མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་དྲག་སྐྱེད་ཆེན་པོ་བཞེས།

བོད་ཀྱི་དུས་བབ།
༢༠༢༤/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་དྲག་སྐྱེད་ཆེན་པོ་བཞེས་ཏེ་ཁོར་ཡུག་སྐྱིད་ས་ཞིག་ལ་ཕེབས་རྒྱུ་རེད་འདུག

༧གོང་ས་རྒྱལ་བ་རིན་པོ་མཆོག ༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་བོད་ལུགས་སྐུ་བཅར་སྨན་པ་རྟ་མགྲིན་ལགས། བོད་ཀྱི་དུས་བབ་ཀྱིས་སྒྲིག་བཟོ་བྱས།

ཁ་སང་ཕྱི་ཚེས་ ༣ ཉིན་༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་། བོད་ལུགས་སྐུ་བཅར་སྨན་པ་རྟ་མགྲིན་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཕྲོད་བཞེས་དང་འབྲེལ་བའི་བརྙན་ལམ་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་ནང་། ༧གོང་ས་མཆོག་གི་ཞབས་པུས་སྨན་བཅོས་གཞན་དང་མ་འདྲ་བའི་དྲག་སྐྱེད་མྱུར་པོ་བཞེས་ཀྱི་ཡོད་སྟབས། སྐུ་ངལ་ཡག་པོ་གསོ་ཆེད་མཁའ་དབུགས་གཙང་ཞིང་ཁོར་ཡུག་སྐྱིད་པོ་ཞིག་ལ་གནས་སྤོ་རྒྱུ་ཡིན་སྐོར་གསུངས་འདུག

༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། དེ་རིང་ངས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་གནས་སྟངས་ཀྱི་སྐོར་ལ་ཚིག་ཁ་ཤས་ཞུ་ཡི་ཡིན། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཤག་བཅོས་གནང་སྟེ་ཉིན་ལྔ་པ་དེ་རེད། ཉིན་ལྔ་པའི་སྟེང་སྨན་པ་དང་ལུས་རྩལ་གྱི་སྨན་པ་རྣམ་པ་གཉིས་ཀྱིས་ཞིབ་འཇུག་གནང་དུས། ༧གོང་ས་མཆོག་གི་༧སྐུའི་འཕྲོད་བཞེས་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད་པ་མ་ཟད། སྤྱིར་བཏང་གི་ནད་པར་སྨན་བཅོས་དེ་འདྲ་བྱས་ནས་དྲག་སྐྱེད་འགྲོ་རྒྱུ་ལས་༧གོང་ས་མཆོག་གི་དྲག་སྐྱེད་ཞེ་དྲགས་ཀྱིས་མགྱོགས་པ་འདུག ཅེས་གསུང་གི་འདུག གཙོ་བོ་མི་ཚང་མས་སེམས་འཚབ་བྱ་ས་གཅིག་ནི་སྙུང་གཟེར་ཆེ་ཆུང་གང་འདྲ་ཡིན་མིན་ཐད་ལ་སེམས་འཚབ་བྱེད་ཀྱི་ཡོད་པ་རེད། སྙུང་གཟེར་ཧ་ལས་པ་ཉུང་ཉུང་ཆགས་བསྡད་འདུག ཞབས་གོམ་ཡང་བསྐྱོན་ཐུབ་ཀྱི་འདུག གང་ཅིའི་ཐོག་ནས་ཡར་རྒྱས་འགྲོ་བཞིན་པ་རེད་འདུག ཉིན་རེར་ཡར་རྒྱས་ཕེབས་ཀྱི་འདུག ང་ཚོའི་འཆར་གཞིའི་ཐོག་ནས་ཉིན་ཤས་རྗེས་༧རྒྱལ་བ་རིན་པོ་ཆེ་མཆོག་ནེའུ་ཡོག་གྲོང་ཁྱེར་ནས་ས་ཁུལ་གཞན་གུ་ཡངས་པ་དང་། རླུང་གཙང་བ། ཡུལ་ལྗོངས་ཡག་པོ་ཡོད་ས་ཞིག་ལ་སྐུ་ངལ་གསོ་རྒྱུའི་འཆར་གཞི་གདིང་རྒྱུ་ཡིན། ད་ལྟའི་ཆར་བོད་ཕྱི་ནང་གཉིས་ཀའི་ནང་ཡོད་པའི་བོད་མི་ཡོངས་རྫོགས་ཀྱིས་སེམས་འཚབ་ཞེ་དྲགས་གནང་ནས་བཞུགས་ཡོད་པ་རེད། རྩ་བ་ཉིད་ནས་ཐུགས་ཁྲལ་གནང་དགོས་རྒྱུ་མི་འདུག་ཞུ་རྒྱུ་ཡིན། ཐུགས་ལྷོད་ལྷོད་བྱས་ནས་བཞུགས་རོགས་གནང་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

བོད་ལུགས་སྐུ་བཅར་སྨན་པ་རྟ་མགྲིན་ལགས་ཀྱིས། བོད་ལུགས་ཀྱི་ཐོག་ནས་༧སྐུའི་འཕྲོད་བཞེས་ཞུས་པ་ཡིན་ན། གོང་དུ་གསུངས་པ་ནང་བཞིན་༧སྐུའི་ཞབས་པུས་ཀྱི་སྨན་བཅོས་ཧ་ལས་པའི་ལམ་ལྷོངས་དང་། ཡག་པོ་ཞེ་དྲགས་བྱུང་སོང་། བོད་ལུགས་ཀྱི་ཐོག་ནས་རྩ་དང་ཆུའི་ཐོག་ནས་སྐུ་བཅར་ཞུས་ཏེ་བརྟག་དཔྱད་ཞུ་དུས། སྐུ་ཁམས་ཚང་མ་དཔེ་ཡག་པོ་ཡོད་པ་དང་། ཞབས་པུས་ཀྱི་དྲག་སྐྱེད་ཡར་སྔོན་ཟླ་བཞིན་བཟང་དུ་ཕེབས་ཏེ་གོམ་པ་བསྐྱོན་གནང་རྒྱུ་སོགས་དཔེ་ཡག་པོ་བྱུང་སོང་། མི་ཚང་མས་ཐུགས་ཁྲལ་རྩ་བ་ནས་གནང་དགོས་ཀྱི་མི་འདུག སྐུ་ཁམས་བཟང་པོ་འདུག ཚང་མ་བློ་བདེ་པོ་གནང་རོགས་གནང་། ཞེས་གསུངས་སོང་།

དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱར་གསལ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཆར་ལྟར་ན། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༢ དང་ ༡༣ ཉིན་གྲངས་གཉིས་རིང་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་རྣམས་ལ་ཆོས་འབྲེལ་དང་། ཕྱི་ཟླ་ ༩ ཚེས་ ༡༨ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་དང་།  བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་རྫོང་ཁག  ཌལ་ཧོར་སློབ་ཟུར་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། དེ་བཞིན་ཕྱི་ཟླ་ ༩ ཚེས་ ༣༠ ནས་ཉིན་གྲངས་གཉིས་རིང་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱོད་འཇུག་ཆེན་མོའི་ལེའུ་བརྒྱད་པའི་ཆོས་འབྲེལ་བསྩལ་རྒྱུ་དང་། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese