མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་ཐོབ།

བོད་ཀྱི་དུས་བབ།
༢༠༢༤/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་རྟིང་རྩོད་འགྲན་སྡུར་ཁྲོད་བོད་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་ཐོབ་འདུག

རྒྱ་ནག་རྒྱལ་ཡོངས་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་སྡུར་ཁྲོད། བོད་པའི་བུ་མོ་ཚེ་རིང་མཚོ་མོས་སྨི་ ༥༠༠༠ ཅན་གྱི་རྒྱང་རྒྱུག་འགྲན་སྡུར་ལས་ཨང་པོ་བླངས། སྤྱི་ཚོགས་དྲ་ལམ་གྱི་པར།

ཕྱི་ཟླ་ ༦ ཚེས་ ༢༨ ནས་ ༣༠ ཉིན་གྲངས་གསུམ་རིང་རྒྱ་ནག་ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་དུ། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་རྟིང་རྩོད་འགྲན་སྡུར་འཚོགས་ཡོད་ཅིང་། ཐེངས་འདིའི་རྩེད་འགྲན་ནང་རྒྱ་ནག་རྒྱལ་ཡོངས་ཀྱི་ལུས་རྩལ་པ་གྲངས་ ༩༠༠ ལྷག་གིས་འགྲན་སྡུར་བྱས་ཡོད་པའི་ཁྲོད།  བོད་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོས་བུད་མེད་ཀྱི་འགྲན་རྒྱུག་སྨི་ ༥༠༠༠ ལས་སྐར་མ་ ༡༥ དང་སྐར་ཆ་ ༣༨ ། གྲངས་ཆུང་ ༧༢ ཀྱི་གྲུབ་འབྲས་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་ཡོད་འདུག

སྐབས་དེར་བོད་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོ་ལགས་ཀྱིས། ཐེངས་འདིའི་འགྲན་ཁུལ་དུ་ངས་ན་ནིང་འགྲན་རྒྱུག་འགྲན་སྡུར་བྱས་པ་ཡིན། ད་ལན་ཡང་འགྲན་སྡུར་བྱེད་པའི་གོ་སྐབས་ཐོབ་པ་རང་ཉིད་ཀྱི་དམིགས་ཡུལ་ཆེད་དུ་ཡིན། འགྲན་སྡུར་ནང་བདམས་ཐོན་བྱུང་རྗེས་གྲ་སྒྲིག་ཀྱི་དུས་ཡུན་བདུན་ཕྲག་གཉིས་ལས་མི་འདུག བདུན་ཕྲག་གཅིག་རིང་སྦྱོང་བརྡར་བྱས་ཏེ་འགྲན་རྒྱུག་བྱས་པ་རེད། ལོ་ཁ་ཤས་རིང་སྨི་ ༥༠༠༠ གི་འགྲན་རྒྱུག་བྱས་མྱོང་མེད་པས་ཐེངས་འདིར་རྒྱལ་ཁ་ཐོབ་མིན་མ་ཤེས་ཀྱང་། འགྲན་ཞུགས་བྱེད་རྒྱུ་ནི་རང་ཉིད་ཀྱི་དམིགས་ཡུལ་ཡིན། འགྲན་སྡུར་སྐབས་སུ་ངའི་རྒྱབ་མདུན་ཀྱི་ལུས་རྩལ་པ་རྣམས་འགྲན་རྒྱུག་བྱས་པ་ཁྱད་པར་དུ་འཕགས་པ་ཞིག་རེད་ལ། ངས་ཀྱང་ཧུར་ཐག་འབད་ཐག་བྱས་པའི་མཐའ་མར་རྒྱལ་ཁ་ཐོབ་སོང་། འགྲན་སྡུར་ཁྲོད་ནས་རང་ཉིད་ལ་མ་འོངས་བའི་སྤོབས་པ་སྤྲད་ཀྱི་འདུག ལུས་རྩལ་པ་རྣམས་ལ་ཨོ་ལིམ་ཕིག་རྩེད་འགྲན་སོགས་སུ་འགྲན་ཞུགས་བྱེད་འདོད་པའི་ཕུགས་བསམ་ཡོད་པ་རེད། ངས་ཀྱང་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

དེ་བཞིན་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༣ ཉིན་ནས་ཉིན་གཉིས་རིང་རྒྱ་ནག་ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་དུ། རྒྱ་ནག་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བྱ་དགའ་ཆེན་མོའི་འགྲན་སྡུར་ནང་།  རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ ༣༡ ནས་ཡོང་བའི་ཆེད་ལས་ལུས་རྩལ་པ་ ༡༠༠༠ ལྷག་འགྲན་ཞུགས་བྱས་ཡོད་པའི་ཁྲོད། བོད་རང་སྐྱོང་ལྗོངས་ཟེར་བ་ནས་ལུས་རྩལ་པ་ ༡༩ འགྲན་ཞུགས་ཡོད་ཅིང་། སྐབས་དེའི་སྐྱེས་པའི་སྨི་ ༣༠༠༠ གི་འགོག་རྐྱེན་འགྲན་བསྡུར་ནང་བོད་ཀྱི་ལུས་རྩལ་པ་བཀྲ་ཤིས་ཚེ་རིང་གིས་སྐར་མ་ ༨ དང་སྐར་ཆ་ ༤༢ ། གྲངས་ཆུང་ ༥༤ ཡི་གྲུབ་འབྲས་ཐོབ་སྟེ་གསེར་གྱི་རྟགས་མ་དང་།  སྐྱེས་པའི་སྨི་ ༡༠༠༠༠ གི་འགྲན་བསྡུར་ནང་སྐར་མ་ ༢༩ དང་སྐར་ཆ་ ༢ ། གྲངས་ཆུང་ ༢༡ གི་གྲུབ་འབྲས་བླངས་ཏེ་དངུལ་གྱི་རྟགས་མ་ཐོབ་འདུག  དེ་བཞིན་བོད་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོས་བུད་མེད་ཀྱི་སྨི་ ༡༠༠༠༠ གི་འགྲན་བསྡུར་ནང་སྐར་མ་༣༢ དང་སྐར་ཆ་ ༤༥ ། གྲངས་ཆུང་ ༤༩ གྲུབ་འབྲས་བླངས་ཏེ་ཨང་གཉིས་པ་ཐོབ་ཡོད་འདུག

བོད་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོ་ནི་ཕྱི་ལོ་ ༡༩༩༧ ལོར་བོད་གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༢༠༡༡ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ལུས་རྩལ་ལག་རྩལ་སློབ་གླིང་གི་རྒྱང་རྒྱུག་འབྲིང་བའི་སྡེ་ཁག་ནས་སྦྱོང་བརྡར་བྱས་ཏེ། ཁུལ་དེའི་འབྲིང་རྒྱུག་རུ་ཁག་གི་རྐང་འཛིན་པ་དང་བུད་མེད་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་ཡོད་ཅིང་། བུད་མེད་རྒྱང་རྒྱུག་སྨི་ ༥༠༠༠ དང་སྨི་ ༡༠༠༠༠ ཡི་ཟིན་ཐོ་འཁོད་འདུག ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་རྒྱལ་ཡོངས་མཆོང་རྒྱུག་འཕེན་གསུམ་གྱི་བུད་མེད་ཀྱི་རྒྱང་རྒྱུག་སྨི་ ༥༠༠༠ གི་འགྲན་སྡུར་ནང་སྐར་མ་ ༡༦ དང་སྐར་ཆ་ ༣༦ ། གྲངས་ཆུང་ ༨༣ གྲུབ་འབྲས་བླངས་ཏེ་རྒྱལ་ཁ་ཐོབ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༩ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese