲོ་གླེང་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལ། སྤྱི་སྒེར་ཡོངས་ཀྱིས་ལས་གཞི་འདིའི་ནང་མཉམ་ཞུགས་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་སོང་ལ། མང་གཙོ་དང་བགྲོ་གླེང་ཞིབ་འཇུག་རུ་ཁག་གི་དྲ་ཚིགས་སུ་ www.democracyanddebate.org གནང་དགོས་པ་སོགས་བརྗོད་སོང་།

མང་གཙོ་དང་བགྲོ་གླེང་ཞིབ་འཇུག་རུ་ཁག་གི་དྲ་ངོས།

གསར་འགོད་པ། བསྟན་འཛིན་ཕུར་བུ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༢ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

ཆུ་ཚོད་ ༡༨ སྔོན་ལ།
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese