མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕམ་མི་རུང་བའི་ཚོད་ལྟ་ཞིག་ཡིན།

བོད་ཀྱི་དུས་བབ།
༢༠༢༤/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་ཧིལ་སིན་ཁི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩས་རྒྱལ་ཚོགས་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་སེང་ཞུས་འདུག

ཡུ་རོབ་ཧིལ་སིན་ཁི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩའི་སྐུ་ཚབ་མེ་ལེན་ཡ་ལགས། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཡུ་རོབ་ཧིལ་སིན་ཁི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩའི་(Helsinki Foundation for Human Rights)ཚོགས་གཙོ་ལྕམ་མེ་ལེན་ཡ་ (Mélanie Blondelle) ལགས་ཀྱི་མིང་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༥༦ པའི་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ཞིག་ཕུལ་ཡོད་འདུག

སྙན་ཞུ་དེའི་ནང་། འདས་པའི་ལོ་གཉིས་ལྷག་གི་ནང་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་ཉེན་བརྡ་བཏང་ཡོད་ཅིང་།  དེའི་ཁྲོད་དུ་བོད་ཕྲུག་ས་ཡ་གཅིག་ཙམ་རང་ཉིད་ཀྱི་ནང་མི་དང་ཁ་བྲལ་དུ་བཏང་སྟེ་རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཙན་གྱིས་མངག་གཏོང་བྱེད་ཀྱི་ཡོད་པ་དང་། ངལ་རྩོལ་བསྒྱུར་བཀོད་ཀྱི་སྲིད་ཇུས་ལག་བསྟར་བྱས་པ། བོད་མི་འབོར་ཆེན་བཙན་གྱིས་གནས་སྤོ་བྱས་བཅུག་པ། བོད་ཀྱི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་རྣམས་བཙོན་འཇུག་བྱས་ཏེ་མནར་གཅོད་ཚད་མེད་བཏང་ཡོད་པ་མ་ཟད།  བཙོན་ཁང་ནས་ཤི་བ་དང་གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནས་ཚུལ་ཐོན་ཡོད། སྔོན་མ་བྱུང་མྱོང་མེད་པའི་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་ཐོག་གྲོས་གཞི་བཏོན་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བློ་ཕམ་བྱུང་བའི་རྣམ་པ་བསྟན་གྱི་ཡོད་ཅིང་། ང་ཚོས་ཀྱང་འདི་ལ་དགའ་བསུ་ཞུ་བཞིན་ཡོད་པ་མ་ཟད། འདི་ནི་བོད་ནང་གི་དངོས་ཡོད་གནས་སྟངས་ངོས་འཛིན་བྱས་པ་ཙམ་མ་ཡིན་པར། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྩ་དོན་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད། རྒྱ་ནག་གཞུང་གིས་བོད་དོན་གྱི་དམིགས་བསལ་གྲོས་འཆར་དོན་ཚན་ ༢༣ ལས་བརྒྱ་ཆ་ ༧༠ ཁས་ལེན་བྱས་མེད་པ་དང་། དོན་ཚན་གཞན་རྣམས་ཁས་ལེན་བྱས་ཏེ་ལག་བསྟར་བྱས་ཟིན་ཟེར་བའང་དོན་དངོས་དང་མི་མཐུན་པ་ཞིག་རེད། ཅེས་འཁོད་འདུག

དེ་བཞིན་སྙན་ཞུ་དེའི་ནང་། ཡུ་རོབ་མནའ་འབྲེལ་མཐུན་ཚོགས་དང་རྒྱལ་ཁབ་ཁག་ཅིག་གིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་། དམིགས་བསལ་སྙན་ཞུ་བ་རྣམས་བོད་ནང་དུ་བཀག་སྡོམ་མེད་པར་རང་དབང་ཐོག་འགྲོ་ཆོག་པའི་འབོད་སྐུལ་ཞུས་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་བོད་ནང་དུ་འགྲོ་བསྐྱོད་བྱ་རྒྱུ་བཀག་སྡོམ་བྱས་ཡོད་པ་མ་ཟད། དེ་ལས་ལྡོག་སྟེ་སྤྱི་ཚོགས་ཡར་རྒྱས་ཀྱི་གནས་ཚུལ་རྫུན་མ་རྣམས་དྲིལ་བསྒྲགས་བྱས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་གཡོ་ཐབས་འདི་དག་ཤེས་དགོས་པ་ཞིག་ཡིན། འགྲོ་བ་མིའི་ཐོབ་ཐང་ནི་ཕྱི་གསལ་ནང་གསལ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་ནན་བརྗོད་བྱེད་དགོས། ལོ་མང་པོའི་དུས་ཡུན་རིང་བོད་ནང་བཙན་གནོན་གྱི་འཇིགས་སྐྲག་ཆེ་བའི་ཁོར་ཡུག་གི་རྐྱེན་གྱིས། བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཁག་དང་། ལྷག་པར་དུ་ཨ་རིའི་གྲོས་ཚོགས་ནང་རང་དབང་གིས་འབྲེལ་བ་བྱེད་ཐུབ་ཀྱི་མེད།

ཛ་དྲག་གི་གནས་སྟངས་ལ་ཐུག་ཀྱང་ཞི་བདེའི་ཐོག་འགྱུར་བ་གཏོང་བའི་གདམ་ག་ཡོད་པ་བཞིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱོགས་གཉིས་ཀྱི་བསམ་འདུན་དང་མཐུན་པའི་གྲོས་མོལ་གྱི་ལམ་བུ་ཞིག་འཚོལ་བཞིན་ཡོད། རྒྱ་གཞུང་གིས་གོ་སྐབས་འདི་དམ་འཛིན་བྱེད་དགོས་པ་མ་ཟད།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནོན་ཤུགས་སྤྲོད་དགོས། རྒྱ་ནག་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་ཁོངས་ཡིན་པའི་ཆ་ནས། རྒྱ་གཞུང་གིས་བོད་མིའི་ཐོབ་ཐང་ལ་བརྩི་བཀུར་ཆ་ཚང་བྱས་པའི་ཐོག་ནས་མཐོ་སྒང་བོད་ཀྱི་དཀའ་རྙོག་དག་གི་གཞི་རྩ་ཐག་གཅོད་བྱེད་དགོས། བོད་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་དེའི་བརྒྱུད་ནས་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་ནུས་པར་ཚོད་ལྟ་བྱེད་སྤྱད་ཅིག་ཆགས་ཡོད་ལ། འདི་ནི་ཕམ་མི་རུང་བའི་ཚོད་ལྟ་ཞིག་རེད། ཅེས་འཁོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༥༦ པ་དེ་ཕྱི་ཟླ་ ༦ ཚེས་ ༡༨ ནས་ཕྱི་ཟླ་ ༧ ཚེས་ ༡༢ བར་དུ་སུད་སི་ཇི་ནེ་ཝ་གྲོང་ཁྱེར་དུ་འཚོག་བཞིན་ཡོད་པ་དང་།  ཐེངས་འདིའི་དབུ་འབྱེད་མཛད་སྒོའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ཨོ་མཱར་ཛི་ནི་གྷར་ (Omar Zniber) མཆོག་གི་གཙོས་ཚོགས་མི་ཝོལ་ཁེར་ཊུར་ཁི་(Volker Türk) ལགས་བཅས་རྒྱལ་ཁབ་འདྲ་མིན་གྱི་འགྲོ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ ༤༧ མཉམ་ཞུགས་གནང་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༢ ཚེས་ ༢༦ ནས་ལོ་དེའི་ཕྱི་ཟླ་ ༤ ཚེས་ ༥ བར་སུད་སི་ཇི་ནེ་ཝ་གྲོང་ཁྱེར་དུ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༥ འཚོགས་ཡོད་ཅིང་། སྐབས་དེར་སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་ཞུ་གཏུག་འབྲེལ་ལས་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་བོད་དོན་སྐོར་གྱི་བསྒྲགས་གཏམ་སྒྲོགས་སྦྱང་གནང་བའི་ནང་། བོད་ཐེ་བའི་རྒྱ་ནག་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར་དང་། རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་གཏོར་གཏོང་བཞིན་ཡོད་པའི་སྐོར། བོད་ཕྲུག་ས་ཡ་གཅིག་ཙམ་མི་སེར་སྤེལ་ཡུལ་གཏན་སློབ་ཁག་ཏུ་བཙན་འཇུག་བྱེད་བཞིན་པའི་སྐོར།  བོད་མིའི་རིགས་རྫས་བརྟག་དཔྱད་བྱེད་བཞིན་པའི་སྐོར། གར་སོང་ཆ་མེད་དུ་གྱུར་བའི་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་ཛ་དྲག་གི་གནས་སྟངས་སྐོར་སོགས་ལ་གསལ་བཤད་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese