མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གི་ནག་ཉེས་ཐེར་འདོན་གྱི་ཁྲིམས་ར་འཚོག་གི་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

ནི་ཐར་ལེན་ཌིའི་གྲོང་ཁྱེར་ཧེག་ (Hague) ནང་དུ་རྟེན་གཞི་བྱས་པའི་འཛམ་གླིང་མི་སེར་ཁྲིམས་ཁང་ (The Court of the Citizen of the World) གིས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་མང་པོ་ཆེད་འཛུགས་བྱས་ཡོད་པ་དང་བཙོན་ཁང་དུ་མནར་གཅོད་ཚད་མེད་གཏོང་གི་ཡོད་པ་སོགས་ཀྱི་ནག་ཉེས་རྣམས་ཐེར་འདོན་གྱི་ཁྲིམས་ར་འཚོག་གི་འདུག

ནི་ཐར་ལེན་ཌིའི་གྲོང་ཁྱེར་ཧེག་ཏུ་ཞི་ཅིན་ཕིན་གྱི་ནག་ཉེས་ཐད་འབྲེལ་བའི་ཁྲིམས་ར་འཚོག་བཞིན་པ། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༧ ནས་ ༡༢ བར་དུ་འཛམ་གླིང་མི་སེར་ཁྲིམས་ཁང་གིས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གི་ནག་ཉེས་ཐད་ཁྲིམས་ར་འཚོག་མུས་ཡིན་འདུག་ལ། ཁྲིམས་རའི་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་། ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས། ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་སོགས་གཙོ་བོར་གྱུར་བའི་བོད་མི་ཁག་ཅིག་མཉམ་ཞུགས་བྱས་ཡོད་འདུག་ལ། ཁྲིམས་ཞིབ་སྐབས་རྒྱ་རིགས་དང་། ཐའེ་ཝན། ཡུ་གུར་བ་སོགས་ཀྱི་དམངས་གཙོ་དོན་གཉེར་བ་ཁག་ཅིག་ཀྱང་མཉམ་ཞུགས་གནང་ཡོད་འདུག

ད་ལན་གྱི་ཁྲིམས་རའི་སྐབས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གིས་བོད་ནང་དུ་འགྲོ་བ་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་། ཐའེ་ཝན་ནང་དྲག་གནོན་བྱེད་བཞིན་པ། དེ་བཞིན་ཡུ་གུར་བའི་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་གཏོང་བ། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་རྩིས་མེད་རྡོག་རོལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་པ་མྱོང་བ་དངོས་ཀྱི་ཐོག་ནས་ཐེར་འདོན་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༣ པའི་ནང་ཨ་རིའི་གཞུང་གིས་རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་དང་ཡུ་གུར་བ་རྣམས་ལ་དྲག་གནོན་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། བོད་ནང་གི་བོད་མིར་དམ་དྲག་དང་ལྟ་སྲུང་ནན་པོ་བྱེད་བཞིན་པ། ཧོང་ཀོང་ནང་གཞི་རྩའི་རང་དབང་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་འགྲོ་འོང་བཀག་སྡོམ་སོགས་བྱེད་ཀྱི་ཡོད་པར་བརྟེན། ཨ་རིའི་གཞུང་གིས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་སྲིད་དོན་ཉེས་ཆད་བཏང་སྟེ། ཨ་རིར་ཡོང་བར་བཀག་སྡོམ་བྱས་ཡོད་འདུག

Some say Mr Xi has capitalised on the crackdown to gain a political advantage

ཕྱི་ལོ་ ༢༠༢༡ ཟླ་ ༡༡ ནང་ཡུ་རོབ་མཐུན་ཚོགས་ཀྱིས་ཤར་ཊུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་གནད་དོན་དང་འབྲེལ་ནས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་སྲིད་དོན་ཉེས་ཆད་བཏང་ཡོད་འདུག་ལ། ཨ་རིའི་གཞུང་གིས་རྒྱ་ནག་གི་འཕྲུལ་ལས་དང་འབྲེལ་བའི་ཚོང་ལས་ཁང་ ༡༢ ཙམ་ཚོང་འབྲེལ་བྱེད་མཚམས་བཞག སྐབས་དེར་ཡུ་རོབ་མཐུན་ཚོགས་ཀྱིས་ཨ་རི་དང་ཁེ་ན་ཌ། དབྱིན་ཡུལ་བཅས་ཀྱི་ཤར་ཊུར་ཀི་སི་ཐན་སྤྱི་དམངས་བདེ་འཇགས་ལས་ཁུངས་ཀྱི་འགན་འཛིན་ཁྲིན་མིང་གོ་ (Chen Mingguo) དང་། ཤར་ཊུར་ཀི་སི་ཐན་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ཟུར་པ་ཀྲུའུ་ཧའེ་ལུན་ (Zhu Hailun) གཙོས་ལས་བྱེད་རྒན་པ་ཝང་ཅིན་ཀྲིན་ (Wang Junzheng)། ཝང་མིང་ཧྲན་ (Wang Mingshan)  བཅས་རྒྱ་ནག་གི་དཔོན་རིགས་བཞི་དང་། ཤིན་ཅང་བཟོ་སྐྲུན་དང་འཛུགས་སྐྲུན་སྤྱི་བདེ་ལས་ཁུངས་ (Xinjiang Production and Construction Corps Public Security Bureau) ལ་སྲིད་དོན་ཉེས་ཆད་བཏང་སྟེ། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་བྱ་སྤྱོད་མཚམས་འཇོག་མ་བྱས་བར་དུ་ཡུ་རོབ་ནང་ཡོང་མི་ཆོག་པ་བཟོས་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

སྐར་མ ༡༡ སྔོན་ལ།
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese