མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་འཚོགས།

བོད་ཀྱི་དུས་བབ།
༢༠༢༤/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་བཅུ་བདུན་པ་འཚོགས་ཏེ་སྐབས་བདུན་པའི་རྒྱུན་ལས་གསར་འདེམས་བྱ་རྒྱུ་ཡིན་འདུག

དྷ་ས་ས་གནས་མགོ་འཛིན་ཚོགས་ཁང་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་བཅུ་བདུན་པ་འཚོག་བཞིན་པ། ༢༠༢༤།༧།༣ དུས་བབ་ཀྱི་པར།

དེ་རིང་དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་བཅུ་བདུན་པ་འཚོགས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་དང་། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་འདུས་ལགས། དྷ་ས་ས་གནས་མགོ་འཛིན་དང་། ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་བཅས་འཛོམས་འདུག

ཐོག་མར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་འདུས་ལགས་ཀྱིས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འདས་པའི་ལོ་གཅིག་རིང་གི་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་གནང་བ་དང་། ཕྱི་ལོ་ ༢༠༠༥ ལོར་བཀའ་ཤག་གིས་རྒྱ་གར་གྱི་ཁྲིམས་མཐུན་འོག་གཞུང་འབྲེལ་མིན་པའི་བོད་མིའི་ཚོང་ལས་བདེ་ཚོགས་གསར་འཛུགས་གནང་ཡོད་པ་དང་། ད་ལྟའི་ཆར་བལ་ཡུལ་ནས་ཚོགས་མི་ ༦༠ ཙམ་དང་རྒྱ་གར་ནང་ཚོགས་མི་ ༧༠ ཙམ་ཡོད་ཅིང་། ད་བར་ཚོང་ལས་བདེ་ཚོགས་ཀྱིས་ལོ་ལྟར་བོད་མི་ཚོང་པ་ཁག་ཅིག་ལ་ཚོང་ལས་དང་འབྲེལ་བའི་ཟབ་སྦྱོང་སྤྲད་དང་སྤྲོད་མུས་ཡིན་སྐོར་སོགས་བརྗོད་གྲུབ་མཚམས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་དངུལ་གཉེར་བ་ནས་ལོ་འཁོར་དངུལ་རྩིས་སྙན་སྒྲོན་གནང་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཀྱིས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་སྒྲིག་འཛུགས་འདི་སྲ་བརྟན་དུ་གནས་པར་ལེགས་སྐྱེས་གང་འདྲ་ཕུལ་དགོས་པ་དང་། ཚོགས་མིའི་ངོས་ནས་ག་རེ་གནང་དགོས་ཀྱི་འདུག སྒྲིག་འཛུགས་བཙུགས་རྗེས་དེའི་ལས་དོན་ལམ་ལྷོངས་མ་བྱུང་ན་ཚོགས་མི་ཡོངས་ཀྱི་ལས་དོན་ལམ་ལྷོངས་མི་འབྱུང་བ་དང་གཅིག་པ་རེད། དེར་བརྟེན་སྒྲིག་འཛུགས་སྲ་བརྟན་དང་ཡུན་གནས་ཐུབ་པར་ཚོགས་མི་ཡོངས་ཀྱིས་སྤྱི་པ་གལ་ཆེ་བར་བརྩིས་ནས་སྤྱི་པའི་སྒྲིག་འཛུགས་ཚད་ལྡན་བཟོ་དགོས་གལ་ཆེ་སྐོར་དང་། ད་ལྟའི་བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་བལྟས་ན། ད་ལྟའི་ཆར་རྒྱ་གར་ནང་བོད་མི་ཉུང་དུ་འགྲོ་ཡི་ཡོད་པ་དང་། ལོ་ངོ་བཅུའི་རྗེས་སུ་རྒྱ་གར་ནང་གི་བོད་མི་ཇེ་ཉུང་དུ་འགྲོ་ཉེན་ཆེ་བར་བརྟེན། གཞིས་ཆགས་ཁག་ཏུ་མི་གནས་ཐུབ་ཐབས་སུ་འཚོ་བའི་མཐུན་རྐྱེན་ཡར་རྒྱས་གཏོང་བའི་ལས་འཆར་འདྲ་མིན་སྤེལ་དགོས་པ་དང་། གཞོན་སྐྱེས་རྣམས་ཀྱི་ཚོང་གི་ནུས་པ་གོང་མཐོར་གཏོང་གལ་ཆེ་སྐོར། དེ་བཞིན་སྒྲིག་འཛུགས་གང་འདྲ་ཞིག་ཡིན་རུང་རྒྱ་གར་གྱི་ཁྲིམས་དང་སྒྲིག་གཞི་ལ་ཉམས་ལེན་ལེགས་པོ་གནང་ནས་ཁྲིམས་དང་མཐུན་པའི་ཐོག་ནས་ཚོང་ལས་བརྒྱག་དགོས་པ་དང་། དཔྱ་ཁྲལ་དང་དེབ་སྐྱེལ་བྱེད་སྟངས་སོགས་དང་འབྲེལ་བའི་གོ་རྟོགས་དང་ལས་གཞི་གང་མང་སྤེལ་དགོས་སྐོར་སོགས་བརྗོད་སོང་།

ཉིན་རྒྱབ་ཏུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་དངུལ་རྩིས་ཐོག་བགྲོ་གླེང་བྱ་རྒྱུ་དང་། ལོ་རྗེས་མའི་འགྲོ་གྲོན་བཀའ་ཁྲོལ་གནང་རྒྱུ། དེ་བཞིན་སྐབས་བདུན་པའི་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་རྒྱུན་ལས་གསར་འདེམས་བྱ་རྒྱུ་བཅས་རེད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༩ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese