མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་རན་པའི་བསམ་ཚུལ་འདོན་མཁན་མང་པོ་ཡོང་གི་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ནི་རྒྱ་གར་གྱི་བདེ་འཇགས་ལ་ཧ་ཅང་གལ་འགངས་ཆེ་བས་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་རན་པའི་བསམ་ཚུལ་འདོན་མཁན་མང་པོ་ཡོང་གི་འདུག

ཕྱི་ཟླ་ ༦ ཚེས་ ༡༩ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་མཇལ་ཁ་བསྩལ། བོད་ཀྱི་དུས་བབ་གསར་ཁང་གི་པར།

དེ་རིང་རྒྱ་གར་གྱི་རྩོམ་པ་པོ་ཁུ་ལོ་ཌི་ཨར་པེ་ (Claude Arpi) ལགས་ཀྱིས་རྒྱ་གར་གཞུང་༧གོང་ས་མཆོག་དང་ལྷན་དུ་འབྲེལ་བ་བྱེད་པར་ངོ་གནོང་མི་དགོས་ཞེས་པའི་རྩོམ་ཡིག་ཅིག་སྤེལ་ནས། ད་ལྟའི་ཆར་བོད་དོན་ཐོག་རྒྱ་གར་གཞུང་ཁུ་སིམ་སྡོད་ཀྱིན་པའི་གནས་བབ་ལ་འགྱུར་བ་གཏོང་དགོས་པ་དང་། བོད་དོན་ནི་རྒྱ་གར་གྱིས་གཡོལ་ཐབས་མེད་པའི་ཆབ་སྲིད་ཀྱི་མངོན་འདོད་ཅིག་ཏུ་འགྱུར་རྒྱུ་ཡིན་པ་སོགས་བརྗོད་འདུག

རྩོམ་པ་པོས་རྩོམ་ཡིག་དེའི་ནང་། ཉེ་ལམ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་སར་ཕེབས་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བསྟན་པའི་ཞོར་དུ། རྒྱ་གར་གྱིས་བོད་ཐོག་བཟུང་བའི་སྲིད་ཇུས་ལ་ཉམས་ཚོད་ལངས་ཡོད་པ་མ་ཟད། ཨ་རིས་རྒྱ་གར་བོད་དོན་ཐོག་སློང་འདོད་ཡོད་པ་དང་། རྒྱ་གར་གྱིས་ཀྱང་ཨ་རིའི་སྐུ་ཚབ་ཚོགས་ཆུང་དེར་ཐུག་འཕྲད་བྱས་ཡོད་ཀྱང་། བོད་དོན་ཚིག་འབྲུ་ཙམ་ཡང་གླེང་སློང་བྱས་མེད་སྐོར་བརྗོད་འདུག

རྩོམ་པ་པོས་རྒྱ་གར་གྲོས་ཚོགས་ནང་ ཕྱི་ལོ་ ༢༠༠༦ ནས་ ༢༠༢༣ བར་བོད་རྒྱལ་ཁབ་ཀྱི་མིང་ཅི་ཙམ་གླེང་ཡོད་མེད་ལ་ཉམས་ཞིབ་བྱས་ཤིང་། ཕྱི་ལོ་ ༢༠༠༦ ནས་ ༢༠༡༢ བར་རྒྱ་གར་གྱི་གྲོས་ཚོགས་ནང་ས་མཚམས་དང་དཔལ་འབྱོར་སོགས་དང་འབྲེལ་ནས་བོད་མིང་གླེང་སློང་ཐེངས་ ༣༠ ནས་ ༤༠ བར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ དང་ ༢༠༡༥ ནང་བོད་མིང་ཁྱོན་གླེང་སློང་ཐེངས་ ༡༥ ནས་ ༡༩ བར་བྱས་པ། དེ་བཞིན། ཕྱི་ལོ་ ༢༠༢༣ ལོར་བོད་ཐེངས་ ༤ མ་གཏོགས་གླེང་མེད་པ་སོགས་གསལ་འདོན་བྱས་ཏེ། རྒྱ་གར་གྱི་བདེ་འཇགས་ལ་བོད་དོན་ཧ་ཅང་གལ་འགངས་ཆེ་བ་དང་། རྒྱ་གར་དང་བོད་བར་གྱི་ས་མཚམས་དང་འབྲེལ་ནས་ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་གནད་འགག་ཅིག་ཏུ་གྱུར་ཡོད་སྟབས། རྒྱ་གར་གྱི་གཞུང་འཛིན་མགོ་ཁྲིད་དང་གྲོས་ཚོགས་འཐུས་མི་ཚོས་བོད་ཀྱི་སྐོར་ལ་གླེང་སློང་སྔར་ལྷག་བྱེད་རན་ཞིང་རིམ་བཞིན་མི་བྱེད་ཐབས་མེད་ཞིག་ཏུ་འགྱུར་རྒྱུ་ཡིན་སྐོར་བརྗོད་འདུག

ཡང་རྩོམ་དེའི་ནང་། རྒྱ་གར་རང་བཙན་ཐོབ་མ་ཙམ་ལ་བོད་གཞུང་བཀའ་ཤག་ལ་ཕྱི་འབྲེལ་གྱི་ཉམས་མྱོང་ཞན་པས། བཀའ་ཤག་གིས་མའོ་ཙེ་ཏུང་ལ་བོད་ཀྱི་ཤར་ཕྱོགས་སུ་བཙན་བཟུང་བྱས་པའི་བོད་ཀྱི་ས་ཆ་ཚུར་བོད་པར་རྩིས་སྤྲོད་མ་བྱས་ཚེ། མཇུག་འབྲས་ངན་པ་ཡོང་སྲིད་པའི་འཇིགས་སྐུལ་བྱས་པ་དང་། ཡུན་རིང་མ་འགོར་བར་ནུབ་ཕྱོགས་དང་རྒྱ་གར་སོགས་ཀྱིས་བོད་ལ་རྒྱ་ནག་གི་ཁ་རྩེད་མི་ཉན་པའི་སློབ་སྟོན་བྱས་ཡོད་སྐོར་དང་། ཕྱི་ལོ་ ༡༩༤༩ ཟླ་ ༡༡ ཚེས་ ༣ ཉིན་བོད་གཞུང་བཀའ་ཤག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་ཡེ་གེ་བསྐུར་ནས། བོད་དང་རྒྱ་ནག་གཉིས་བར་ཆོས་དང་འཇིག་རྟེན་གང་གི་ཐད་ནས་འགལ་ཟླ་ཡིན་པ་དང་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་སྟབས། བོད་མཉམ་འབྲེལ་རྒྱལ་ཚོགས་ནང་འཇུག་པར་ཨ་རིའི་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་ཡོད་པ། དེ་བཞིན། ཕྱི་ལོ་ ༡༩༤༩ ལོར་དབྱིན་ཇིའི་གཞུང་གིས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་བསྐྱར་དུ་བསྒྲགས་ཡོད་པ་སོགས་གསལ་འདུག

ཡང་ཉེ་ལམ་རྒྱ་གར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཚབ་པ་ (Dilip Sinha) ལགས་ཀྱིས། བཙན་རྒྱལ་རིང་ལུགས་ཀྱིས་བོད་ནང་དུ་རྩེད་བཞིན་པའི་རྩེད་མོ། རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་འཐབ་རྩོད་ཅེས་པའི་དེབ་ཅིག་བརྩམས་ཏེ། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་ཀྱི་རྟ་དམག་གིས་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་བར་བཙན་འཛུལ་བྱེད་མྱོང་བ་སོགས་ཀྱི་སྐོར་གླེང་སློང་བྱས་འདུག་ལ། བོད་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པ་ནི་རྒྱ་ནག་གཞུང་གིས་ཆེད་དུ་གསར་བཟོ་བྱས་པའི་སྒྲུང་ཞིག་ཡིན་པ་ལས། དོན་དངོས་ཐོག་བོད་ནི་རྒྱལ་རབས་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་སྐོར་དང་། ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་པ་དེས་ད་སྔ་བར་འཛམ་གླིང་རྒྱལ་ཁབ་མང་པོས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པ་དེ་བདེན་པ་མིན་པའི་ཁུངས་སྐྱེལ་གསལ་སྟོན་བྱས་ཡོད་པར་བརྟེན། ད་ནི་རྒྱ་གར་ཡང་བོད་ཀྱི་གནས་བབ་ཐོག་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ཁས་ལེན་བྱས་ཏེ་མི་འདུག་པར། བོད་དེ་རྒྱ་གར་གྱི་ས་ཁམས་ཆབ་སྲིད་དང་འབྲེལ་གནད་དོན་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱ་རྒྱུ་གལ་ཆེན་སྐོར་སོགས་བརྗོད་འདུག

གཞན་ཡང་ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་དུ་ཕེབས་རྗེས། རྒྱ་གར་ནང་རྩོམ་པ་པོ་དང་ཆབ་སྲིད་དཔྱད་བརྗོད་པ། གསར་འགོད་པ་སོགས་མི་མང་པོས་ད་ནི་རྒྱ་གར་གྱིས་བོད་དོན་གླེང་སློང་བྱེད་པའི་དུས་ལ་བབས་སྐོར་གྱི་བསམ་ཚུལ་དང་རྩོམ་ཡིག གསར་འགྱུར་སོགས་མི་ཉུང་བ་བཏོན་དང་འདོན་བཞིན་པ་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese