མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་ཡུལ་གྱི་སྲིད་བློན་གསར་པ་ཀི་ཡ་སི་ཊ་མིར་མཆོག་ལ་བོད་མི་ཡོངས་ཀྱི་ཚབ་བྱས་ནས་འཚམས་འདྲི་དང་སྦྲགས་མུ་མཐུད་བོད་དོན་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དབྱིན་ཡུལ་གྱི་སྲིད་བློན་གསར་པ་ཀི་ཡ་སི་ཊ་མིར་མཆོག

ཁ་སང་ཕྱི་ཚེས་ ༡༠  ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་ཡུལ་གྱི་སྲིད་བློན་གསར་པ་སྐུ་ཞབས་ཀི་ཡ་སི་ཊ་མིར་ (Keir Starmer)མཆོག་ལ་འཚམས་འདྲི་གནང་བའི་ནང་། སྲིད་བློན་མཆོག་གིས་སྣེ་འཁྲིད་པའི་ཆབ་སྲིད་ཚོགས་པའི་འབྱུང་འགྱུར་གྱི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་འདུག

དེ་ཡང་སྲིད་སྐྱོང་མཆོག་གི་འཚམས་འདྲིའི་ནང་། དབྱིན་ཡུལ་གཞུང་དམངས་གཉིས་ནི་དུས་ཡུན་རིང་པོར་བོད་དང་བོད་མིར་རྒྱབ་སྐྱོར་དང་སེམས་ཁུར་གནང་མཁན་ཞིག་ཡིན། ང་ཚོས་དུས་རབས་བཅོ་བརྒྱད་པ་ཙམ་ནས་བོད་དང་དབྱིན་ཡུལ་བར་རིག་གཞུང་དང་ཚོང་དོན་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་ལམ་བཟང་པོ་ལ་ཡིད་སྨོན་བྱེད་ཀྱི་ཡོད་ལ། རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་བྱས་རྗེས། དབྱིན་ཡུལ་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ལ་ཐུགས་འཚབ་ཆེན་པོ་གནང་ཡོད། ཅེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། སྐུ་ཉིད་ཀྱིས་དབུ་ཁྲིད་བཟང་པོའི་ལམ་སྟོན་གྱི་འོག་ནས་དེང་སྐབས་བོད་ནང་དུ་འབྱུང་མུས་ཡིན་པའི་གནད་དོན་ཐད་ལ་གཟིགས་ཞིབ་དང་རྒྱབ་སྐྱོར་གནང་རྒྱུར་ཡིད་ཆེས་བརྟན་པོ་ཡོད། དབྱིན་ཡུལ་གཞུང་གིས་བོད་མིའི་རྩ་དོན་དང་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་བ་དེས། ཕྱོགས་གཉིས་ཀྱི་དྲང་བདེན་དང་རང་དབང་འཐབ་རྩོད་བྱེད་པར་སྔར་མེད་ཀྱི་ཟིལ་མདངས་ཤིག་གནང་བར་གོར་མ་ཆག ཅེས་དང་། སྐུ་ཉིད་ཀྱིས་དབྱིན་ཡུལ་གྱི་སྲིད་བློན་གནང་བར་ལས་དོན་མཐའ་དག་ལམ་ལྷོངས་དང་། ང་ཚོས་ཁྱེད་ཀྱི་ལམ་སྟོན་བཟང་པོའི་འོག་ནས་དབྱིན་ཡུལ་རྒྱལ་ཁབ་དེ་སྔར་ལས་ཀྱང་དར་རྒྱས་གོང་འཕེལ་དུ་འགྲོ་བའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཅེས་གསུངས་འདུག

སྐུ་ཞབས་ཀི་ཡ་སི་ཊ་མིར་མཆོག་ནི་ཕྱི་ལོ་ ༡༩༦༢ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌན་དུ་འཁྲུངས་ཤིང་། གཞི་རིམ་དང་འབྲིང་རིམ་གྱི་སློབ་གཉེར་ཟིན་རྗེས། དབྱིན་ཡུལ་གྱི་ལི་ཌི་གཙུག་ལག་སློབ་གཉེར་ཁང་(University of Leeds) དང་ཨོ་སི་ཧྥོ་ཌི་གཙུག་ལག་སློབ་གཉེར་ཁང་སོགས་ནས་ཁྲིམས་ལུགས་ཐོག་སློབ་གཉེར་གནང་། ཁོང་ཉིད་ཕྱི་ལོ ༢༠༡༥ དང་། ༢༠༡༧ ། ༢༠༡༩ བཅས་ཀྱི་འོས་བསྡུ་རིམ་པའི་ཁྲོད་དབྱིན་ཡུལ་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་འདུག་ལ། ཕྱི་ལོ་ ༢༠༢༤ ལོའི་དབྱིན་ཡུལ་གྱི་སྲིད་བློན་གྱི་འོས་བསྡུ་ཆེན་མོ་དེ་ཟླ་འདིའི་ཕྱི་ཚེས་ ༤ ཉིན་བྱས་ཡོད་ཅིང་།  དབྱིན་ཡུལ་གྲོས་ཚོགས་སུ་རྐུབ་སྟེགས་ ༦༥༠ ཡོད་པའི་ཁྲོད། ངལ་རྩོལ་སྲིད་དོན་ཚོགས་པའི་སྐུ་ཞབས་ཀི་ཡ་སི་ཊ་མིར་ལགས་རྐུབ་སྟེགས་ ༤༡༡ ཐོབ་སྟེ། རྙིང་ཞེན་སྲིད་དོན་ཚོགས་པའི་མགོ་ཁྲིད་དང་རྒྱ་གར་པན་ཇབ་ནས་ཡིན་པའི་སྐུ་ཞབས་སྲིད་བློན་ཟུར་པ་རཱི་ཤེ་སའོ་ནག་ལགས་དང་། དམངས་གཙོ་གུ་ཡངས་( Liberal Democrats) སྲིད་དོན་ཚོགས་པའི་སྐུ་ཞབས་ཌ་ཝེ་གཉིས་ལས་རྣམ་པར་རྒྱལ་ཡོད་འདུག་ལ། སྲིད་བློན་རྒྱལ་ཁ་ཐོབ་པར་ཉུང་མཐར་རྐུབ་སྟེགས་ ༣༢༦ འཐོབ་དགོས་ཀྱི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༦ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༦ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese