མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་ན་གཞོན་འདུ་འཛོམས་ཐེངས་དང་པོ་སྐོང་འཚོག་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་ཁུལ་དུ་འཚོག་མགོ་བརྩམས་པའི་བོད་རིགས་ན་གཞོན་འདུ་འཛོམས་ཀྱི་ཐོག་གཞོན་སྐྱེས་ཕན་ཚུན་བར་བསམ་ཚུལ་བརྗེ་ལེན་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམས་དང་། ལྷན་ཁང་། སྒྲིག་འཛུགས་ཁག་གི་འབྲེལ་ཡོད་ལས་བྱེད་དང་ལྷན་དུ་གོ་བསྡུར་དང་བསམ་ཚུལ་བརྗེ་ལེན་གནང་འཆར་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཚོགས་བཅར་བ་སོགས། ༢༠༢༤།༧།༡ བོད་ཀྱི་དུས་བབ་ཀྱི་པར།

དེ་རིང་ཕྱི་ཟླ་ ༧ ཚེས་ ༡ ནས་ཉིན་གྲངས་ལྔ་རིང་རྒྱལ་ཡོང་མང་གཙོ་ལྟེ་གནས་ཁང་གི་གོ་སྒྲིག་འོག བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་ཐབས་དང་། དབུས་བོད་མིའི་སྒྲིག་འཛུགས་དང་བོད་རིགས་གཞོན་སྐྱེས་ཚོའི་བར་འབྲེལ་ལམ་གོང་མཐོར་གཏོང་ཐབས་ཀྱི་བོད་རིགས་ན་གཞོན་འདུ་འཛོམས་ཐེངས་དང་པོ་དེ་དངོས་སུ་འཚོག་མགོ་བཙུགས་སོང་ལ། བོད་རིགས་གཞོན་སྐྱེས་བསམ་བློ་བརྗེ་རེས་བྱས་པའི་འདུ་འཛོམས་དེའི་ཐོག རྒྱ་གར་དང་བལ་ཡུལ་ཁུལ་གྱི་ཚོགས་པ་ ༢༤  ཡི་གཞོན་སྐྱེས་མགོ་ཁྲིད་གྲངས་ ༣༨ ཀྱིས་མཉམ་ཞུགས་གནང་འདུག་ལ། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་མ་དང་རང་བཙན་གྱི་ཐབས་ལམ་གཉིས་ཟུང་འབྲེལ་ཐབས་ཇུས་གསལ་སྟོན་གྱིས་བོད་དོན་འཐབ་རྩོད་གནང་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

མཛད་སྒོའི་ཐོག་མར་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་བཟང་མོ་ལགས་ཀྱིས། དེ་རིང་བོད་རིགས་ན་གཞོན་འདུ་འཛོམས་འདིའི་ཐོག་ཆེད་དུ་བཅར་བའི་ན་གཞོན་དེ་དག་ནི་རྒྱ་བལ་གཉིས་ཀྱི་མཐོ་སློབ་ཁག་སོགས་ཀྱི་ཚོགས་པ་ཁག་གི་སྣེ་འཁྲིད་མཁན་ཤ་སྟག་ཡིན་པའི་ཁྲོད། རྒྱ་བལ་གཉིས་ནས་ན་གཞོན་མགོ་ཁྲིད་སུམ་ཅུ་ལྷག་འདུ་འཛོམས་བྱས་ཡོད། ཅེས་དང་། རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གིས་འདས་པའི་མི་ལོ་བཞི་བཅུའི་ནང་རྒྱལ་ཁབ་ང་དྲུག་ལྷག་གི་ནང་དམངས་གཙོའི་སྒྲིག་འཛུགས་སྲ་བརྟན་ཆེད། མི་མང་གི་མཉམ་ཞུགས་བྱ་རྒྱུ་གོང་འཕེལ་གཏོང་ཐབས་དང་། ཕྱི་གསལ་ནང་གསལ། སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་སོགས་ཀྱི་ཐད་ལ་ལས་དོན་མང་དག་ཅིག་གཉེར་ཡོད་ཅིང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་། ནུས་པ་གོང་འཕེལ་གྱི་ལས་གཞི་ཞིག་སྤེལ་ཡོད་པའི་ཁྲོད། གཞོན་སྐྱེས་རྣམས་ཧ་ཅང་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། ད་ལན་ཆེད་དམིགས་ཀྱིས་ཉིན་གྲངས་ལྔ་རིང་གི་འདུ་འཛོམས་དེ་གོ་སྒྲིག་གནང་ཡོད་སྐོར་དང་། ད་ལན་གྱི་འདུ་འཛོམས་དེ་ནི་གཞོན་སྐྱེས་ནང་ཁུལ་བར་བསམ་ཚུལ་བརྗེ་རེས་ཀྱི་ལྷན་ཚོགས་ཤིག་ཡིན་པའི་ཁར། བོད་རིགས་གཞོན་སྐྱེས་རྣམས་ཀྱི་དཀའ་ངལ། བོད་མིའི་སྒྲིག་འཛུགས་དང་བོད་རིགས་གཞོན་སྐྱེས་འབྲེལ་ལམ་གོང་མཐོར། དེ་བཞིན་གཞོན་སྐྱེས་ཚོའི་བོད་མིའི་སྒྲིག་འཛུགས་སོགས་ཀྱི་ཐད་ལ་རྒྱུས་ལོན་བྱ་རྒྱུའི་ལྷན་ཚོགས་ཤིག་ཡིན་སྐོར་སོགས་བརྗོད་བྱུང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ལོ་ཆུང་ཆུང་ཡིན་པའི་སྐབས་སུ་གནས་ཚུལ་དང་བསམ་ཚུལ་གང་མང་མང་ཞིག་ཐོས་པ་དེས། གནས་ཚུལ་ལ་དཔྱད་ཞིབ་བྱ་རྒྱུར་ཕན་ཐོགས་ཡོད་པས། གནས་ཚུལ་གང་ཐུབ་ཐུབ་ཀྱིས་ཉན་འཇོག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་སྤྱི་ཚོགས་ནང་ལས་ཀ་ག་རེ་བྱས་ནའང་གནས་ཚུལ་རྟོགས་པར་བྱ་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་དེ། གནས་ཚུལ་མ་རྟོགས་པ་ཡིན་ན་ལས་དོན་བྱ་མི་ཐུབ་ལ་བརྟག་དཔྱད་ཀྱང་བྱ་མི་ཤེས་པས། གྲུབ་འབྲས་དམིགས་བསལ་ཞིག་འཐོན་རྒྱུ་མེད་པས། ཕྱོགས་ཡོངས་ནས་གནས་ཚུལ་གསལ་རྟོགས་ཐུབ་པ་བྱས་ནས། གཞན་གྱི་རྗེས་སུ་མི་འབྲངས་པར་དཔེ་དེབ་རིགས་མང་ཙམ་བཀླགས་ཏེ། དཔྱད་ཞིབ་དང་གནས་ཚུལ་གསལ་རྟོགས་བྱས་ནས་རང་རང་གི་བསམ་བློ་བཏང་ནས་རང་ཐག་རང་གིས་གཅོད་དགོས་པ་རེད། ཅེས་དང་། ང་ཚོའི་ལས་འགན་གཙོ་བོ་གཉིས་ལས་གཅིག་ནི་བོད་རྒྱའི་དཀའ་རྙོག་སེལ་ཐབས་དེ་རེད། བོད་རྒྱའི་དཀའ་རྙོག་སེལ་ཐབས་ད་ལྟ་གཏན་ལ་ཕབ་པ་དེ་དབུ་མའི་ལམ་གྱི་སྲིད་ཇུས་རེད། དབུ་མའི་ལམ་གྱི་སྲིད་ཇུས་འགྱུར་བ་གཏོང་དགོས་ནའང་ང་སྲིད་སྐྱོང་དང་སྤྱི་འཐུས་སོགས་མི་སྒེར་གཅིག་གིས་འགྱུར་བ་གཏོང་ཐབས་མེད་པ་རེད་ལ།  མ་འོངས་པར་འགྱུར་བ་གཏང་དགོས་ན་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བརྒྱད་ཀྱི་དགོངས་དོན་བཞིན་མང་མོས་ཀྱི་བརྒྱུད་རིམ་ཞིག་འགྲོ་དགོས་པས་ད་བར་དབུ་མའི་ལམ་གྱི་སྲིད་ཇུས་དེ་འཛིན་གྱི་ཡོད་ལ། བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅུ་དྲུག་པས་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་གྱི་ཡོད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། བོད་པའི་སྤྱི་ཚོགས་ནང་རང་བཙན་དང་དབུ་མ་བཤད་ནས་རྩོད་རྒྱག་རེས་བྱས་པ་དེས་ཅི་ཡང་མི་ཕན་པས། ཚང་མས་མཉམ་རུབ་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་ཀྱི་ཐད་ལ་ནུས་པ་མཉམ་སྤུངས་བྱ་དགོས་ཤིང་། དེང་གི་ཆར་ཨ་རིའི་ནང་གཙོས་རྒྱལ་ཁབ་མང་པོ་ཞིག་གི་ནང་བོད་རིགས་གཞོན་སྐྱེས་མང་དག་ཅིག་གིས་བོད་དོན་ཞུ་གཏུག་གི་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ། ཕྱོགས་མང་པོ་ཞིག་ནས་བོད་དོན་ཞུ་གཏུག་སོགས་ཀྱི་ཐད་ལ་གྲུབ་འབྲས་མི་དམན་པ་ཞིག་ཐོན་ཡོད་པས། གཞོན་སྐྱེས་ཚང་མས་མཉམ་རུབ་ཀྱི་ལས་དོན་གཉེར་ནས་ཐབས་ཇུས་བསྟན་དགོས་སྐོར་དང་། གཞོན་སྐྱེས་དག་ནི་མ་འོངས་པའི་བོད་ཀྱི་མགོ་ཁྲིད་ཡིན་པས། ཕྱོགས་ཡོངས་ནས་ཐབས་ཤེས་གསར་པ་དང་། མཉམ་རུབ་ཀྱི་ནུས་པ་སྤུངས་འཇོག དེ་བཞིན་འདུ་འཛོམས་རིགས་ནང་མཉམ་ཞུགས་བྱས་ནས་ནུས་པ་ཐོན་ཐུབ་པར་བྱ་རྒྱུ་དེ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༩ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese