མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རིག་བཀའ་བློན་མཆོག་ནས་ཉི་ཧོང་གྲོས་ཚོགས་ནང་བོད་དོན་གསུང་བཤད་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཊོག་ཡོ་མ་བྷ་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་གཏན་སློབ་ནི་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་འཆར་གཞི་ངན་པ་ཞིག་ཡིན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཉི་ཧོང་གྲོས་ཚོགས་ནང་དུ་ཕེབས། ༢༠༢༤།༠༧།༠༨ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༨ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཉི་ཧོང་གྲོས་ཚོགས་ནང་ཕེབས་ཏེ་བོད་དོན་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བུན་ (Shimomura Hakubun) མཆོག་དང་། ལྕམ་སྐུ་ཨི་ཤི་ཤི་ཐོ་ཀོ་ (Ishii Mitsuko) ལགས། སྐུ་ཞབས་རུའུ་ཧི་རོ་ཧྥུ་མི་ (Ryu Hirofumi) ལགས་སོགས་དང་མཇལ་འཕྲད་གནང་ཡོད་འདུག

ཉི་ཧོང་གྲོས་ཚོགས་སུ་གསུང་བཤད་གནང་སྐབས་བཀའ་བློན་མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་དུ་བཅའ་སྡོད་སློབ་གྲྭ་མང་པོ་ཆེད་འཛུགས་ཀྱིས་བོད་ཀྱི་སློབ་ཕྲུག་རྣམས་རང་རང་གི་ཕ་མ་དང་ཁ་བྲལ་དུ་བཅུག་སྟེ་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་སྲིད་ཇུས་སྤེལ་བཞིན་ཡོད་པ་དང་། བོད་ཀྱི་སྐད་ཡིག་དང་ཆོས་རིག་སོགས་རྩ་མེད་དུ་བཏང་སྟེ་བོད་མིའི་ངོ་བོ་ཤུལ་མེད་དུ་བཟོ་ཐབས་བྱེད་མུས་ཡིན་པའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་ཚད་ལས་འདས་པའི་དྲག་གནོན་བྱས་ཏེ། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་མོས། བོད་ནང་གི་བོད་མི་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐོར་སོགས་ངོ་སྤྲོད་གནང་བ་བརྒྱུད། ཉི་ཧོང་གྲོས་ཚོགས་དང་གཞུང་དམངས་གཉིས་ནས་བོད་དོན་ཐད་ལ་མུ་མཐུད་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་ཡོད་འདུག

ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༡ ནང་མཉམ་འབྲེལ་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་བསྐྱར་ཞིབ་སྐབས། ཉི་ཧོང་གཞུང་གིས་རྒྱ་ནག་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་ཐེར་འདོན་དང་སྐྱོན་བརྗོད་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པའི་ཁར། རྒྱ་ནག་གཞུང་གིས་ཐབས་མཁས་པོས་ཕྱོགས་མང་པོ་ཞིག་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཚུད་པའི་བོད་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་མུས་ཡིན་སྐོར་སོགས་འགྲེལ་བརྗོད་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཤེས་རིག་བཀའ་བློན་མཆོག་ནས་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་རུ་རྟེན་གཞི་བྱས་པའི་ཊོག་ཡོ་ཀོ་མ་བྷ་(Tokyo Komaba)  གཙུག་ལག་སློབ་གཉེར་ཁང་དུ། རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་གཏན་སློབ་ནི་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་འཆར་གཞི་ངན་པ་ཞིག་ཡིན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་ཅིང་། བཀའ་བློན་མཆོག་གིས། ང་ཚོ་ཚང་མ་མཉམ་རུབ་ཀྱིས་ལངས་ཏེ་རྒྱ་ནག་གཞུང་ལ་གཏན་སློབ་དེ་དག་སྒོ་རྒྱག་ཏུ་འཇུག་དགོས་པ་དང་། རྒྱ་གཞུང་གི་ཉེན་ཚབས་ཅན་གྱི་སྲིད་ཇུས་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་དགོས། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་སྤྱིའི་འགན་འཁྲི་སྲུང་སྐྱོབ་དང་། ལྷོ་སོག་ཡུ་གུར་མཚོན་པའི་་མི་རིགས་ཚང་མའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་བྱ་དགོས། དེ་བཞིན་ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་དང་། ལོ་རྒྱུས་ཀྱི་ཐོག་ནས་མི་སེར་སྤེལ་ཡུལ་གཏན་སློབ་ཀྱི་ཉམས་མྱོང་གཅིག་མཚུངས་ཡོད་པའི་མི་རིགས། ཁྲིམས་བཟོ་བ། ཕྲུ་གུའི་ཐོབ་ཐང་ཆེད་མཁས་པ། གྲོས་ཚོགས། གསར་འགྱུར་བརྒྱུད་ལམ། སྤྱི་ཚོགས་དྲ་རྒྱ་བཅས་ཀྱི་མཐུན་གྲོགས་འཚོལ་སྒྲུབ་བྱ་དགོས། རྒྱ་ནག་གཞུང་གིས་སྒོ་བརྒྱབ་པའི་སློབ་གྲྭ་དང་མཐོ་སློབ་ཁག་སླར་ཡང་སྒོ་ཕྱེ་བར་རེ་འདུན་དང་གནོན་ཤུགས་སྤྲད་དགོས། ཞེས་གསུངས་འདུག་ལ། གསུང་བཤད་སྐབས་ལྷོ་སོག་ལྷན་ཚོགས་ཀྱི་སྐུ་ཞབས་དའི་ཆིན་ཨོལ་ཧུན་རྡུ་ (Daichin Olhunud) ལགས་དང་། ཉི་ཧོང་ཡུ་གུར་མཉམ་འབྲེལ་ཚོགས་པའི་སྐུ་ཞབས་རས་ཐེབ་ཨ་ཕུ་མེཊ་ (Retep Afumet) ལགས། ཊོག་ཡོ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཨ་ཁོ་ཊོ་མོ་ཀོ་ (Ako Tomoko) ལགས་སོགས་ཀྱིས་མཉམ་ཞུགས་གནང་འདུག

འདི་གའི་གསར་འགོད་པར་ཤེས་རིག་ལས་ཁུངས་ཀྱིས་བསྐུར་བའི་བཀའ་བློན་མཆོག་གི་མཛད་འཆར་ལྟར་ན། དེ་རིང་ཕྱི་ཚེས ༡༠ ཉིན་བཀའ་བློན་མཆོག་གིས་རི་ཏཱ་ཀུ་དང་ཆི་བྷ་འཕྲུལ་ལས་གཙུག་ལག་སློབ་གཉེར་ཁང་སོགས་སུ་ཕེབས་རྒྱུ་དང་། ཕྱི་ཚེས་ ༡༢ ཉིན་ཁུལ་དེའི་བོད་རིགས་ཁག་ཅིག་ལ་མཇལ་འཕྲད་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༣ ཉིན་ཧེ་ནི་བྷ་གནམ་ཐང་ནས་ཕྱིར་རྒྱ་གར་དུ་ཕེབབས་འཆར་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༢ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese