མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་འོས་བསྡུའི་གྲུབ་འབྲས་ཀྱི་དཀའ་རྙོག་དང་ཨོ་རྩལ་འགྲན་ཚོགས་ཀྱི་སེམས་འཚབ།

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་གྲོས་ཚོགས་ཀྱི་འོས་བསྡུའི་ཁྲོད་མི་མང་མདུན་སྐྱོད་གསར་པའི་ཚོགས་པར་རྒྱལ་ཁ་ཐོབ་ཡོད་ཀྱང་གཞུང་འཛིན་ཚོགས་པ་ཆགས་པར་ད་དུང་འཐུས་མི་ ༡༠༠ དགོས་ཀྱི་ཡོད་སྟབས་གཅིག་སྒྲིལ་མཉམ་འབྲེལ་སྲིད་གཞུང་ཞིག་འཛུགས་ཐུབ་པར་ནང་མོལ་བྱེད་བཞིན་ཡོད་འདུག

Protesters hold a giant French flag on the statue of Marianne as people gather at the Place de la Republique after partial results in the second round of the early French parliamentary elections, in Paris, France, July 7, 2024. REUTERS/Yara Nardi Purchase Licensing Rights

ཡུ་རོབ་ནང་གི་དཔལ་འབྱོར་གནས་བབ་ལེགས་ཤོས་ཨང་གཉིས་པ་དང་། དམག་དོན་གྱི་སྟོབས་ཤུགས་ཆེ་ཤོས་ཧྥ་རན་སིའི་ནང་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ཧྥ་རན་སི་རྒྱལ་ཡོངས་འོས་བསྡུ་གནང་ཡོད་པ་ལྟར། ཧྥ་རན་སིའི་རྒྱལ་ཡོངས་མཐུན་གྲོགས་ (National Rally and allies) ཚོགས་པར་འོས་གྲངས་ ༡༤༣ དང་། མཐུན་འབྲེལ་ཚོགས་པར་ (Ensemble alliance) འོས་གྲངས་ ༡༦༣། མི་མང་མདུན་སྐྱོད་གསར་པའི་ཚོགས་པ་ (New Popular Front) ལ་འོས་གྲངས་ ༡༨༢ ཐོབ་ཡོད་འདུག ཡིན་ནའང་། གཞུང་འཛིན་ཚོགས་པ་ཆགས་པར་ཉུང་མཐར་གྲོས་ཚོགས་ཀྱི་ཞབས་བཀྱག་ ༢༨༩ འཐོབ་དགོས་ཀྱི་ཡོད་སྟབས། ད་ལྟའི་ཆར་སྲིད་དོན་ཚོགས་པ་ཁག་གི་བར་གསང་བའི་ཚོགས་འདུ་བསྡུས་ཏེ་མཉམ་འབྲེལ་འཛིན་སྐྱོང་བྱེད་པར་གྲོས་མོལ་བྱེད་བཞིན་པའི་སྒང་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཧྥ་རན་སིའི་སྲིད་བློན་གྷེ་བྷི་རིལ་ཨ་ཊ་(Gabriel Attal)ལགས་ཀྱིས་ལས་གནས་ནས་རྩ་དགོངས་ཞུ་རྒྱུ་ཡིན་པའི་སྙན་ཞུ་ཕུལ་ཡོད་ཀྱང་། ཉིན་དེར་སྲིད་འཛིན་མེ་ཁོ་རོན་མཆོག་ནས་སྤྱི་ཚོགས་བརྟན་ལྷིང་ཡོང་ཆེད་སྲིད་བློན་གྱི་ཐུགས་འགན་མུ་མཐུད་འཁུར་དགོས་པའི་འབོད་སྐུལ་ཞུས་ཏེ་བཀའ་འཁྲོལ་གནང་མེད་པ་རེད། སྤྱིར་བཏང་ཕྱི་ལོ་ ༡༩༨༦ ཙམ་ནས་བཟུང་ཧྥ་རན་སིའི་སྲིད་འཛིན་ལས་ཐོག་གིས་སྲིད་བློན་འདེམས་སྲོལ་ཡོད་ཀྱང་། ཐེངས་འདིའི་འོས་བསྡུའི་ཁྲོད་སྲིད་འཛིན་གྱི་སྲིད་དོན་ཚོགས་པར་ཕམ་ཉེས་བྱུང་ཡོད་པར་བརྟེན། མ་འོངས་པའི་སྲིད་བློན་དེ་ཆབ་སྲིད་ཚོགས་པ་གཞན་ཞིག་ནས་ཡོང་སྲིད་པའི་ཚོད་དཔག་ཀྱང་བྱེད་བཞིན་འདུག་ལ། ཧྥ་རན་སིའི་མ་འོངས་སྲིད་གཞུང་གསར་པའི་གོ་དབང་དེ་གཡས་ཕྱོགས་མཐུན་འབྲེལ་ཚོགས་པ་(Ensemble alliance)དང་། གཡོན་ཕྱོགས་མི་མང་མདུན་སྐྱོད་གསར་པའི་ཚོགས་པ་(New Popular Front) གང་རུང་ཞིག་ལ་འཐོབ་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག

དེའི་ཐད་ཡུ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་འདི་གའི་གསར་འགོད་པར། ཧྥ་རན་སིའི་ནང་ཨོ་རྩལ་འགྲན་ཚོགས་འཚོག་ལ་ཉེ་བར་བརྟེན། སྲིད་དོན་ཚོགས་པ་ཁག་གསུམ་པོས་གཞུང་གསར་པ་འཛིན་རྒྱུའི་ཆ་རྐྱེན་མ་ཚང་བར་དུ་གནས་སྐབས་རིང་ནུས་པ་མཉམ་སྤུངས་ཀྱི་ནང་མོལ་བྱེད་བཞིན་པ་ཡིན་ལ། ད་ལྟའི་ཆར་མི་མང་མདུན་སྐྱོད་གསར་པའི་ཚོགས་པ་ཡིས་གཞུང་འཛིན་པའི་ཐད་སྐད་ཆ་ཤུགས་ཆེན་ཡོང་གི་ཡོད་ཀྱང་། ཚོགས་པ་དེས་གཞུང་འཛིན་པར་སྲིད་དོན་ཚོགས་པ་གཞན་ནས་ལངས་ཕྱོགས་ཅུང་གུ་ཡངས་ཅན་གྱི་གྲོས་ཚོགས་འཐུས་མི་ ༡༠༠ ཞིག་གི་བློ་འགུག་སྟེ་སྲིད་གཞུང་གསར་པའི་ནང་བློན་ཆེན་སོགས་ཀྱི་གོ་གནས་སྤྲད་པ་ཡིན་ན་གཅིག་སྒྲིལ་མཉམ་འབྲེལ་སྲིད་གཞུང་ཞིག་འཛུགས་ཐུབ་རེ་ཡོད་ལ། འབྱུང་འགྱུར་གྱི་ཉིན་ ༡༠ ནང་ཚུད་གསལ་པོ་ཆགས་འགྲོ་རྒྱུ་ཡིན་སྐོར་དང་། ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཧྥ་རན་སིའི་སྲིད་བློན་གྷེ་བྷི་རིལ་ལགས་ཀྱིས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུས་ཡོད་ཀྱང་། སྲིད་འཛིན་མེ་ཁོ་རོན་གྱིས་དགོངས་ཤོག་ངོས་ལེན་གནང་མེད་པས་ཕྱི་ཟླ་ ༩ ཚེས་ ༡༥ བར་མུ་མཐུད་དུ་གཞུང་གི་ལས་དོན་རྒྱུན་སྐྱོང་གནང་དགོས་ཀྱང་། བར་བརྒལ་གྱི་གཞུང་ལྟ་བུ་ཆགས་ཡོད་དུས་ཁྲིམས་དང་སྲིད་ཇུས་གསར་པ་བཟོ་རྒྱུ་སོགས་ཀྱི་སྐུ་དབང་མེད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

Follow the final results in every constituency on our interactive map.

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ཧྥ་རན་སིའི་གྲོས་ཚོགས་ཀྱི་འོས་བསྡུ་རིམ་པ་དང་པོའི་སྐབས། ཧྥ་རན་སིའི་གཡས་ཕྱོགས་ཆབ་སྲིད་ཚོགས་པ་ལ་དེ་སྔ་བྱུང་མ་མྱོང་བའི་རྒྱལ་ཁ་ཐོབ་པར་བརྟེན། ཐེངས་འདིའི་འོས་བསྡུའི་རྒྱལ་ཁ་གཡས་ཕྱོགས་ཆབ་སྲིད་ཚོགས་པར་འཐོབ་རྒྱུའི་ཚོད་དཔག་བྱས་ཡོད་ཀྱང་། འོས་བསྡུའི་རིམ་པ་གཉིས་པའི་སྐབས། གཡས་ཕྱོགས་ཆབ་སྲིད་ཚོགས་པར་ཕམ་ཁ་བྱུང་བར་བརྟེན། མི་མང་དང་དཔྱད་ཞིབ་པ་མང་པོ་ཞིག་ཧང་སངས་དགོས་བྱུང་ཡོད་འདུག

ད་ལྟའི་ཆར་ཧྥ་རན་སིའི་གྲོས་ཚོགས་ལ་ཞབས་སྟེགས་ཁྱོན་ ༥༧༧ ཡོད་པའི་ཁྲོད་ནས་རྒྱལ་ཡོངས་མཐུན་གྲོགས་ཚོགས་པར་ (National Rally and allies) འོས་གྲངས་ ༡༤༣ དང་། མཐུན་འབྲེལ་ཚོགས་པར་ (Ensemble alliance) འོས་གྲངས་ ༡༦༣། མི་མང་དཔུང་ཁག་གསར་པའི་ཚོགས་པ་(New Popular Front) ལ་འོས་གྲངས་ ༡༨༢ ཐོབ། གཞན་གཡས་ཕྱོགས་ཀྱི་ཚོགས་པ་ལ་འོས་གྲངས་ ༦༨། གཡོན་ཕྱོགས་ཀྱི་ཚོགས་པ་ལ་འོས་གྲངས་ ༡༡། ཚོགས་པ་གཞན་ལ་འོས་གྲངས་ ༡༠ ཐོབ་ཡོད་པར་བརྟེན། ཆབ་སྲིད་ཚོགས་པ་གསུམ་མཉམ་འབྲེལ་གྱིས་གཞུང་ཞིག་འཛིན་སྐྱོང་བྱ་རྒྱུའི་གྲོས་མོལ་བྱེད་བཞིན་ཡོད་འདུག་ལ།  ཕྱི་ལོ་ ༡༩༥༨ ནས་བཟུང་ཕྱི་ལོ་ ༡༩༨༦ དང་ཕྱི་ལོ་ ༡༩༩༣། ཕྱི་ལོ་ ༡༩༩༧ ལོར་ཆབ་སྲིད་ཚོགས་པ་མི་འདྲ་བ་གཉིས་ཀྱིས་སྲིད་འཛིན་དང་སྲིད་བློན་གྱི་ཕྱག་ལས་མཉམ་དུ་འཁུར་མྱོང་ཡོད་འདུག

ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུའི་སྐབས་སུ་ཕྱིའི་མི་རིགས་ལ་ལྟ་ཚུལ་དང་ལངས་ཕྱོགས་ཐད་དམ་དྲག་བྱེད་ཀྱི་ཡོད་པར་བརྟེན། ཧྥ་རན་སི་རྒྱལ་ཡོངས་གཅིག་སྒྲིལ་ཚོགས་པ་ལ་འོས་ཤོག་ཚད་མཐོ་པོ་ཐོབ་ཡོད་པར་བརྟེན། སྲིད་འཛིན་མེ་ཁོ་རོན་མཆོག་གི་དམིགས་བསལ་སྐུ་དབང་བེད་སྤྱད་དེ་ཧྥ་རན་སིའི་གྲོས་ཚོགས་འོག་མ་མཁོ་བསྡུ་གནང་སྟེ། ཕྱི་ཟླ་ ༦ ཚེས་ ༣༠ ཉིན་སྔོན་འགྲོའི་འོས་བསྡུ་གནང་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༧ ཉིན་དངོས་གཞིའི་འོས་བླུགས་ཏེ།  ཧྥ་རན་སིའི་རྒྱལ་ཡོངས་མཐུན་གྲོགས་ (National Rally and allies) ཚོགས་པར་འོས་གྲངས་ ༡༤༣ དང་། མཐུན་འབྲེལ་ཚོགས་པར་ (Ensemble alliance) འོས་གྲངས་ ༡༦༣། མི་མང་དཔུང་ཁག་གསར་པའི་ (New Popular Front) ཚོགས་པ་ལ་འོས་གྲངས་ ༡༨༢ ཐོབ་ཡོད་འདུག ཐེངས་འདིའི་འོས་བསྡུའི་ཁྲོད་གཡས་ཕྱོགས་གཞུང་འཛིན་ཚོགས་པ་ཕམ་པ་དང་གཡོན་ཕྱོགས་ཆབ་སྲིད་ཚོགས་པར་གཞུང་འཛིན་གྱི་འོས་གྲངས་མ་ཟིན་པའི་ཁར། ཟླ་འདིའི་ཕྱི་ཚེས་ ༢༦ ནས་ཕྱི་ཟླ་ ༨ ཚེས་ ༡༡ བར་ཧྥ་རན་སིར་ཨོ་རྩལ་འགྲན་ཚོགས་བསྡུ་ལ་ཉེ་བའི་གནད་འགག་གི་དུས་སྐབས་ཤིག་ལའང་ཁེལ་ཡོད་པ་རེད།

གསར་འགོད་པ།་བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese